རྩྭ་ཐང་བུ་མོའི་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལྕམ་སྲིང་ལྷུག་རྩོམ་འགྲན་བསྡུར་སྐབས་གཉིས་པའི་གཟེངས་བསྟོད་བྱེད་སྒོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »རྩྭ་ཐང་བུ་མོའི་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལྕམ་སྲིང་ལྷུག་རྩ
རྩྭ་ཐང་བུ་མོའི་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལྕམ་སྲིང་ལྷུག་རྩོམ་འགྲན་བསྡུར་སྐབས་གཉིས་པའི་གཟེངས་བསྟོད་བྱེད་སྒོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-02-04ལྟ་ཀློག (9290)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལྕམ་སྲིང་ལྷུག་རྩོམ་འགྲན་བསྡུར་སྐབས་གཉིས་པའི་གཟེངས་བསྟོད་བྱེད་སྒོའི་གནས་ཚུལ་གནད་བསྡུས།

    拉加草原女子学校毕业生第二届《姐妹散文比赛》表彰活动

    ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༢པའི་ཚེས་༢ཉིན་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་སྤྱི་ལོ་༢༠༡༩ནས་བཟུང་མཐར་ཕྱིན་སློབ་མར་དམིགས་ཏེ་ལོ་རེར་རྒྱུན་ཆགས་སུ་བསྒྲུབས་ཀྱིན་པའི་ལྕམ་སྲིང་ལྷུག་རྩོམ་འགྲན་བསྡུར་སྐབས་གཉིས་པའི་གཟེངས་བསྟོད་བྱེད་སྒོ་རྭ་རྒྱའི་གླིང་དཀར་དྭངས་རྩེ་གཙུག་ལག་རིག་གནས་དཔེ་ཤག་ཏུ་བསྡུས། ཚོགས་ཐོག་ཏུ་རང་རེའི་སློབ་གྲྭའི་སློབ་གཙོ་རྒན་ཤར་པང་བཀྲ་ཤིས་ཚེ་རིང་ལགས་དང་རྒན་བློ་བཟང་ཚེ་རིང་། རྒན་སུ་རུག་སྒྲོལ་མ་སྐྱབས། རྒན་ཁྱུང་མོ་མཚོ་སོགས་དགེ་རྒན་དུ་མ་འདུས། ད་དུང་ཐེངས་འདིའི་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་སློབ་གྲོགས་བཅུ་གྲངས་ལྷག་ཅིག་ཆེད་བོས་ཀྱིས་གདན་འཛོམས་བྱུང་།

       རྒན་ཤར་པང་བཀྲ་ཤིས་ཚེ་རིང་ལགས་ཀྱི་གཏམ་བཤད་ཀྱིས་བྱ་འགུལ་གྱི་དབུ་བཟུང་ཞིང་ཁོང་གིས་སྤྱིར་ད་ལྟའི་བོད་ཀྱི་བུ་མོའི་སློབ་གསོའི་སྤུས་ཚད་དང་སྐྱ་ཆད་སྔོ་སྡུག་ལྟ་བུའི་ཉམ་ཐག་གི་གནས་བབ། སྒོས་བུད་མེད་རྩོམ་རིག་གི་མཁའ་དབུགས་ཉིད་བརྗོད་སྙིང་གི་སྲོག་ཤིང་དུ་བཟུང་སྟེ་གསུང་གླེང་ཟབ་ཅིང་རྒྱས་པ་སྤྲོས་ཤིང་། རང་རེའི་སློབ་གྲྭའི་ལྕམ་སྲིང་ལྷུག་རྩོམ་འགྲན་བསྡུར་འདི་ཉིད་ཐོག་མར་ཇི་ལྟར་དབུ་བརྩམས་ཚུལ་ནས་བར་དུ་ཇི་ལྟར་གཉོམ་ལག་བསྐྱངས་ཚུལ། ད་ལྟའི་དུས་སུ་མ་འོངས་འབྱུང་འགྱུར་ལ་ཇི་ལྟར་དམིགས་འབེན་གཏད་ཚུལ་སོགས་སློབ་གྲྭ་ཕྱི་ནང་གཉིས་སུ་ཁ་ཕྱོགས་པའི་དམིགས་ཡུལ་དང་དགོས་པ་ལས་འཕྲོས་ཏེ་གསུང་གླེང་ཤིན་ཏུ་བློ་བསྐྱེད་བདོག་པ་མང་དུ་བསྩལ། དེར་འབྲེལ་རྒན་བློ་བཟང་ཚེ་རིང་དང་རྒན་སུ་རུག་སྒྲོལ་མ་སྐྱབས་སོགས་ཀྱིས་ཀྱང་ཁ་བརྡའི་གསུང་གླེང་བསྩལ།

