དྲ་འཕྲིན་གཞུང་ལས་ཁང་གིས་རྡུང་རྡེག་ཚ་ནན་གཏོང་འགོ་ཚུགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »དྲ་འཕྲིན་གཞུང་ལས་ཁང་གིས་རྡུང་རྡེག་ཚ་ནན་གཏོང་འགོ་ཚུགས་པ།
དྲ་འཕྲིན་གཞུང་ལས་ཁང་གིས་རྡུང་རྡེག་ཚ་ནན་གཏོང་འགོ་ཚུགས་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2020-11-06ལྟ་ཀློག (3194)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 དྲ་འཕྲིན་གཞུང་ལས་ཁང་གིས་རྡུང་རྡེག་ཚ་ནན་གཏོང་འགོ་ཚུགས་པ།

       དེང་སྐབས། སྒུལ་བདེའི་ཉེར་སྤྱོད་མཉེན་ཆས་ཁག་གཅིག་གིས་ཆགས་སྲེད་དང་། གཏུམ་སྤྱོད་འཇིགས་སྐུལ། བརྡ་ཁྱབ་རྫུན་མ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་ཆ་འཕྲིན་ཁྱབ་སྤེལ་དང་། ཁ་བསླུས་རྒྱན་འཛུགས་དང་། བརྙས་བཅོས་ངན་སྤེལ། སྒྲིག་འགལ་ཆ་འཕྲིན་རྫུན་མ་མཉམ་སྒྲིག་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། དྲ་བའི་སྒྲིག་ལམ་ཚབས་ཆེན་དཀྲུགས་པ་དང་། དྲ་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་དང་གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་ལ་གནོད་འཚེ་གཏོང་བ་བཅས་བྱས་ཡོད། དེར་བརྟེན། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་ཟླ་11ཚེས་5ཉིན་ནས་བཟུང་དུས་ཡུན་ཉིན་45ཡི་སྒུལ་བདེའི་ཉེར་སྤྱོད་མཉེན་ཆས་ཀྱི་གང་བྱུང་མང་བྱུང་གི་ཆ་འཕྲིན་ནང་དོན་ཆེད་དོན་བཅོས་སྒྲིག་བྱེད་འགོ་ཚུགས་ཡོད་ཅིང་།  ཟང་ཟིང་གི་སྣང་ཚུལ་ལ་དམིགས་ཏེ་རྡུང་རྡེག་ཚ་ནན་བཏང་ནས་སྒྲིག་འགལ་ཁྲིམས་འགལ་གྱི་སྒུལ་བདེའི་ཉེར་སྤྱོད་མཉེན་ཆས་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་བཞིན་ཡོད།

       རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས།  ཐེངས་འདིའི་ཆེད་དོན་བཅོས་སྒྲིག་ནང་གསར་འགྱུར་ཆ་འཕྲིན་རིགས་དང་། སྤྱི་ཚོགས་འབྲེལ་བའི་རིགས། སྒྲ་བརྙན་གྱི་རིགས། སློབ་གསོའི་རིགས། གློག་རྡུལ་ཀློག་དེབ་རིགས། འཚོ་བའི་ཞབས་ཞུའི་རིགས་བཅས་ཀྱི་སྒུལ་བདེའི་ཉེར་སྤྱོད་མཉེན་ཆས་གཙོ་གནད་དུ་བྱས་ཏེ། སྒུལ་བདེའི་ཉེར་སྤྱོད་མཉེན་ཆས་ཀྱིས་སྒྲིག་འགལ་ཁྲིམས་འགལ་གྱི་ཆ་འཕྲིན་བརྒྱུད་སྤེལ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་ཞབས་ཞུ་མཁོ་འདོན། ཞབས་ཞུའི་ཕྱོགས་སྟོན་དེ་གཙོ་རྒྱུག་རིན་ཐང་ལྟ་བ་དང་རྒྱབ་འགལ་བྱས་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་སྒུལ་བདེའི་ཉེར་སྤྱོད་མཉེན་ཆས་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐ་ཚིག་སྐོང་འདྲི་དང་། དག་ཐེར་བྱ་རྒྱུའི་བཀའ་གཏོང་བ། ལེ་ཚན་དང་བྱེད་ནུས་གནས་སྐབས་མཚམས་འཇོག་པ།  སྒོ་རྒྱག་པའམ་མཉེན་ཆས་ཚོང་སྒྲོམ་ལས་ཕབ་པ་སོགས་ཀྱི་ཐག་གཅོད་བྱ་ཐབས་སྤྱོད་རྒྱུ་ཡིན་པ་རེད། དྲ་འཕྲིན་སྡེ་ཚན་གྱིས་དྲ་སྦྲེལ་ཁེ་ལས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་དང་། ཡང་དག་པའི་ཞབས་ཞུའི་ཁྲིད་སྟོན་དང་རིན་ཐང་ལྟ་བ་རྒྱུན་འཁྱོངས།  སྤྱི་ཚོགས་ཀྱི་འགན་འཁྲི་དང་ཀུན་སྤྱོད་ཀྱི་འགན་འཁྲི་ཧུར་ཐག་གིས་འཁུར་བ། དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་དུ་ལེན་པ། ཞུ་གཏུག་ཐེར་འདོན་དུས་ཐོག་ཏུ་ཐག་གཅོད་བཅས་བྱས་ཏེ་དྲ་བའི་ཁོར་ཡུག་བཟང་པོ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ལུགས་ནན་བཤད་བྱས་པ་རེད།

       ཆེད་དོན་བཅོས་སྒྲིག་བྱེད་རིང་། དྲ་འཕྲིན་སྡེ་ཚན་གྱིས་རྒྱ་ཆེའི་དྲ་དམངས་ཀྱིས་ཁུངས་སྣེའི་ཆ་འཕྲིན་མཁོ་འདོན་ཧུར་ཐག་བྱ་རྒྱུར་དགའ་བསུ་ཞུ་བཞིན་ཡོད་པ་དང་།(དྲ་ཚིགས། www.12377.cn)དྲ་འཕྲིན་སྡེ་ཚན་གྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐེར་འདོན་ཁུངས་སྣེ་བརྒྱུད་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573143
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།