ང་ཚོའི་རྣམ་དཔྱོད་དང་འཇོན་ནུས་ལྷན་ཅིག་ཡོད་ན་དགའ་བ་ལ་ཨང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ། »ང་ཚོའི་རྣམ་དཔྱོད་དང་འཇོན་ནུས་ལྷན་ཅིག་ཡོད་ན་དགའ་བ་ལ་ཨང་།
ང་ཚོའི་རྣམ་དཔྱོད་དང་འཇོན་ནུས་ལྷན་ཅིག་ཡོད་ན་དགའ་བ་ལ་ཨང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2020-10-29ལྟ་ཀློག (5340)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

ང་ཚོའི་རྣམ་དཔྱོད་དང་འཇོན་ནུས་ལྷན་ཅིག་ཡོད་ན་དགའ་བ་ལ་ཨང་།


ལྡོང་ཡོན་ཏན་རྒྱ་མཚོ།

      ང་ལ་དད་ཅིང་གུས་པའམ་དགའ་ཞིང་གུས་པའི་སློབ་མ་དང་གྲོགས་པོ།ཉན་མཁན་དང་ཀློག་པ་བོ་སོགས་ལགས། ནམ་རྒྱུན་བདག་ལ་དོན་དངོས་སམ་ཐལ་ཆེ་བའི་བསྟོད་བཀུར་བསྔགས་གསུམ་མང་བོ་མི་གནང་རོགས་ཞུ།དེས་རང་གཞན་གཉིས་ཀར་ཅི་ཡང་མི་ཕན་པར་མ་ཟད། འགའ་རེར་བཟོད་དཀའ་བའི་ཟུག་རྔུ་སློང་ཡང་སྲིད།ཁྱེད་ཅག་ང་ལ་དགའ་གུས་དང་རེ་བ་ཆེ་ན། ངས་ནམ་རྒྱུན་འདོན་བཞིན་པའི་རེ་བ་ལྟར། སློབ་སྦྱོང་ལ་ཧུར་བརྩོན་དང་རང་གི་མི་གཞི་མི་འབོར་བ་གཞིར་བྱས།འཇོན་ནུས་ཅི་ཡོད་ཀྱིས་དོན་ལྡན་བྱ་བཞག་རེ་ལ་འབད་པར་འཚལ། འདི་ནི་ང་ལ་ཆེས་བཟང་བའི་ལེགས་སྐྱེས་དང་རམ་འདེགས་ཡིན།

ང་ལ་སྡང་ཞིང་གནག་པ་འམ་ཁྲེལ་ཞིང་སུན་པ།ཡང་ན་དགོས་པ་གང་རུང་གིས་དམོད་ཅིང་སྡིགས་པ་སྟེ། ལྡོག་ཕྱོགས་ནས་ཞུམ་མེད་ཀྱི་སྟོབས་ཤུགས་སྩོལ་བའི་གྲོགས་པོ་རྣམ་པ།ནམ་རྒྱུན་མི་ཞིག་མཁས་བླུན་དང་བཟང་ངན། དེའི་དགེ་སྐྱོན་རྐྱང་རྐྱང་གླེང་ནས་རང་གི་མི་ཚེ་དང་རྣམ་དཔྱོད་འཕྲོ་བརླག་ཏུ་མི་གཏོང་རོགས།ཁྱེད་ཚོས་གླེགས་བམ་ལོངས་ཚོད་ཀྱིས་ངའི་མི་གཞི་ལ་ངན་སྨོད་བྱས་ཀྱང་། ནང་རྒྱུས་ཡོད་མདོག་དང་གྲོགས་པོ་ཡིན་ཁུལ།སློབ་མ་ཡིན་མདོག་དང་ཤ་ཚ་ཁུལ་སོགས། རྣམ་པ་གང་དུ་བརྫུས་ཏེ་སྨྲ་ལྕེ་གང་དུ་བསྐོར་ཀྱང་།ཐ་ན་ངའི་ཚེ་སྲོག་ལ་རྒོལ་བའི་སྦྱོར་བ་བརྩམས་ཀྱང་། ང་མུ་མཐུད་དུ་སྔར་གྱི་ལམ་ཁ་དེ་ནས་མདུན་དུ་བསྐྱོད་ངེས།འདི་ལ་ཐེ་ཚོམ་སྤུ་རྩེ་ཙམ་ཡང་གནང་མི་དགོས། འབྱུང་འགྱུར་གྱིས་བདེན་དཔང་བྱེད་འོང་།

རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས།རང་བྱས་རང་ཉིད་ལ་གསལ་བས།ང་སྔར་བཞིན་སྤོབས་པ་དང་ཡིད་ཆེས་ཀྱི་ཀློང་ནས། བོད་མི་རིགས་ལ་གང་ནུས་ཀྱིས་ཞབས་ཕྱི་བསྒྲུབ་ཏུ་འགྲོ་ངེས།ང་སྔར་ལས་ལྷག་པར་ལྷག་བསམ་གཙང་མའི་གསེར་འཁར་ལ་ཁེན་ནས་ཆོས་རིག་དར་སྤེལ་ལ་བརྩོན་པ་བསྐྱེད་ངེས།བོད་མི་རིགས་ལ་ཕན་མ་ཐོགས་ཀྱང་གནོད་མི་བསྐྱེལ་བའི་རིགས་དེ་ང་ཡིན་ཞེས། ཡུལ་དུས་གནས་སྐབས་ཀུན་ཏུ་རང་གིས་སྐད་གསེང་མཐོན་པོས་བཤད་སྤོབས་ཀྱིན་ཡོད།འདི་ནི་དུས་གསུམ་གྱི་ང་ཡིན།

