ཤེས་རིག་གླིང་དུ་རྗེའི་གསུང་འབུམ་དཔེ་བསྡུར་མ་དཔེ་འབུལ་མཛད་སྒོ་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »ཤེས་རིག་གླིང་དུ་རྗེའི་གསུང་འབུམ་དཔེ་བསྡུར་མ་དཔེ་འབུལ་མཛད་སྒོ
ཤེས་རིག་གླིང་དུ་རྗེའི་གསུང་འབུམ་དཔེ་བསྡུར་མ་དཔེ་འབུལ་མཛད་སྒོ་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2020-11-15ལྟ་ཀློག (5701)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གསར་འགྱུར་གནད་བསྡུས།

ཟླ་ཚེས། ༢༠༢༠ལོའི་ཟླ་༡༡པའི་ཚེས་༡༥ཉིན།

ཚོགས་ཡུལ། རྭ་རྒྱ་ཤེས་རིག་གླིང་གི་དཔེ་མཛོད་སྒྲ་སྒྱུར་གཙུག་ལག་ཁང་།

ཚོགས་འདུའི་ནང་དོན། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་དཔེ་འབུལ་མཛད་སྒོ།

དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་།

ཚོགས་ཞུགས་མི་སྣ།  མགོ་ལོག་ཕྱོགས་ཀྱི་དགོན་སྡེ་ཕལ་མོ་ཆེའི་དགེ་བཤེས་སོགས།

     སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༡༡པའི་ཚེས་༡༥ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དཔེ་མཛོད་སྒྲ་སྒྱུར་གཙུག་ལག་ཁང་དུ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་དཔེ་འབུལ་མཛད་སྒོ་བསྡུས།

《宗卡吧师徒三尊》(对勘本)赠送仪式


     ཚོགས་ཐོག་ཏུ་ཤེས་རིག་སློབ་གླིང་གི་དགེ་རྒན་གྱི་ལིང་འཇིགས་མེད་ཀྱིས་མདོ་འཛིན་བྱས་ཤིང་། མགོ་ལོག་ཕྱོགས་ཀྱི་དགོན་སྡེ་ཕལ་མོ་ཆེའི་དགེ་བཤེས་དང་དགེ་རྒན་བརྒྱ་ལྷག་འཛོམས་ཐོག  བཞག་པ་བླ་བྲང་གི་བཞག་པ་རིན་པོ་ཆེའི་ནུ་བོ་ངག་དབང་འཕྲིན་ལས་ཀྱིས་རྗེའི་གསུང་འབུམ་དཔེ་བསྡུར་མའི་སྦྱོར་དངོས་མཇུག་གསུམ་གྱི་དཔེ་སྐྲུན་བྱུང་བ་ངོ་སྤྲོད་དང། ལྷག་པར་དུ་སྦྱིན་བདག་ཏུའུ་ཆེན་པོས་ཨ་ལགས་བཞག་པ་རིན་པོ་ཆེའི་ཐུགས་དགོངས་བཞིན་གཏོང་ཕོད་ཀྱི་ཕྱག་ཟུང་ཡངས་པོར་བརྐྱངས་ཏེ་དཔེ་བསྡུར་མའི་དཔར་བསྐྲུན་གྱི་མཐུན་རྐྱེན་སྦྱར་བའི་སྐོར་དང་ཐེངས་འདིར་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གི་བཀའ་དྲིན་འོག་མགོ་ལོག་ཕྱོགས་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་མང་པོ་ཞིག་ལ་དངོས་སུ་འབུལ་ཐུབ་པའི་མཛད་སྒོ་ཧྲགས་བསྡུས་བྱས་པར་བཀའ་དྲིན་ཞུས།

དགེ་བཤེས་ངག་དབང་འཕྲིན་ལས་ཀྱིས་གསུང་བཤད་གནང་བཞིན་པ།

     ཧྲན་ཡང་རྒྱལ་སྐྱོང་ཆོས་འཁོར་གླིང་གི་ཡིག་སྒྱུར་ཁང་དུ་ཕྱག་ལས་གནང་བཞིན་པའི་འབུམ་རམས་པ་དགེ་བཤེས་ཐུབ་བསྟན་ཡོན་ཏན་གྱིས་དཔེ་བསྡུར་མའི་ཁུངས་དང་ཁྱད་ཆོས་གནད་བསྡུས་རྒྱ་སྐད་ཀྱི་ལམ་ནས་ངོ་སྤྲོད་ཞུས།


ཚོགས་འདུའི་ཟུར་ངོས།


དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་གསུང་བཤད་གནང་བཞིན་པ།


     ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་གཙོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་ཐེངས་འདིའི་དཔེ་འབུལ་མཛད་སྒོ་སློབ་གླིང་དུ་བསྡུས་པའི་དགོས་དོན་ནི་མགོ་ལོག་ཕྱོགས་ཀྱི་དགེ་སྡེ་རྣམས་ལ་སྟབས་བདེ་བསྐྲུན་པ་དང་ལྷག་པར་དུ་རྗེ་རིན་པོ་ཆེའི་མ་ཡུམ་གྱི་སྤྲུལ་བ་ཤིང་བཟའ་རིན་པོ་ཆེའི་གདན་ས་འདི་ཡིན་པས་རྟགས་དང་རྟེན་འབྲེལ་མང་པོ་འཛོམས་པར་མ་ཟད་དགེ་བའི་བཤེས་གཉེན་བརྒྱ་ཕྲག་ལྷག་ངེད་སློབ་གླིང་དུ་གདན་འཛོམས་པ་ཡང་ལས་དང་སྨོན་བཟང་པོ་ཡིན་པའི་སྐོར་གསུང་བཤད་གནད་བསྡུས་གནང་།


དགེ་རྒན་བཛྲ་ཚུལ་ཁྲིམས་དང་ལྡོང་ཡོན་ཏན་རྒྱ་མཚོ་སོགས་སློབ་གླིང་གི་དགེ་རྒན་འགའ་ཡང་ཟུར་ཞུགས་བྱས།


རྭ་རྒྱ་དགོན་པ་དང་བླ་བྲང་སོགས་ལ་དཔེ་བསྡུར་མ་འབུལ་བཞིན་པ།


དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་དཔེ་མཛོད་ཁང་གི་སློབ་དཔོན་ཐོན་མིའི་སྐུ་མདུན་ནས་དཔེ་མཛོད་ཁང་ངོ་སྤྲོད་གནང་བཞིན་པ།


སློབ་གླིང་དཔེ་མཛོད་ཁང་ལ་དཔེ་བསྡུར་མ་འབུལ་བཞིན་པ།


ཚོགས་འདུའི་ཡུལ་དངོས།


ཐེངས་འདིའི་དཔེ་བསྡུར་མ་ཐོབ་ས་དག་ལ་རྗེའི་གཟུགས་སྐུ་བྱོན་ལེགས་རེ་ཡང་དངོས་འབུལ་ཞུས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503306
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།