ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཀའ་དྲིན་ཤེས་དགོས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཀའ་དྲིན་ཤེས་དགོས།
ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཀའ་དྲིན་ཤེས་དགོས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2020-10-27ལྟ་ཀློག (4208)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཀའ་དྲིན་ཤེས་དགོས།

རྗེ་བཙུན་ཞང་སྟོན་བསྟན་པ་རྒྱ་མཚོའི་གསུང་ཚན་བཤུས།

          

གསུང་བ་བོ། རྗེ་བཙུན་ཞང་སྟོན་བསྟན་པ་རྒྱ་མཚོ།

མཚམས་སྦྱོར་བ། བཛྲ་ཚུལ་ཁྲིམས་རྒྱ་མཚོ།


རང་རེ་ཚོས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཀའ་དྲིན་འདི་ཤེས་དགོས།

    བླ་མས་དགོན་པ་བཏབ། འགྲིགས་ལམ་བཙུགས། མཆོད་གཞིའི་སྦྱིན་བདག་ཡན་ཆད་བསྒྲིགས་ཡོད་པ་འདིའི་བཀའ་དྲིན་ཤེས་དགོས། སྤྱིར་སྙིགས་མ་ལྔ་བདོ་བའི་དུས་འདིར་བདག་ཅག་གི་སྟོན་པ་མ་གཏོགས་པས་འདུལ་མ་ནུས། རང་རེ་བོད་རྣམས་སྟོན་པ་དང་། རྒྱ་གར་པཎ་གྲུབ་ཐམས་ཅད་ཀྱི་འདུལ་ཞིང་དུ་མ་གྱུར། མདོ་སྨད་ཀྱི་གདུལ་བྱ་རྣམས་བོད་ཀྱི་མཁས་གྲུབ་རིམ་བྱོན་དེ་ཐམས་ཅད་ཀྱི་གདུལ་བྱར་མ་གྱུར། ཁྱད་པར་རང་རེའི་ཕྱོགས་འདི་རྒྱལ་བོ་ཆེན་པོའི་ཁྲིམས་ལུགས་ལ་ཅིར་ཡང་མི་བརྩི། ཕར་དྲིན་གྱིས་བསྐྱངས་ན་ཚུར་ལོག་སྒྲུབ་བྱེད། སངས་རྒྱས་དངོས་སུ་བྱོན་ན་ཡང་སྲིན་འབུ་མེ་ཁྱེར་ཙམ་དུ་ཡང་མི་བརྩི་བས། ཡུལ་ངན་དམྱལ་བའི་གྲོང་ཁྱེར་ལྟ་བུར་འདིར་སྟོད་དབུས་གཙང་དང་ཆ་མཚུངས་པའི་བསྟན་པའི་སྲོལ་བཙུགས་པ་འདི་རྗེ་འཇམ་དབྱངས་བཞད་པའི་བཀའ་དྲིན་ཡིན། ངའི་རྗེས་སུ་སངས་རྒྱས་བྱང་སེམས་དུ་མ་བསམ་བཞིན་དུ་བྱོན་ནས་བསྐྱང་ཡོང་གསུངས་པ་ལྟར། དུས་ཚོད་དུས་ཚོད་ལ་བསྟན་པ་སྐྱོང་མཁན་བར་མ་ཆད་པར་ཕེབས་པའི་བཀའ་དྲིན་འདི་ཤེས་དགོས།


བྱང་ཆུབ་ལམ་གྱི་རིམ་པ་ཞེས་པ་ཇི་འདྲ་ཞིག་ལ་གོ་དགོས།      

    དེ་ལ་བྱང་ཆུབ་ལམ་གྱི་རིམ་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སར་བགྲོད་པའི་ལམ་ཡིག་ལྟ་བུ་ཡིན་པས། འདས་པའི་སངས་རྒྱས་རྣམས་ཀྱང་ལམ་འདི་ལ་བརྟེན་ནས་སངས་རྒྱས། མ་འོང་བའི་སངས་རྒྱས་རྣམས་ཀྱང་ལམ་འདི་ལ་བསླབ་དགོས། ད་ལྟར་བཞུགས་པ་རྣམས་ཀྱང་ལམ་འདི་ལ་བརྟེན་པ་ཡིན་པས། དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་ཡིན་ནོ།།