     མཐར་ཕྱིན་སྐབས་བཞི་པའི་སློབ་གྲོགས་རྟ་མགྲིན་མཚོ་དང་སློབ་གྲོགས་ཚེ་མཚོ་རྒྱལ། སྐབས་དྲུག་པའི་སློབ་གྲོགས་མཁའ་འགྲོ་དང་སྐབས་བརྒྱད་པའི་སློབ་གྲོགས་རིག་བྱེད་སྒྲོལ་མ་སོགས་ཀྱིས་སོ་སོའི་རྩོམ་འབྲིའི་ལང་ཚོའི་ནར་སོན་གོ་རིམ་དུ་ཤུགས་རྐྱེན་ནམ་བག་ཆགས་ཟབ་ཤོས་ཀྱི་གཏམ་རྒྱུད་དང་སྦྱར་ཏེ་རང་རང་ད་ལྟའི་སློབ་སྦྱོང་གི་གནས་བབ། འབྱུང་འགྱུར་རིག་པ་འདི་ཉིད་ཇི་ལྟར་དོན་དུ་གཉེར་ཚུལ་ཐད་དུ་ཁ་བརྡའི་བསམ་ཚུལ་མོད་པོ་བཏོན་ཞིང་གཏམ་གླེང་རྒྱས་པར་བྱས།

         དེར་མཐུད་རྒན་ཤར་པང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཐེངས་འདིའི་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་གི་ཨང་རིམ་ཁྱབ་བསྒྲགས་བགྱིས་ཤིང་མཐར་ཕྱིན་སྐབས་གཉིས་པའི་སློབ་གྲོགས་མཁའ་མོ་རྒྱལ་ལགས་ཀྱི་བརྩམས་ཆོས་ ༼ ས་ག་ཟླ་བ། ༽ ཞེས་པར་ཨང་དང་པོའི་བྱ་དགའ་ཐོབ་ཅིང་གཟེངས་སྐྱེས་སུ་༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་པོད་བརྒྱད་ཀྱི་བདག་ཉིད་ཅན་དང་ཤེས་བྱ་ཀུན་ཁྱབ་པོད་གསུམ་གྱི་བདག་ཉིད་ཅན། གཟི་བརྗིད་དཔང་ཡིག་བཅས་ཁྱོན་བླུ་ཡོན་དམངས་སྒོར་དྲུག་བརྒྱ་ལྷག་རི་བའི་བྱ་དགའ་བསྩལ།

      མཐར་ཕྱིན་སྐབས་བཞི་པའི་སློབ་གྲོགས་ཚེ་མཚོ་རྒྱལ་ལགས་ཀྱི་བརྩམས་ཆོས་༼  བུ་མོའི་ལང་ཚོ་ལ་རིན་ཐང་དགོས་ན་སློབ་སྦྱོང་མ་དོར།  ༽ཞེས་དང་མཐར་ཕྱིན་སྐབས་བཞི་པའི་སློབ་གྲོགས་རྟ་མགྲིན་མཚོ་ལགས་ཀྱི་བརྩམས་ཆོས་༼  བྲེལ་འཚུབ་ཀློང་གི་ཕྱིར་མིག   ༽ཅེས་པར་ཨང་གཉིས་པའི་བྱ་དགའ་ཐོབ་ཅིང་གཟེངས་སྐྱེས་སུ་བོད་ཀྱི་ཡི་གེའི་རྣམ་བཤད་པོད་གཅིག་དང་ཤེས་བྱ་ཀུན་ཁྱབ་པོད་གསུམ་གྱི་བདག་ཉིད་ཅན། གཟི་བརྗིད་དཔང་ཡིག་བཅས་ཁྱོན་བླུ་ཡོན་དམངས་སྒོར་བཞི་བརྒྱ་ལྷག་རི་བའི་བྱ་དགའ་བསྩལ།

