མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སྡེ་ཁག་གི་ཕྱི་མིག་དང་རྒྱང་ལྟ་སྟེ་སྟོན་པའི་ན་བཟའ་གྱོན་ཡང་སྔར་བཞིན་ནུས་པ་འདོན་ས་མང་པོ་འདུག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སྡེ་ཁག་གི་ཕྱི་མིག་དང་རྒྱ
མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སྡེ་ཁག་གི་ཕྱི་མིག་དང་རྒྱང་ལྟ་སྟེ་སྟོན་པའི་ན་བཟའ་གྱོན་ཡང་སྔར་བཞིན་ནུས་པ་འདོན་ས་མང་པོ་འདུག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-02-02ལྟ་ཀློག (4537)རྩོམ་ཁུངས: ཀྲུང་གོའི་གསར་འགྱུར་ཁང་།པར་འདེབ།

མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སྡེ་ཁག་གི་ཕྱི་མིག་དང་རྒྱང་ལྟ་སྟེ་སྟོན་པའི་ན་བཟའ་གྱོན་ཡང་སྔར་བཞིན་ནུས་པ་འདོན་ས་མང་པོ་འདུག

གསར་འགོད་པ།  ཀྲང་ཐེན་ཧྥུའུ།   

2021.01.29 ཉིན་ཀྲུང་གོའི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ།


     གྲྭ་བཙུན་འཇིགས་མེད་རྒྱལ་མཚན་ལགས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་ཡོད་དེ། ཁོང་ཡང་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་དཀྱུས་མ་ཞིག་སྟེ་བླ་སྤྲུལ་སོགས་གང་ཡང་མ་ཡིན་པའི་ཨུ་ཡོན་ཉུང་ཤོས་ཀྱི་གྲས་ཡིན།

    ཡིན་ན་ཡང་ཁོང་གི་མཚན་སྙན་གྲགས་ཕྱོགས་བཞིར་རྒྱས་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོའི་ཐོབ་ཐང་གླེང་ཡོང་དུས་ཁོང་གི་ཡིད་སེམས་གཟི་བརྗིད་ཀྱིས་གཏོས་ཡོད།

     དུས་རབས20པའི་ལོ་རབས70པ་ནི་འཇིགས་མེད་རྒྱལ་མཚན་ལགས་སློབ་གྲྭར་འགྲིམ་པའི་དུས་སྐབས་ལ་ཁེལ་ཡོད་ཅིང་། ཁོང་གིས“སྐབས་དེར་ང་རང་སློབ་གྲྭ་འགྲིམ་པར་རེ་སྒུག་གིས་ཁེངས་ཡོད། འབྲོག་པའི་བུ་ཕྲུག་རྣམས་ལ་མཚོན་ན། སློབ་གྲྭར་འགྲིམ་པ་དཀའ་ཁག་ཆེ་བའི་དོན་ཞིག་ཡིན་ལ། ད་ལྟ་ཡང་སློབ་ལོ་རན་པའི་བྱིས་པ་མང་པོ་ཞིག་སློབ་གྲྭའི་སྒོ་ཕྱི་ན་ལུས་ཡོད”ཅེས་གསུངས།

     ཡིན་ན་ཡང་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལ་མཚོན་ན་ཁོང་གིས་གསུངས་རྒྱུར“ང་ནི་འབྲོག་པའི་བྱིས་པ་དག་གི་ཁྲོད་དུ་ལས་བསོད་ནམས་ཅན་ཞིག་རེད། ང་རང་ཟི་ལིང་ནས་སློབ་གྲྭ་འགྲིམས་ཐུབ་པ་བྱུང་བ་མ་ཟད། རྒྱལ་ས་པེ་ཅིང་ནས་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་འགྲིམ་པའི་སྐལ་བ་ཡང་བྱུང་།”

     དམངས་སྒྲུབ་སློབ་གྲྭ་འཛུགས་པར་མ་དངུལ་མང་བོ་དགོས་པ་རེད། མ་དངུལ་བསྡུ་དུས་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བོད་ཁུལ་དུ་ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་གསར་སྤེལ་རིན་ཐང་མཐོ་བའི་ཐོན་ཁུངས་མོད་པོ་ཡོད་པ་ཤེས་རྟོགས་བྱུང་ཞིང་། ཁོང་གིས་མི་དམངས་མང་ཚོགས་ལ་ཆེད་ལས་ཅན་གྱི་མཉམ་ལས་ཁང་འཛུགས་པའི་སྐུལ་ལྕག་གནང་སྟེ། དཔེར་ན་བལ་ཁུལ་གྱི་ཐོན་རྫས་ལས་སྣོན་དང་། འབྲི་མོའི་འོ་མའི་ཐོན་རྫས་ཁྱབ་གདལ། དབྱར་རྩྭ་དགུན་འབུ་ཕྱིར་འཚོང་སོགས་མང་ངོ་། །