 

ལམ་རིམ་ནི་སྟོན་པ་སངས་རྒྱས་ནས་བྱུང་བ་ཡིན་ནོ།།

    དེ་ལྟ་བུའི་ལམ་གྱི་རིམ་པའི་བཤད་ཉན་གྱི་རྒྱུན་སྟོན་པ་སངས་རྒྱས་ནས་བཟུང་སྟེ་རྒྱ་གར་གྱི་ཡུལ་དུ་དར་ཞིང་། ཇོ་བོ་ཆེན་པོའི་བཀའ་དྲིན་ལས་བོད་གངས་ཅན་གྱི་ལྗོངས་འདིར་ཕེབས་ཏེ་བཀའ་གདམས་ཀྱི་དགེ་བཤེས་གནམ་གྱིས་ས་བཀབ་པ་ལྟ་བུ་མཐའ་ཡས་པ་བྱོན་ཏེ་དར་རྒྱས་སུ་སོང་། དེ་ནས་༼རྒྱལ་བ་གཉིས་པ་༽ཙོང་ཁ་བ་ཆེན་པོས་ས་གསུམ་གྱི་རིན་པོ་ཆེ་གཅིག་པུ་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་མཛད་དེ་ཁྲིད་དང་བཤད་པ་གནང་བའི་ཁྲིད་རྒྱུན་ལ་དབུས་བརྒྱུད་དང་། གཙང་བརྒྱུད་གཉིས་བྱུང་། དབུས་བརྒྱུད་རྒྱལ་དབང་ལྔ་བ་ཆེན་པོའི་འཇམ་དཔལ་ཞལ་ལུང་ལྟར་དང་། གཙང་བརྒྱུད་དབེན་ས་སྙན་བརྒྱུད་ཀྱི་མན་ངག་པཎ་ཆེན་ཐམས་ཅད་མཁྱེན་པའི་བདེ་ལམ་ལྟར་ཡིན།  

 

བླ་མ་བསྟེན་ཞེས་པ་གང་འདྲ་ཞིག་ལ་གོ་དགོས།   

    སྤྱིར་བསྟེན་ཞེས་པ་ལ་མང་བོ་ཡོད་དེ། བཟའ་བཏུང་བསྟེན། སྨན་བསྟེན། དཔོན་པོ་བསྟེན། བུད་མེད་བསྟེན་ཞེས་པ་ལྟ་བུ་ལས་འདིར་ནི་བླ་མ་བསྟེན་ཚུལ་ཡིན་པས་དེ་དག་དང་ཁྱད་པར་ཡོད་དགོས། བླ་མའི་དྲུང་དུ་བསྡད་པའི་དོན་ཡང་མིན། ཕྱག་གཡོག་སྒྲུབ་པའི་དོན་ཡང་མིན། འབུལ་བ་ཕུལ་བ་ལ་ཟེར་བ་ཡང་མིན། དེས་ན་རྗེ་བླ་མས། བསམ་པས་བསྟེན་ཚུལ་དང་སྦྱོར་བས་བསྟེན་ཚུལ་གཉིས། དང་བོ་ལ། རྩ་བ་དད་པ་སྦྱངས་པ་དང་། བཀའ་དྲིན་རྗེས་སུ་དྲན་ནས་གུས་པར་བྱ་བ་གཉིས་ཞེས་གསུངས་པ་འདིས་མིག་ཕྱེ་འདུག་པས་འདིའི་སྟེང་ནས་བསམ་དགོས།  

      

