གང་ལྟར་བསམ་པ་བཟང་བོ་འདི་འབོར་མི་རུང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »གང་ལྟར་བསམ་པ་བཟང་བོ་འདི་འབོར་མི་རུང་།
གང་ལྟར་བསམ་པ་བཟང་བོ་འདི་འབོར་མི་རུང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2020-12-30ལྟ་ཀློག (2272)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གང་ལྟར་བསམ་པ་བཟང་བོ་འདི་འབོར་མི་རུང་།

无论如何不能丢失这颗善良的心

བཛྲ་ཚུལ་ཁྲིམས་རྒྱ་མཚོས།

班字尔慈智加措

     ང་རང་སློབ་ཆུང་འགྲིམ་དུས་ང་ཚོས་དུས་རྟག་ཏུ། ལེའུ་ཧྥིན་ལ་སློབ་སྦྱོང་བྱེད་ཅེས་པའི་གླུ་ཞིག་ལེན་དགོས། གླུ་དེ་ལེན་རྒྱུར་ང་ཡང་ཧ་ཅང་མི་དགའ་རྒྱུ་མེད། རྒྱུ་མཚན་ནི་གླུ་ཚིག་གི་བརྗོད་བྱར་བྱས་པའི་ལེའུ་ཧྥིན་ཞེས་པ་དེ་མི་བཟང་དོན་བཟང་སྒྲུབ་མཁན་ཞིག་ཡིན་སྟབས་ཡིན་རྒྱུ་རེད། 

    我在上小学时,我们经常要唱一首[学习雷锋]的歌,而且我也并不讨厌唱这首歌。原因,可能是这首歌的主题人物"雷锋"是一位做好人好事的人之缘吧!清楚所谓的雷锋到底是何许人物,以及他是否真的是曾出现在现实生活中的人。


    འོན་ཀྱང་དོན་ངོ་མ་བཤད་ན་དེ་དུས་ངས་ལེའུ་ཧྥིན་ནི་དོན་དངོས་ག་འདྲ་ཞིག་ཡིན་པ་དང་། ཁོ་རང་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་ཞིག་ཡིན་མིན་སོགས་ཀྱང་གསལ་བོར་མི་ཤེས། 

    但是说实话那时候,我并非很清楚所谓的雷锋到底是何许人物,以及他是否真的是曾出现在现实生活中的人。


    ཆོས་ལུགས་དང་དད་མོས། མི་གཤིས་དང་དྲང་བདེན། ལྷག་བསམ་དང་དུང་སེམས་སོགས་ཡོད་ཚད་ ཀྱི་ཚབ་ཏུ། རྙེད་བཀུར་སྙན་གྲགས། ཐོབ་དང་གོ་ས། གཡོ་སྒྱུ་ཁྲམ་གསུམ་སོགས་སོང་བའི་དུས་རབས་འདིར། ངས་ལྷག་པར་ལེའུ་ཧྥིན་དེ་དྲན་བྱུང་། 

    这种以名闻利扬、权势地位、尔虞我诈的丑恶思想,代替所有一切宗教与信仰、人格与义气、忠诚与爱心的时代,我甚是思念雷锋。


    དོན་དངོས་སུ་ལེའུ་ཧྥིན་ཡོད་ཀྱང་ཆོག མེད་ཀྱང་རུང་། གླུ་ཚིག་གི་བརྗོད་བྱའི་ལེའུ་ཧྥིན་གྱི་སྙིང་སྟོབས་དེ་ནང་ཆོས་དང་ཡང་ཡོངས་སུ་མཐུན་པར་མ་ཟད། སྙིང་ཁོང་ནས་འཆམ་མཐུན་དང་ཞི་བདེ་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་བསྐྲུན་བྱེད་འདོད་ན་ངེས་པར་དེ་དང་དེ་འདྲའི་མི་དང་སྙིང་སྟོབས་དེ་སྐྱེད་བསྲིང་བྱེད་དགོས་སྙམ། 

    这种以名闻利扬、权势地位、尔虞我诈的丑恶思想,代替所有一切宗教与信仰、人格与义气、忠诚与爱心的时代,我甚是思念雷锋。无论他是否真实存在与否,我想这并不重要。但是这首歌的主题人物雷锋的精神,不但合乎佛教精神,而且若是真心想构建具有真是不虚的和谐、和平的社会,我们必须提倡或培养这样的人才,以及类似的精神。


    སྐབས་འདིར་ངས་ཨ་རིའི་ན་གཞོན་ཞིག་གིས། ལེའུ་ཧྥིན་ཡང་ཆེས་སྤྱིར་བཏང་བ་ཞིག་སྟེ། ཁོ་ནི་སེམས་བསམ་པ་བཟང་བོ་ལ་བརྟེན་ནས་བྱ་བ་སྒྲུབ་མཁན་གྱི་མི་ཞིག་རེད། འདི་འདྲ་བའི་མི་དེ་གཅིག་ཁོ་ན་ལས་མེད་ག་ལ་དགོས། མི་སུ་ཞིག་ཡིན་ཡང་བསྒྲུབ་འོས་པ་ཞིག་རེད་ཅེས་པའི་ཆེས་སྤྱིར་བཏང་བའམ། ཐུན་མོང་མིན་པའི་སྐད་ཆ་དེ་ཡིད་ལ་དྲན་བྱུང་། སྐད་ཆ་འདིས་དངོས་གནས་ང་ཚོར་བསམ་གཞིག་གི་སྒོ་མོ་ཞིག་བསྟན་ཡོད་སྙམ།

    这时我突然想起美国的一个年轻小伙子所说的"雷锋挺平常的,是一个良心做事的人,这样的人不应该只有一个,每个人都应该做得到的。"这句很平常,又不平凡的话。我想这句话确实令人深思。


    འོན་ཀྱང་དེང་རབས་ཀྱི་ན་གཞོན་ཕལ་མོ་ཆེའི་མིག་ནང་ན་རྒྱུ་ནོམ་པ། དབང་གོ་སའམ། རྒྱ་ཆེ་བའི་ཁྱིམ་གཞིས། རྩ་ཆེ་བའི་འཇེབས་འཁོར་སོགས་ལས་ཅི་ཡང་མཐོང་རྒྱུ་མེད་པ་འདི་ཤིན་ཏུ་སྐྱོ་བའི་གནས་སུ་འདུག་ཀྱང་ང་ཚོས་རླབས་ཆེ་བའི་མི་གཤིས་སློབ་གསོ་འདི་ལྷོད་ནམ་ཡང་མི་རུང་སྙམ་མོ།།

    年轻小伙子所说的"雷锋挺平常的,是一个良心做事的人,这样的人不应该只有一个,每个人都应该做得到的。"这句很平常,又不平凡的话。我想这句话确实令人深思但是一想起几乎大多数年轻人的眼神中除了物质财富、权势地位,以及别墅豪车之外,看不到其它任何东西,虽然令人痛叹,但是我们永远不能放弃这项伟大的人格教育事业!

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།  གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གང་ལྟར་བསམ་པ་བཟང་བོ་འདི་འབོར་མི་རུང་།   སྤེལ་མཁན།: སྤྲོ་ཤེར། སྤེལ་དུས:2021/1/1
བཀའ་དྲིན་བླ་མེད་ཞུ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23505459
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།