     དེང་གི་ཆར། སློབ་གྲྭར་འགྲིམ་དཀའ་བའི་དོན་དེ་ལོ་རྒྱུས་ཀྱི་འདས་དོན་ཞིག་ཏུ་གྱུར་ཡོད། ཡིན་ན་ཡང་དགུང་ལོ་ལྔ་བཅུར་སླེབས་པའི་འཇིགས་མེད་རྒྱལ་མཚན་ལགས་ལ་མཚོན་ན་ད་དུང་ཡང་འབད་བརྩོན་ལྷོད་མེད་གནང་མས་སུ་མཆིས།“མཐོ་སྒང་གི་འབྲོག་ཁུལ་དུ་ལས་རིགས་གསར་གཏོད་བྱེད་པ་ལ་ས་གནས་རང་བཞིན་གྱི་ཤེས་བྱ་དང་ཟུང་འབྲེལ་གྱིས་ས་གནས་ལ་འཚམ་པའི་འཕེལ་རྒྱས་ཀྱི་ཐབས་ལམ་སྙེག་དགོས།”

    “ད་སྐབས་ཆོས་ལུགས་པའི་སྡེ་ནས་ཐོན་པའི་སྲིད་གྲོས་ཨུ་ཡོན་རྣམས་རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་ལ་ཞུགས་ཀྱིན་འདུག”སྤྱི་ལོ2021ལོར། ཀྲུང་གོ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པའི་རྒྱང་སྐྱོད་ལམ་བུ་གསར་བའི་འགོ་བརྩམས་ཡོད་ལ། འཇིགས་མེད་རྒྱལ་མཚན་ལགས་ནས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པས་འདི་ལ་སྣེ་ཁྲིད་པར་རེ་ལྟོས་འཆང་བཞིན་ཡོད།“ང་རང་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།”

    མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གསུངས་རྒྱུར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཆོས་ལུགས་ཨུ་ཡོན་གྱིས་འགན་རང་འཁུར་དང་། དམངས་ལ་འབྲེལ་འདྲིས་བྱེད་པ་བཅས་བྱས་ནས་ཆོས་ལུགས་ལས་དོན་དོ་དམ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་སྐུལ་སོགས་ཕྱོགས་ཡོངས་ནས་ནུས་པ་མི་དམན་པ་བཏོན།

     མཚོ་སྔོན་རོང་བོ་དགོན་ཆེན་གྱི་ཤར་སྐྱབས་མགོན་བསྟན་འཛིན་འཇིགས་མེད་ལགས་ཀྱིས་རང་ཉིད་བོད་བརྒྱུད་ནང་བསྟན་དགོན་པ་དང་། རྒྱ་བརྒྱུད་ནང་བསྟན་དགོན་པ། དབྱི་སི་ལན་ཆོས་ལུགས་དགོན་པ་བཅས་ལྷན་དུ་ཡོད་སའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་རོང་བོ་མཁར་རྙིང་དུ་འཚར་ལོངས་བྱུང་བར་གསུངས།

     “རོང་བོའི་མཁར་རྙིང་ཡོད་ས་དེ་སྔར་རོང་བོ་དགོན་ཆེན་གྱི་ས་ཆའི་ཁུངས་གཏོགས་ཡིན་ལ།”ཤར་སྐྱབས་མགོན་བསྟན་འཛིན་འཇིགས་མེད་ལགས་ཀྱིས་བགྲང་བྱ་བརྒྱ་ཕྲག་གི་སྔོན་གྱི་ལོ་རྒྱུས་ལ་ཕྱི་མིག་འཕངས་ཏེ། “དེ་ནི་ཤར་སྐྱབས་མགོན་སྐུ་ཕྲེང་དྲུག་པའི་ཐུགས་དགོངས་ལས་ཚོང་དཔོན་བརྒྱད་ཅུ་ས་དེར་བསྡུས་ཤིང་དཔལ་འབྱོར་ལ་སྐུལ་འདེད་བྱས་མཐར། ད་གཟོད་གནའ་རབས་ཚོང་ཁྲོམ་ཆེན་མོ་ཞིག་ཆགས་པ་རེད།”