     མཐར་ཕྱིན་སྐབས་ལྔ་པའི་སློབ་གྲོགས་སྦར་བཟའ་དབང་ཆེན་མཚོ་ལགས་ཀྱི་བརྩམས་ཆོས་༼ ཚེ་སྲོག་གིས་གནང་བའི་ནོར་བུ། ༽ཞེས་དང་མཐར་ཕྱིན་སྐབས་དྲུག་པའི་སློབ་གྲོགས་འགྲོ་བཟང་སྐྱིད་ལགས་ཀྱི་བརྩམས་ཆོས་༼  སེམས་ཀྱི་གཏིང་རིམ་ན་གནས་པའི་ཡུལ་གྲུ  ༽ཞེས་པ། མཐར་ཕྱིན་སྐབས་དྲུག་པའི་སློབ་གྲོགས་ལྷ་མོ་ཡག་ལགས་ཀྱི་བརྩམས་ཆོས་༼   གྲོག་མ།  ༽བཅས་སུ་སོ་སོར་ཨང་གསུམ་པའི་བྱ་དགའ་ཐོབ་ཅིང་གཟེངས་སྐྱེས་སུ་༸མཉམ་མེད་ཙོང་ཁ་པ་ཆེན་མོའི་བྱང་ཆུབ་ལམ་རིམ་བོད་རྒྱ་ཤན་སྦྱར་མ་པོད་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན་དང་།   འགོས་ལོ་གཞོན་ནུ་དཔལ་མཆོག་གི་དེབ་ཐེར་སྔོན་པོ་པོད་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན། མངོན་བརྗོད་ཁུངས་བཙུན་རྒྱ་མཚོ་པོད་གཅིག  གཟི་བརྗིད་དཔང་ཡིག་བཅས་ཁྱོན་བླུ་ཡོན་དམངས་སྒོར་སུམ་བརྒྱ་ལྷག་རི་བའི་བྱ་དགའ་བསྩལ།

      མཐར་ཕྱིན་སྐབས་ལྔ་པའི་སློབ་གྲོགས་སྨྱུག་ལྷ་ལགས་ཀྱི་བརྩམས་ཆོས་༼   སེམས་ཀྱི་ཉི་ཟླ་ཟུང་  ༽ཞེས་དང་། མཐར་ཕྱིན་སྐབས་དྲུག་པའི་སློབ་གྲོགས་མཁའ་འགྲོ་ལགས་ཀྱི་བརྩམས་ཆོས་༼  དཔེ་ཀློག་གིས་ང་རང་ནར་སོན་དུ་བཅུག   ༽ཅེས་དང་མཐར་ཕྱིན་སྐབས་དྲུག་པའི་སློབ་གྲོགས་དཔོན་བཟའ་འབྲུག་མཚོ་ལགས་ཀྱི་བརྩམས་ཆོས་༼ ཞུམ་མེད་ཀྱི་གོམ་པའི་འདེགས་འཇོག  ༽ཅེས་པ།   མཐར་ཕྱིན་སྐབས་བརྒྱད་པའི་སློབ་གྲོགས་རིག་བྱེད་སྒྲོལ་མ་ལགས་ཀྱི་བརྩམས་ཆོས་༼  སློབ་མ་དང་སློབ་མའི་འཚོ་བ།  ༽ཞེས་བཅས་སོ་སོར་ཨང་བཞི་པའི་བྱ་དགའ་ཐོབ་ཅིང་གཟེངས་སྐྱེས་སུ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་ཚངས་སྲས་བཞད་སྒྲ་པོད་གཅིག་དང་རི་ཆུའི་རིག་གནས་རྨ་ཆེན་གནས་བཤད་པོད་གཅིག གཟི་བརྗིད་དཔང་ཡིག་བཅས་ཁྱོན་དམངས་སྒོར་བརྒྱ་དང་དྲུག་ཅུ་ལྷག་རི་བའི་བྱ་དགའ་བསྩལ།


