ཀྲུང་གོས་འཛམ་གླིང་གི་རིམས་འགོག་ཐད་ནུས་ཤུགས་ཅི་འདྲ་བཏོན་ཡོད་དམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཀྲུང་གོས་འཛམ་གླིང་གི་རིམས་འགོག་ཐད་ནུས་ཤུགས་ཅི་འདྲ་བཏོན་ཡོད་ད
ཀྲུང་གོས་འཛམ་གླིང་གི་རིམས་འགོག་ཐད་ནུས་ཤུགས་ཅི་འདྲ་བཏོན་ཡོད་དམ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2020-12-13ལྟ་ཀློག (2882)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


       སྤྱི་ལོ་2020ལོའི་ཟླ་12ཚེས་11ཉིན་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ནས་པེ་ཅིང་དུ“2020ལོའི་རྒྱལ་སྤྱིའི་དུས་བབ་དང་ཀྲུང་གོའི་ཕྱི་འབྲེལ་བགྲོ་གླེང་ཚོགས་འདུའི”འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ་རེད།

     ཝང་དབྱིས། ཀྲུང་གོའི་ཕྱི་འབྲེལ་རྒྱལ་ནང་དང་གོ་ལ་ཧྲིལ་པོའི་རིམས་ནད་འགོག་བཅོས་ནང་ཧུར་ཐག་ཞུགས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལག་ལེན་བསྟར་ཏེ་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད།


     རིམས་ནད་ཀྱི་ཐོག་མའི་དུས་སུ་ང་ཚོས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་སྨན་བཅོས་དངོས་རྫས་གྲབས་གསོག་བྱེད་རོགས་བྱས་ནས་རྒྱལ་ནང་གི་རིམས་འགོག་འཐབ་རྩོད་ཀྱི་ཛ་དྲག་གནད་དོན་ཐག་གཅོད་བྱས་པ་དང་། འཛམ་གླིང་ཧྲིལ་པོར་རིམས་ནད་མཆེད་པའི་མདུན་དུ། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་“འགག་སྒོ་”ནན་པོར་བསྲུངས་ནས་རྒྱལ་ནང་གི་ཐོབ་དཀའ་བའི་རིམས་འགོག་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།

     ལས་འགོ་བསྐྱར་འཛུགས་བྱས་པ་ནས་བཟུང་། ང་ཚོས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་གི་“མྱུར་བགྲོད་བགྲོད་ལམ་”དང་། དངོས་ཟོག་སྐྱེལ་འདྲེན་གྱི་“ལྗང་མདོག་བགྲོད་ལམ་”བཙུགས་ཏེ། ཐོན་ལས་མུ་འབྲེལ་གྱི་མཁོ་སྤྲོད་སྦྲེལ་ཐག་བརྟན་པོའི་ངང་ཤར་བགྲོད་ཐུབ་པར་འགན་སྲུང་བྱས་ཤིང་། རྒྱལ་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་དང་འཕེལ་རྒྱས་ཡོང་བར་རོགས་རམ་བྱས་ཡོད།

     ང་ཚོས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཡོངས་བསྒྲགས་དང་། ཕྱི་གསལ་ནང་གསལ། ཚན་རིག་དང་མཐུན་པ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་ཆེས་ཐོག་མར་འཛམ་གླིང་ལ་རིམས་ནད་བྱུང་ཚུལ་སྙན་སེང་ཞུས་པ་དང་། དུས་ཐོག་ཏུ་ནད་དུག་གཞི་རྒྱུའི་རིམ་སྟར་སོགས་འགག་རྩའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ལ་ཁ་གཏད་གཅོག་པའི་འཆར་གཞིར་མ་དངུལ་གྱི་རོགས་སྐྱོར་བྱས་ཡོད།

      རྒྱལ་ཁོངས་ལས་བརྒལ་བའི་བརྙན་ལམ་རིགས་གཅིག་མཁས་ཅན་ཚོགས་འདུ་ཐེངས་བརྒྱ་ཙམ་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཁག་དང་མཉམ་དུ་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་ཡོད་ལ། རྒྱལ་ཁབ་ཡོངས་ལ་སྒོ་མོ་ཕྱེ་བའི་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་ཐོག་ཤེས་བྱའི་ལྟེ་གནས་བཙུགས་ནས་གོ་ལ་ཧྲིལ་པོར་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞིའི་པར་གཞི་8དང་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞིའི་པར་གཞི་7ཡོངས་བསྒྲགས་བྱས་ཡོད།

     ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གཞི་ཁྱོན་ཆེ་ཤོས་ཀྱི་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་ནས། རྒྱལ་ཁབ་150ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་9ལ་རིམས་ནད་འགོག་རོགས་བྱས་ནས་དགོས་མཁོ་ཡོད་པའི་རྒྱལ་ཁབ་34ལ་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་36མངགས་གཏོང་བྱས་པ་རེད།

     སྨན་བཅོས་དངོས་ཟོག་ཐོན་ནུས་ཆེ་ཤོས་ཡིན་པའི་རྒྱལ་ཁབ་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ད་བར་རྒྱལ་ཁབ་ཁག་ལ་ཁ་རས་དུང་ཕྱུར་2000ལྷག་ཙམ་དང་། འགོག་སྲུང་གྱོན་ཆས་དུང་ཕྱུར་20 ཞིབ་བཤེར་ཚད་ལེན་ཚོད་རྫས་སྒམ་དུང་ཕྱུར་8བཅས་མཁོ་འདོན་བྱས་ཡོད།

     སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་མཉམ་ལས་དང་རྒྱལ་སྤྱིའི་མཉམ་འགོག་མཉམ་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་ཡོད་ཅེས་བསྟན་འདུག


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rohu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཀྲུང་གོས་འཛམ་གླིང་གི་རིམས་འགོག་ཐད་ནུས་ཤུགས་ཅི་འདྲ་བཏོན་ཡོད་དམ།   སྤེལ་མཁན།: དྷ་ར་ན། སྤེལ་དུས:2020/12/1
😇😋🌎
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23573368
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།