པེད་ཏིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »པེད་ཏིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར།
པེད་ཏིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-01-24ལྟ་ཀློག (3262)རྩོམ་ཁུངས: མཚོ་སྔོན་བོད་སྐད་དྲྭ་ཚིགས།པར་འདེབ།

པེད་ཏིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར།

 ཟླ་དང་པོའི་ཚེས་ཉི་ཤུ་ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་གྱི་རྒྱལ་ཚོགས་རི་བོ་ནས། པེད་ཏིན་གྱིས་ཨ་མེ་རི་ཁའི་སྐབས་ཞེ་དྲུག་པའི་ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོའི་སྟེང་གཏམ་བཤད།

 ཟླ་དང་པོའི་ཚེས་ཉི་ཤུ་ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་གྱི་རྒྱལ་ཚོགས་རི་བོ་ནས། པེད་ཏིན་གྱིས་ཨ་མེ་རི་ཁའི་སྐབས་ཞེ་དྲུག་པའི་ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོའི་སྟེང་དམ་བཅའ་འཇོག་བཞིན་པ།

     ཟླ་དང་པོའི་ཚེས་ཉི་ཤུ་ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་གྱི་རྒྱལ་ཚོགས་རི་བོ་ནས། པེད་ཏིན་གྱིས་ཨ་མེ་རི་ཁའི་སྐབས་ཞེ་དྲུག་པའི་ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོའི་སྟེང་གཏམ་བཤད།

  ཟླ་དང་པོའི་ཚེས་ཉི་ཤུ་ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་གྱི་རྒྱལ་ཚོགས་རི་བོ་ནས། ཧཱ་ལི་སི་ཡིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་དམ་བཅའ་བཞག་སྟེ་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པའི་འགན་ཁུར།



ཨ་མེ་རི་ཁའི་གསར་དུ་བདམས་པའི་ཙུང་ཐུང་།

  དམངས་གཙོ་ཏང་མི་པེད་ཏིན་གྱིས་ཚེས་ཉི་ཤུ་ཉིན་རྒྱལ་ས་ཝ་ཧྲིན་ཐོན་ནས་དམ་བཅའ་བཞག་སྟེ་ཨ་མེ་རི་ཁའི་སྐབས་ཞེ་དྲུག་པའི་ཙུང་ཐུང་གི་འགན་ཁུར། 

རྒྱལ་ཚོགས་རི་བོར་སྤེལ་བའི་ལས་འགན་ཁུར་བའི་མཛད་སྒོའི་སྟེང་། དགུང་ལོ་དོན་བརྒྱད་ཡིན་པའི་པེད་ཏིན་གྱིས་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་དབུ་བཞུགས་ཁྲིམས་དཔོན་ལོ་པའོ་ཚི་ཡི་སྣེ་ཁྲིད་འོག་དམ་བཅའ་བཞག ཁོས་དེའི་རྗེས་སུ་སྐར་མ་ཉི་ཤུ་ཙམ་གྱི་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁར་མིག་སྔར་པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་འགྲོ་བཞིན་ཡོད་པ་དང་། སྤྱི་ཚོགས་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། མ་ལག་རང་བཞིན་ལྡན་པའི་རིགས་རྒྱུད་རིང་ལུགས་ཀྱི་གནད་དོན་དང་། ནམ་ཟླའི་འགྱུར་ལྡོག་སོགས་ཉམས་ཉེན་དང་འགྲན་རྩོད་རབ་དང་རིམ་པ་བྱུང་ཡོད་ཟེར། པེད་ཏིན་གྱིས་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཆབ་སྲིད་ཐལ་སྤྱོད་རིང་ལུགས་དང་མི་དཀར་ཁྱད་འཕགས་རིང་ལུགས། རྒྱལ་ནང་གི་འཇིགས་སྐུལ་རིང་ལུགས་བཅས་ལ་ཆམ་ཕབ་གཏོང་རྒྱུའི་ཚུལ་བསྟན། 

ཨ་མེ་རི་ཁའི་གསར་དུ་བདམས་པའི་ཙུང་ཐུང་གཞོན་པ་ཧཱ་ལི་སི་ཡིས་ཀྱང་ཉིན་དེར་དམ་བཅའ་བཞག་སྟེ་ལས་འགན་ཁུར་ནས། ཨ་མེ་རི་ཁའི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ཐུང་གཞོན་པ་ཐོག་མར་གྱུར། 