གྲྭ་བཙུན་དཀྱུས་མ་ཞིག་གི་ཕྱི་ནང་གསང་གསུམ།སྨྱུག་ཐོགས་པ་ཉམ་ཆུང་ཞིག་གི་འབད་འབུངས་དང་དགེ་སྐྱོན། དྲང་བདེན་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་འོང་།གཟུར་གནས་ཤེས་ལྡན་པ་དག་གིས་གསལ་ཁ་འབྱེད་འོང་། དེ་བས། མཐུན་སྒྲིལ་གྱི་དཔུང་རྡང་མ་གཏོར།དོན་དག་མེད་སར་སེམས་ཚེགས་དང་སྡུག་ལས་མ་གནང་། མི་རིགས་ལ་ཤ་ཚ་ན། རང་ཉིད་ལ་གཅེས་ཤེས་ན།གནའ་དེང་རིག་གཞུང་ལ་བརྩོན་དང་ང་ལས་རྣམ་པར་རྒྱལ་ངེས། རང་ནུས་རྩལ་སྤྲུགས་ཀྱིས་དོན་ལྡན་བྱ་བཞག་རེ་སྒྲུབས་དང་རང་རིགས་ལ་ཕན་འོང་།གཉན་འཕྲང་ཅན་གྱི་དུས་ཚོད་འདི་འདྲ་ཞིག་ལ། མི་ཞིག་གི་དགེ་སྐྱོན་བརྩད་ནས་འདུག་རན་མ་རེད།བསྟོད་པའི་མེ་ཏོག་སྐེ་གང་ཕུལ་བས་ང་དགའ་སྟེ་ནམ་མཁར་འཕུར་མི་སྲིད་ལ།དམོད་པའི་ཁ་ཆུ་འཁྱོར་བ་གང་གིས་ང་སྐྱོ་སྟེ་སེམས་ཁོང་གི་དམ་བཅའ་དང་དམིགས་འདུན་སོགས་ཡོད་ཚད་དེ་ལས་ཀྱང་འདོར་ག་ལ་སྲིད། 

ངས་བཀའ་པོད་ལྔ་ལ་དམ་བཅའ་བཞག་མ་བཞག་དེ་གཙོ་བོ་མ་རེད།རང་རིགས་རྒུད་ཅིང་ཕོངས་པའི་རྩ་བ་གང་ལ་ཐུག་དཔྱོད་རྒྱུ་དེ་གཙོ་བོ་རེད། ང་གྲྭ་ཚང་གང་གི་ཡིན་པ་དང་ངས་རྒྱ་དབྱིན་གྱི་ཡི་གེ་བསླབས་མྱོང་མིན་ཏེ་གལ་ཆེན་མ་རེད།ཁ་བ་གངས་ཅན་པ་ཚང་ཇི་ལྟར་བྱས་ནས་ཡར་རྒྱས་གཏོང་དགོས་པ་དང་དེའི་བླ་སྲོག་ཚེ་གསུམ་ཇི་ལྟར་རྒྱུན་བསྲིང་རྒྱུ་དེ་གལ་ཆེན་རེད། 

 
ང་མཁས་བླུན་གྱི་ཚད་ཐིག་གང་ཞིག་ཏུ་སླེབས་ཡོད་ང་རང་ཉིད་ཀྱི་སེམས་ན་ཁྲིག་ཁྲིག་ཡིན་ལ།ང་བོད་ཀྱི་སློབ་གསོ་བ་ཨང་དང་བོ་ཡིན་མིན་དང་། ངས་མི་རིགས་ཡར་རྒྱས་ཀྱི་བཀག་རྡོ་བྱས་མ་བྱས་དེ་ལས་ཀྱང་རང་སེམས་ན་གསལ་གྱི་ལེར་ཡོད་པས།སྐུ་ཚེགས་མི་དགོས་སར་དཀའ་ལས་མི་མྱོང་བར་ཞུ། དེ་བས། རང་དོན་རེ་ཨེ་འཁྱོང་ལ་འབད་འཚལ།གཞན་དོན་རེ་ཨེ་འགྲུབ་ལ་བརྩོན་འཚལ། ང་ཚོར་དགོས་པ་མཐུན་སྒྲིལ་དང་ཡར་རྒྱས་ཡིན། ང་ཚོས་འཁྱོང་དགོས་པ་གནའ་དེང་ཟུང་འབྲེལ་དང་རང་གཞན་གཉིས་ཕན་གྱི་ལམ་མཆོག་ཅིག་བསྐྲུན་རྒྱུ་དེ་ཡིན། 

ང་ཚོའི་སེམས་པ་དང་རྣམ་དཔྱོད།ང་ཚོའི་འཇོན་ནུས་དང་དམིགས་ཡུལ་སོགས་ནམ་ཡང་ལྷན་ཅིག་ཡོད་ན་དགའ་བ་ལ་ཨང་། དེ་ལྟར་ཡོད་དགོས་པ་ཞིག་ཀྱང་ཅིའི་ཕྱིར་མ་ཡིན།ཀྱེ་ཀྱེ་གངས་རིའི་གཞོན་རབས་པ་དང་གངས་རིའི་བདག་པོ་རྣམ་པ།

གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23536451
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།