༄༅།
།ལྷུན་གྲུབ་རྒྱ་མཚོའི་མི་སྒེར་ཡིག་གཟུགས་འགྲེམ་སྟོན་གྱིས་དགེ་སློབ་ཆིག་ཁྲིར་ཉེ་བའི་མིག་གི་དབང་བོ་གསོས།
བྲིས་པའི་ཡིག་གཟུགས་ཀྱི་ཁོངས་བཙུན་ཞིང་ཡིག་རིས་སྣ་ཚོགས་ལ་བྱང་ཆ་འཇོ་བའི་ཡིག་མཁན་གྲགས་ཅན་ལྷུན་གྲུབ་རྒྱ་མཚོས་རང་རིགས་ཀྱི་བླ་ན་མེད་པའི་ཡིག་གཟུགས་རིག་གནས་འདི་ཕྱི་རབས་གཞོན་ནུ་རྣམས་ལ་ངོ་སྤྲོད་དང་འདི་ལ་སློབ་སྦྱོང་གི་སྤྲོ་བ་འཕེལ་བའི་ཕྱིར་བཙན་པོའི་དུས་ཀྱི་ཡིག་མཁན་ཆེན་པོ་བརྒྱད་ཀྱི་ཕྱག་རྒྱུན་གྱིས་མཚོན་པའི་གནའ་བོའི་ཡིག་གཟུགས་མཐོང་ན་ཉམས་དགའ་བ་ཁག་ཅིག་དང་མཚོ་སྔོན་དགེ་ཐོན་སློབ་གྲྭའི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱི་《སློབ་མའི་ཀུན་སྤྱོད་བཅའ་ཡིག་སུམ་ཅུ་བ་》ཞེས་པ་བྲིས་ཀྱི་རྒྱུན་གཙང་ཞིང་ལོ་རྒྱུས་ཀྱི་འགྲོས་རིང་བའི་དབུ་ཅན་སྙེ་བྲིས་སུ་བཞེངས་པ་སོགས་སློབ་གྲྭ་ཆེ་ཁག་གསུམ་ནས་འགྲེམ་སྟོན་བྱས་ཏེ་དགེ་སློབ་ཆིག་ཁྲིར་ཉེ་བར་སློབ་གསེང་གི་ལྟད་མོ་གྱ་ནོམ་པ་བཤམས་ཞིང་།
རང་མི་རིགས་ཀྱི་ཡིག་གཟུགས་དར་སྤེལ་ཐད་བླ་ན་མེད་པའི་ཕྱག་ལས་གནང་བཞིན་པའི་ཟུར་ཙམ།
༢༠༢༠ལོའི་ཟླ༡༡པའི་ཚེས༡༡ཉིན་རྔ་བ་རྫོང་བོད་ཡིག་སློབ་འབྲིང་དུ་འགྲེམ་སྟོན་བྱས་པའི་གསར་འགྱུར།
༢༠༢༠ལོའི་ཟླ༡༡པའི་ཚེས༡༡ཉིན་རྔ་བ་རྫོང་བོད་ཡིག་སློབ་འབྲིང་དུ་འགྲེམ་སྟོན་བྱས་པའི་གསར་འགྱུར།
༢༠༢༠ལོའི་ཟླ༡༡པའི་ཚེས༡༡ཉིན་རྔ་བ་རྫོང་བོད་ཡིག་སློབ་འབྲིང་དུ་འགྲེམ་སྟོན་བྱས་པའི་གསར་འགྱུར།
༢༠༢༠ ལོའི་ཟླ༡༡པའི་ཚེས༡༧ཉིན་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་དུ་འགྲེམ་སྟོན་བྱས་པའི་གསར་འགྱུར།
༢༠༢༠ ལོའི་ཟླ༡༡པའི་ཚེས༡༧ཉིན་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་དུ་འགྲེམ་སྟོན་བྱས་པའི་གསར་འགྱུར།
༢༠༢༠ ལོའི་ཟླ༡༡པའི་ཚེས༡༨ཉིན་མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་དུ་འགྲེམ་སྟོན་བྱས་པའི་གསར་འགྱུར།
དགེ་རྒན་རྣམས་ལ་ཡིག་གཟུགས་ངོ་སྤྲོད་བྱེད་བཞིན་པ།
སློབ་མ་རྣམས་ལ་ཡིག་གཟུགས་ངོ་སྤྲོད་བྱེད་བཞུན་པ།
ཡུལ་དངོས་སུ་ཡིག་གཟུགས་འབྲི་བཞིན་པ།
ཡིག་མཁན་གྲགས་ཅན་ལྷུན་གྲུབ་རྒྱ་མཚོའི་ངོ་སྤྲོད་མདོར་བསྡུས།
མིང་ལ་ལྷུན་གྲུབ་རྒྱ་མཚོ་ཟེར་ཞིང་། ༡༩༨༩ལོར་སྟོད་མངའ་རུ་ཆད་ཀི་དུམ་བུར་གྲགས་པའི་མངའ་བའང་རྔ་བ་རྫོང་གི་བྲིས་པའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས། རིམ་བཞིན་ནར་སོན་རྗེས་རྒྱུན་ཏུ་བྲིས་ལ་གཡེང་བའི་ཨ་ཁུ་ཀུན་བྷེ་ལགས་ཀྱི་ཤུགས་རྐྱེན་འོག་ལག་གང་ཁོམ་གྱིས་ཡི་གེ་དང་རི་མོ་འབྲི་བའི་གཤིས་ཀ་ཞིག་ངང་གིས་ཆགས། ༢༠༡༣ལོར་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་མི་ལོ་ལྔའི་རིང་གི་སློབ་ལོ་རྫོགས་ཏེ་ཡིག་གཟུགས་འབྲི་སྦྱོང་གི་ལམ་དུ་དེང་གི་སྐད་ཆས་མཚོན་ན་ཆེད་ལས་ཚུལ་གྱིས་ཞུགས། ཕོ་བྲང་པོ་ཏ་ལ་དང་གཙང་བཀྲ་ཤིས་ལྷུན་པོ། ཁྱུང་པོ་སྟེང་ཆེན་སོགས། མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་མཁས་ཆེན་མང་པོའི་མདུན་དུ་ཡིག་གཟུགས་ལ་སློབ་སྦྱོང་བྱས། ༢༠༡༧ལོ་དང་༢༠༡༨ལོ་སྟེ་མི་ལོ་གཉིས་ཀྱི་རིང་བཀའ་བསྟན་གསེར་བྲིས་གླིང་དུ་ཡིག་གཟུགས་དགེ་རྒན་བྱས་ཤིང་རང་གིས་ཀྱང་གསེར་བྲིས་སྣ་ཚོགས་བྲིས། ༢༠༡༩ལོ་ནས་རང་སྟེང་ནས་སློབ་མ་བསྡུས་ཤིང་གསེར་བྲིས་འབྲི་བཞེངས་བྱས།
དེ་ཡང་ཚེ་མདོ་ལས། ཡི་གེར་འབྲི་འམ། ཡི་གེར་འབྲིར་འཇུག་པ་སོགས་བྱས་ན་དེའི་ཚེ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་གསུང་པ་བཞིན་བདག་གཞན་གཉིས་ཀྱི་དོན་རྒྱ་ཆེར་འགྲུབ་པའི་གསེར་བྲིས་འབྲི་བཞེངས་ཀྱི་ལས་ལ་འབད་དང་འབད་མུས་ལགས་སོ། །
གསར་འགོད་པ།
སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ་བྱ་སྟོད་བོད་ཕྲུག
|