བར་ལམ་ཞིག་ནས་ཐོས་པའི་གཏམ་གོ་རྒྱུ་ཅན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »བར་ལམ་ཞིག་ནས་ཐོས་པའི་གཏམ་གོ་རྒྱུ་ཅན།
བར་ལམ་ཞིག་ནས་ཐོས་པའི་གཏམ་གོ་རྒྱུ་ཅན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-01-01ལྟ་ཀློག (2117)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། བར་ལམ་ཞིག་ནས་ཐོས་པའི་གཏམ་གོ་རྒྱུ་ཅན།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

    མི་གཉིས་ཀྱིས་གླེང་མོལ་རྣམ་པ་སྣ་ཚོགས་བྱེད་བཞིན་ཡོད་པ་ལས། བར་སྐབས་ཤིག་ལ་མི་གཅིག་གིས་ཁོའི་གྲོགས་པོ་དེ་ལ་གཏམ་འདི་འདྲ་ཞིག་བཤད་བཞིན་འདུག རྒྱུ་ནོམ་པ་མང་བའི་ཕྱུག་པོ་རྒྱུ་ཆེན། ཐོབ་གོ་ས་ཅན་གྱི་དཔོན་པོ་མཐོན་པོ། གཏམ་ཁ་ལྕེ་ཅན་གྱི་རྒད་པོ་རྒོད་པོ། འབངས་གདུལ་བྱ་ཆེ་བའི་བླ་མ་སྤྲུལ་སྐུ། མཚན་སྙན་གྲགས་ཅན་གྱི་མཁས་པ་ཆེན་པོ། འཁོར་བུ་སློབ་མང་བའི་དགེ་རྒན་མིང་ཅན། དགོན་ཆེན་པོའི་དཀྱིལ་གྱི་་དགེ་བཤེས་གྲགས་ཅན་་སོགས་མང་མང་གིས་སྤྱི་བོས་མཆོད་ས། ཐམས་ཅད་ཀྱིས་གཙུག་གིས་བཀུར་རྒྱུ་དེ་ཚོ་ཕལ་ཆེ་བ་ཞིག་གིས་གཞན་ལ་བཤད་རྒྱུ་ཙམ་མ་གཏོགས་རང་སྟེང་ལ་བསམ་བློ་གཏོང་རྒྱུ་མི་ཤེས་ཐལ། ཡུན་རིང་བོར་ཐམས་ཅད་ཀྱིས་ངོ་ཐུག་དུས་གུས་གུས་ཞུམ་ཞུམ་བྱེད་པ་ཤ་སྟག་མཐོང་བ་གོམས་ཆེ་བས། འདི་ཚོས་ལྐོག་ནས་ཀྱང་ང་འདི་ལྟར་སེམས་ནས་བརྩི་རྒྱུ་རེད་བསམ་བཞིན་འདུག་ཐལ། མང་བོ་ཞིག་རང་རང་གི་ཁེ་ཕན་ལ་བསམ་བློ་བཏང་སྟེ་སྐད་ཆ་བཤད་མཁན། ལས་ཀ་ལས་མཁན་ཤ་སྟག་ཡིན་པས་ངོ་ཐུག་དུས་ཁ་ཡག་ངོ་དགའ་བཤད། ཕར་འཁོར་དུས་ངན་རབས་ཐུ་རབས་བཤད་ཀི་ཡོད་མོད། གནས་ཚུལ་དེ་ཆེ་བར་རློམ་པ་ཁོང་ཚོས་མི་ཤེས་ཐལ། དེའི་ཕྱིར་ང་ལྟ་བུ་ཁ་ཁོག་མེད་པ་ཚོས་མཚམས་ལན་རེར་སྐད་ཆ་དྲང་མོ། སྐད་ཆ་ངོ་མ་བཤད་ན་ཁོང་ཚོ་མི་དགའ་ཐལ། མི་བཟང་ནའང་བཟང་གི མི་འགྲིག་ནའང་འགྲིག་ཀི མི་བདེན་ནའང་བདེན་གི་ལྟ་བུ་རྐྱང་རྐྱང་ཟེར་བཞིན་མགོ་གཡོགས་ན། ད་གཟོད་ཁོང་ཚོ་ཧ་ཅང་དགའ་ཐལ་ཟེར་བ་ཐོས། དེའི་ཚེ་ང་རང་གཅིག་བུ་ཁེར་རྒོད་ཅིག་ཤོར་ཏེ་སེམས་ལ་སྐད་ཆ་འདི་དག་ལ་དངོས་གནས་གོ་རྒྱུ་དང་ཉན་རྒྱུ་འདུག་གོ་སྙམ་མོ།།

ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས་བླ་བྲང་ནས།



༄༅།། ངའི་འཚོ་བའི་ཁྲོད་ཀྱི་མི་ཆོས་སྒྲུབ་ཚུལ་འགའ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

དང་བོ།

      ཕན་ཚུན་བསམ་སྤྱོད་མ་མཐུན་པའི་དབང་གིས། སྐབས་འགར་ང་དང་གཉེན་གྲོགས་ཀྱི་བར་གལ་ཏེ་རྩོད་གླེང་འདྲ་བྱུང་ན། ངས་ང་རང་གི་ངར་ཤུགས་གློད་ཅི་ཐུབ་དང་། དགོས་པ་ཡོད་ན་བཟོད་གསོལ་ཚུན་ཆད་བྱས་པ་ཡིན། འོན་ཀྱང་དེས་སྐྱོན་ཡོད་ཚད་ང་རང་དང་། བདེན་ཡོད་ཚད་ཁོ་ཚོའི་ཡིན་པ་མི་མཚོན་གྱི། ངས་འུ་ཅག་བར་གྱི་མཛའ་མཐུན་འདི་འདོར་མ་འདོད་པ་ཡིན་ལགས།

གཉིས།

    ངའི་སེམས་ཀྱི་མཛའ་བརྩེ་འདིས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་གཉེན་ཞིག་འཚོལ་བ་མ་ལགས་ཏེ། ཕ་རོལ་བོ་ལ་སྐྱོན་རྟོག་གི་བློ་མིག་སྤོང་ཅི་ཐུབ་ཀྱིས་ཁོའི་ཡོན་ཏན་དང་དྲིན་ལན་འཚོལ་བ་ལགས།

གསུམ།

     ངའི་སེམས་ན་མི་ཞིག་ལ་གཟི་བརྗིད་ཡོད་མེད་དེ་ཕྱིའི་གོས་ཀྱིས་མི་འབྱེད་ཀྱི། ནང་བསམ་བློའི་ཁྱད་པར་ལས་འབྱེད་དོ།།

བཞི།མི་ཞིག་གི་རིན་ཐང་དེ་ཐོབ་དང་གོ་ས། རྒྱུ་དང་འབྱོར་བ་འབའ་ཞིག་ལས་འབྱེད་པ་དེ་ངས་ནམ་ཡང་བསྟོད་ཡུལ་དུ་མི་འཛིན་ནོ།།

ལྔ།

    མཛའ་སེམས་ཁེ་ལ་བཅོལ་བ་ངས་ནམ་ཡང་གྲོགས་སུ་མི་འཛིན་ནོ།།

དྲུག

    ལྷ་དང་བླ་མར་དད་པ་མེད། རྒྱུ་དང་འབྲས་བུར་ཡིད་ཆེས་མེད་པ་དེར་ངས་ནམ་ཡང་བློ་ཕུགས་བརྟོད་མི་ནུས་སོ།།

རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ།   གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533506
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།