རིམས་ནད་འགོག་བཅོས་བྱེད་པ་དང་དྲག་ཤུགས་དོན་རྐྱེན་སྔོན་འགོག་བྱེད་ཆེད། ཐེངས་འདིའི་ལས་འགན་ཁུར་བའི་མཛད་སྒོར་ཞུགས་པའི་མི་གྲངས་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་བཏང་ཡོད་ལ། རྟེན་འབྲེལ་ཞུ་བའི་ཁྲོམ་སྐོར་སོགས་སྲོལ་རྒྱུན་གྱི་བྱ་འགུལ་མང་བོ་སྐུད་ཐོག་ནས་སྤེལ་བའམ་རྩིས་མེད་དུ་བཏང་ཡོད། ཉིན་དེར་ཝ་ཧྲིན་ཐོན་དོགས་ཟོན་ནན་མོ་བྱས་ཡོད་ཅིང་། ཟུར་ལྔའི་ཐོག་ཁང་ཆེན་མོར་རྒྱལ་དམངས་ཉེན་སྲུང་རུ་ཁག་གི་དམག་མི་ཁྲི་གཉིས་དང་སྟོང་ལྔ་བཀོད་སྒྲིག་བྱས་ཏེ་བདེ་སྲུང་ལ་ཤུགས་སྣོན་པར་རོགས་འདེགས་བྱས་ཡོད། ཨ་མེ་རི་ཁའི་ཀྲིག་སོ་སོས་ཀྱང་ལང་ལོང་སྒོས་འབྱུང་སྲིད་པའི་དྲག་ཤུགས་དོན་རྐྱེན་ལ་སྔོན་འགོག་བྱེད་ཐབས་སྤྱད་ཡོད་པ་རེད། 

ཟླ་འདིའི་ཚེས་དྲུག་ཉིན། ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ལ་མི་འཐད་པའི་རྔམ་སྟོན་ཁྲོམ་སྐོར་མཁན་སྐོར་ཞིག་བཙན་ཤེད་ཀྱིས་ཨ་མེ་རི་ཁའི་རྒྱལ་ཚོགས་སུ་ཤོར་ཡོང་ནས། གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གིས་འདེམ་བསྐོའི་མཇུག་འབྲས་ལ་ངོས་ལེན་བྱེད་པའི་ལས་རིམ་ལ་བར་ཆད་བཟོས་པ་དང་། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར། ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཚེས་ཉི་ཤུ་ཉིན་གྱི་ལས་འགན་ཁུར་བའི་མཛད་སྒོའི་སྔོན། རྒྱལ་ཚོགས་ཐོག་ཁང་ཆེན་མོའི་ཉེ་འདབས་སུ་ཡོད་པའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་ལ་ཡང་བསྐྱར་འགས་གཏོར་འཇིགས་ཉེན་ཐེབས་ཡོད་པ་རེད། 

ཙུང་ཐུང་གི་ལས་འགན་བསྐྱུར་བའི་ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་ཆབ་སྲིད་སྲོལ་རྒྱུན་གཏོར་ནས་པེད་ཏིན་གྱིས་ལས་འགན་ཁུར་བའི་མཛད་སྒོར་མ་ཞུགས་པ་རེད། ཁོ་ཚེས་ཉི་ཤུ་ཉིན་གྱི་སྔ་མོར་ཕོ་བྲང་དཀར་པོ་དང་བྲལ་ནས་ཧྥོ་ལོ་ལི་ཏཱ་ཀྲིག་གི་ཧེ་ཧུའུ་གཞིས་ཀའི་སྡོད་གནས་སུ་སོང་། དེའི་སྔོན་རྒྱལ་ཚོགས་རི་བོའི་ཟིང་འཁྲུག་ལ་ངན་སྐུལ་བྱས་པའི་དོགས་གཞི་ཡོད་པས། ཐི་ལིང་ཕུའུ་ལ་ཡང་བསྐྱར་རྒྱལ་ཚོགས་དམངས་གྲོས་ཁང་གིས་ཉེས་པ་ཐེར་འདོན་བྱས་ཏེ། ལོ་རྒྱུས་སྟེང་འགན་ཡུན་ནང་ཉེས་པ་ཐེར་འདོན་ཐེངས་གཉིས་བྱས་པའི་ཨ་མེ་རི་ཁའི་ཙུང་ཐུང་ཐོག་མར་གྱུར་བ་རེད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573370
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།