བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ནི་ངའི་བླ་མ་ཡིན་ཞེས་པའི་གོ་བ།​
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ནི་ངའི་བླ་མ་ཡིན་ཞེ
བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ནི་ངའི་བླ་མ་ཡིན་ཞེས་པའི་གོ་བ།​
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-01-01ལྟ་ཀློག (1968)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ནི་ངའི་བླ་མ་ཡིན་ཞེས་པའི་གོ་བ


བཛྲ་ཚུལ་ཁྲིམས་རྒྱ་མཚོ།

    དྲི་བ། དགེ་རྒན་ལགས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་མཆོག་གིས། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ནི་ངའི་བླ་མ་ཡིན་ཞེས་གསུངས་པའི་གྲུ་བཞི་ལམ་ཞེས་པ་ཇི་ལྟར་གོ་དགོས།

    ལན། གྲུ་བཞི་ལམ་ཞེས་པའི་དོན་མཁས་པ་རྣམས་ཀྱིས་འགྲེལ་ཚུལ་མང་སྟེ། དེ་ཡང་མཁས་པ་ལ་ལས། གྲུ་བཞི་ཞེས་པ་གྲངས་བཞི་བརྩི་རྒྱུ་ཡོད་པར་བཞེད་དེ། ཉམས་ལེན་ཐུན་གཅིག་གི་ནང་དུའང་སྐྱེས་བུ་གསུམ་གྱི་ལམ་དང་དེའི་སྟེང་དུ་སྔགས་བསྣན་ཏེ་བཞི་ཉམས་སུ་ལེན་ཤེས་པའི་དོན་དུ་འདོད། ཡང་འགའ་ཞིག་གིས། དཔེར་ན་ཆོ་ལོ་གྲུ་བཞི་མ་དེ་ཇི་ལྟར་འཕངས་ཀྱང་གྲུ་བཞི་ལས་མི་འགྱུར་བ་དེ་ལྟར་ཉམས་ལེན་བྱེད་པའི་ཚེ་ནའང་དམིགས་སྐོར་རེ་རེའི་ནང་དུ་ལམ་ཐམས་ཅད་བསྡུས་ནས་ཉམས་སུ་ལེན་ཤེས་པ་ལ་བཞེད། གཞན་ཡང་ལ་ལས། དཔེར་ན་གདན་གྲུ་བཞི་ཁ་གང་མ་ཞིག་གནས་གཞན་དུ་འཁྱེར་བ་ན་དེའི་གྲུ་ཟུར་བཞི་བོ་མཉམ་དུ་འགྲོ་བ་ལྟར། བཀའ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་དགོངས་དོན་མ་ལུས་པ་གང་ཟག་གཅིག་འཚང་རྒྱ་བ་ལ་ཉེ་བར་མཁོ་བའི་ཆ་རྐྱེན་དུ་ཤེས་ཤིང་དེའི་ཉམས་ལེན་གྱི་ནང་དུ་བསྡུས་ནས་ཉམས་སུ་ལེན་ཤེས་པའི་དོན་དུ་གསུངས། དེ་དག་ཐམས་ཅད་ལ་གོ་རྒྱུ་ཡོད་ཀྱང་། འོན་ཀྱང་འདིར་ནི་མདོ་སྔགས་ཀྱི་བསྟན་པ་ཐམས་ཅད་གྲྭ་མ་ཆག་གྲུ་མ་ཉམས་པར་གང་ཟག་གཅིག་གདན་ཐོག་གཅིག་ནས་འཚང་རྒྱ་བའི་ཆ་རྐྱེན་དུ་འགྲོ་ཐུབ་པའི་ཉམས་ལེན་མཛད་ཤེས་པའི་དོན་ཡིན་ཞེས་བཤད་ན་འགྲིག་གམ་སྙམ་མོ།། 

    མདོར་ན་རང་ཅག་ཐ་མལ་བའི་སྣང་ངོར་ཐེག་པ་ཆེ་ཆུང་དང་འདུལ་བ་སྔགས་ཀྱི་གཞུང་རྣམས་ཚིག་ཟིན་འགལ་བ་ལྟར་སྣང་ཡང་། དེ་ནི་ང་ཚོས་གཞུང་ཆེན་ལ་ཞིབ་ཏུ་མ་སྦྱངས་པས་ལན་པ་ཡིན་གྱི། གལ་ཏེ་དེ་དག་གི་དོན་ཇི་བཞིན་ཁོང་དུ་ཆུད་ན་ནི། ཐམས་ཅད་ཀྱང་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་གཙོ་བོ་དང་ཡན་ལག་ཅི་རིགས་པར་འགྱུར་བ་དང་ ། སངས་རྒྱས་པ་ལ་ངེས་པར་དགོས་པའི་གདམས་པ་མཆོག་ཏུ་གྱུར་ཚུལ་ཤེས་ནུས་པས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པར་འགྱུར་རོ།།


       问:师父,法王仲敦巴说:"能知以四方道摄持一切圣教者,谓 我师长。"请问一下,这句话里面的"四方道"是什么意思?

       答:对于"四方道"的含义,诸学者有几种不同的解释:有的学 者认为,"四方"是指四种修行的内容。比如说,在一座修行中,亦 能略摄三士道及密法四种内容而修行之意;有人则认为,比如掷骰子, 无论怎么掷四方形的形状不会变,同样的道理,修行时能在每一个所 缘类包括道的全部;还有一些大德则主张,正如一块正方形的座垫, 移动时能同时带动它的四角那样,知道一切佛经及其注释的所诠内容 都能无余地包括在一个人成佛所需的修持中修行的意思。这些解释都 有深刻的意义。但是我认为在此处,这句话的含义,我们可以理解为 知道如何把一切显密圣教能完好无损地摄入一个人在一个座垫上成佛 所需的修持中修行之道。

       总之,在我们凡夫俗子的眼中,大小乘、律经、密法等有时候在 语言表达上似乎充满矛盾。但那是因为我们未曾系统地学习完整的教 法所致的后果,如果能够圆融通达,则会明白一切证量教法都是一个 人成佛之道的主体和支分的道理,能了悟都是为成佛所需的殊胜教授, 所以能通达一切圣教互不相违。

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།  གསར་འགོད་པ། སྨར་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 31s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23500778
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།