     མཐར་ཕྱིན་སྐབས་བཞི་པའི་སློབ་གྲོགས་སྐལ་བཟང་མཚོ་ལགས་ཀྱི་བརྩམས་ཆོས་༼ དོ་ནུབ་ཀྱི་ངའི་དྲན་པ་གསོན་པོ་འདི།  ༽ཞེས་དང་། མཐར་ཕྱིན་སྐབས་དྲུག་པའི་སློབ་གྲོགས་ཆོས་སྒྲོལ་རྒྱལ་ལགས་ཀྱི་བརྩམས་ཆོས་༼  དཔེ་ཀློག་ནི་ཚེ་ནོམ་ཡིན།  ༽ཞེས་པ། མཐར་ཕྱིན་སྐབས་དྲུག་པའི་སློབ་གྲོགས་ཀུན་ཡངས་ལགས་ཀྱི་བརྩམས་ཆོས་༼   ཨ་མྱེས་ཨྱོན་བཟང་པོ།  ༽ཞེས་དང་། མཐར་ཕྱིན་སྐབས་དྲུག་པའི་སློབ་གྲོགས་གཡང་དཀར་ལགས་ཀྱི་བརྩམས་ཆོས་༼ དྲན་པ་དོད་པའི་ཕྱིར་དྲན།  ༽ཞེས་པ། མཐར་ཕྱིན་སྐབས་བདུན་པའི་སློབ་གྲོགས་སྒྲོལ་མ་སྐྱིད་ལགས་ཀྱི་བརྩམས་ཆོས་༼  མི་ཚེའི་བཤུལ་ལམ།  ༽ཞེས་བཅས་སོ་སོར་རྟིང་སྐུལ་བྱ་དགའ་ཐོབ་ཅིང་གཟེངས་སྐྱེས་སུ་རྒྱལ་རབས་གསལ་བའི་མེ་ལོང་པོད་གཅིག་དང་རི་ཆུའི་རིག་གནས་རྨ་ཆེན་གནས་བཤད་པོད་གཅིག  མི་ལ་རས་པའི་རྣམ་ཐར་པོད་གཅིག གཟི་བརྗིད་དཔང་ཡིག་བཅས་ཁྱོན་བླུ་ཡོན་དམངས་སྒོར་བརྒྱ་དང་ཉི་ཤུ་ལྷག་རི་བའི་བྱ་དགའ་བསྩལ་ཏེ་མཇུག་ཏུ་དེར་འདུས་དགེ་རྒན་རྣམ་པ་དང་ཡུལ་ངོས་སུ་འབྱོར་བའི་བྱ་དགའ་ཐོབ་མཁན་སློབ་གྲོགས་བཅུ་གྲངས་ཤིག  ད་དུང་གཟེངས་བསྟོད་བྱེད་སྒོར་མཉམ་ཞུགས་བགྱིས་པའི་སློབ་གྲོགས་གཞན་དག་ལྷན་མཉམ་པར་བསྒྲོན་ཞིང་བཀྲ་ཤིས་པའི་ཚིག་གི་བརྗོད་པས་མཐའ་དྲངས་ཏེ་མཇུག་ཕུན་སུམ་ཚོགས་པར་བསྒྲིལ་བ་ལགས་སོ།།

མཉམ་པར་བསྐྱོན་པ།

 གསར་འགོད་པ།  གཡོན་གཞིས་ནོར་སྟོབས་ཀྱིས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23568634
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།