      ཤར་སྐྱབས་མགོན་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གསུངས་པ་ལྟར་ན། རིགས་སོ་སོའི་ཚོང་དཔོན་རྣམས་ཀྱིས་ཚོང་གཉེར་བ་ལ་ཆོས་ལུགས་མི་གཅིག་པའི་དགོས་མཁོ་སྣ་ཚོགས་ཡོད་པས་རོང་བོ་མཁར་རྙིང་དུ་ཆོས་ལུགས་སྣ་མང་མཉམ་གནས་ཀྱི་རྣམ་པ་འདི་གྲུབ་ཅིང་། “དེ་གར་ཡོད་པའི་མི་རྣམས་ཀྱི་འབྲེལ་བ་ལེགས་པོར་གནས། ང་ཚོས་ཕན་ཚུན་ལ་ལོ་སར་གྱི་འཚམ་འདྲིའི་ཤིས་ཚིག་བསྒྲོན་ཞིང་། པྲོག་གསར་གློ་ཚད་རིམས་ནད་འཇགས་རྗེས་ང་ཚོར་ད་དུང་མཛའ་འབྲེལ་གནང་བའི་འཆར་གཞི་ཡོད།”

     “དེང་གི་ཆར་རྨ་ལྷོ་ཁུལ་གྱི་གྲོང་མཁར་འདི་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། རོང་འབྲོག་གི་ཐོན་རྫས་འབོར་ཆེན་སྔོག་འདོན་དང་། རོང་བོ་མཁར་རྙིང་འཛུགས་སྐྲུན་སོགས་ཀྱིས་མཚོན་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ་འདི་ནི་ང་ཚོ་ཐུན་མོང་གི་སེམས་འདུན་ཡིན”ཞེས་ནན་གྱིས་གསུངས།

      ཤར་སྐྱབས་མགོན་བསྟན་འཛིན་འཇིགས་མེད་ལགས་ཀྱིས་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་ལས་དོན་ཆེན་མོ་སྒྲུབ་དགོས་ཏེ། གཅིག་ནས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། ཕྱོགས་གཞན་ཞིག་ནས་མི་དམངས་ཀྱི་དེང་རབས་བསམ་བློའི་འདུ་ཤེས་སྐྱེད་སྲིང་བྱས་ཏེ་རྫོགས་ལྡན་གྱི་དུས་བཟང་མཉམ་སྤྱོད་ཐུབ་པར་བྱ་དགོས་ཞེས་གསུངས།

      “ང་ཚོས་རང་ཉིད་ནས་སྣེ་ཁྲིད་དེ་ཆོས་ལུགས་ནང་ཁུལ་གྱི་འཆམ་མཐུན་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། ཆོས་ལུགས་གཞན་པར་བརྩི་འཇོག་བྱེད་པར་ཡང་སྣེ་ཁྲིད་བྱེད་དགོས།”འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པ་སྟེ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་རོང་ཞུ་དགོན་པའི་སྤྲུལ་སྐུ་དགེ་འདུན་བཟང་པོ་ལགས་ནས“ཆོས་ལུགས་སྡེ་ཁག་གིས་ཆབ་སྲིད་ཀྱི་ངོས་ནས་རང་ཚུགས་ཐུབ་པ་དང་། ཆོས་ལུགས་ཀྱི་ཐད་དུ་མཁྱེན་རྒྱ་ཡངས་པ། ཀུན་སྤྱོད་གཙང་བས་དམངས་ཀྱི་ཡིད་དུ་འཐད་པ། གནད་འགག་གི་སྐབས་ལ་ནུས་པ་ཐོན་པ་བཅས་ཀྱི་ཁྱད་ཆོས་ལྡན་དགོས་པ་མ་ཟད། དད་ལྡན་མང་ཚོགས་དད་མོས་དང་སྤྱོད་ལམ་གྱི་ཐད་ནས་དྲང་ཕྱོགས་སུ་ཁྲིད་ཅིང་། བརྩོན་པ་ཡར་སྐྱེད་ཀྱིས་འབྱོར་ཕྱུག་གི་ལམ་བུར་བསྐྱོད་དུ་འཇུག་དགོས”ཞེས་གསུངས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23574011
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།