བླ་མས་སྐྱོན་ཡོན་འདྲེས་མའི་མཛད་པ་སྟོན་དགོས་པའི་རྩ་བ་འདི་ལ་ཐུག   

    ༼བླ་མས་༽མཁས་བཙུན་བཟང་གསུམ་འཛོམ་པའི་མཛད་པ་ཞིག་བསྟན་ན་དེའི་རྗེས་སུ་སློབ་མཁན་ཞིག་ཡོད་དགོས་པས་དེང་སང་དེ་འདྲ་དཀའ། ཐ་ན་ཁ་ཏོན་དགེ་སྦྱོར་བྱེད་མཁན་ཞིག་གི་རྣམ་པ་བསྟན་ནའང་དེའི་རྗེས་སུ་སློབ་དཀའ་བ་འདི་རེད། བླ་མ་རིན་པོ་ཆེས་སློབ་མས་སྐྱོན་ཡོན་འདྲེས་མ་མ་གཏོགས་བྱེད་མི་ཐུབ་པས། བླ་མས་སྐྱོན་ཡོན་འདྲེས་མའི་མཛད་པ་སྟོན་དགོས་པའི་རྩ་བ་དེ་ལ་ཐུག་ཅེས་གསུངས།

 

རང་གི་བླ་མའི་བཀའ་དྲིན་ཇི་ལྟར་དྲན་ཚུལ།          

    རང་རེ་ལ་སངས་རྒྱས་ཐམས་ཅད་ལས་ཀྱང་བདག་གི་སྟོན་པ་བཀའ་དྲིན་ཆེ་བ་ནི། སྙིང་རྗེ་པད་མ་དཀར་པོའི་མདོ་ལས་གསུངས་པ་ལྟར་ཡིན་ལ། སྟོན་པ་ཐུགས་རྗེ་ཅན་དེས་སྐུ་དངོས་ཀྱིས་གདུལ་བྱ་རྣམས་འདུལ་བར་མཛད་དེ། དེང་ཕྱིན་ཆད་ང་ལྟ་བུ་མཐོང་བར་མི་ནུས་པས་ང་ཐ་མལ་བའི་གཟུགས་སུ་སྟོན་པས་དེ་ང་ཡིན་པར་ཤེས་པར་གྱིས་ཞེས་རྡོ་རྗེ་འཆང་གིས་ལུང་བསྟན། བདག་ཅག་རྣམས་སྟོན་པ་དེ་ཉིད་ཀྱི་གསུང་ལ་མཇལ་རྒྱུ་ཞིག་བྱུང་། དེའི་རྗེས་མཇུག་ཏུ་རབ་ཏུ་བྱུང་བའི་སྐལ་བ་རྙེད་པ་འདི་བླ་མའི་དྲིན་ཡིན། དེ་བཞིན་དུ་༼རྗེ་བཙུན་༽(ཡིག་འབྲུ་འདི་གཉིས་མི་བསྒྱུར་ཐབས་མེད་བྱུང་)ཙོང་ཁ་བ་ཆེན་པོའི་གསུང་རབ་ལ་མཇལ་ནས་དོན་ཅུང་ཟད་གོ་བ་འདི་ཡང་བླ་མའི་དྲིན་ཡིན། ད་ལྟ་དགེ་སློང་ཡིན་དགེ་བཤེས་ཡིན་ཟེར་བ་འདི་ཡང་བླ་མའི་དྲིན་ཡིན། རང་ཉིད་བུ་བཟང་བ་མིན། ཁྱིམ་པ་ཚོ་ལ་བློ་རིག་རྩལ་གསུམ་འཛོམས་པ་ཅི་འདྲ་འདུག་ཀྱང་སྐལ་བ་འདི་མ་རྙེད། མ་མཐའ་ཁྱིམ་པ་ཚོས་ཕྱུགས་འཚོ་སྐྱོང་། ཞིང་ལས། ཇག་རྐུས། ས་རྡོ་འཁུར་བ། ཤན་པ་ཡན་ཆད་བྱས་ནས་ཉིན་མོ་ཟས་མི་དྲན། མཚན་མོ་གཉིད་མི་ཐུབ་པར་སྡུག་ཇི་འདྲ་མྱོང་ཀིན་འདུག རང་རེ་སྐྱིད་པོ་བདེ་མོ་བྱས་ནས་སོས་དལ་དུ་བསྡད་ཆོག་པ་འདི་ཡང་སྟོན་པ་དང་བླ་མའི་དྲིན་ཡིན།

མཁོ་སྤྲོད་པ། བྱམས་པ་དོན་གྲུབ།

གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23523830
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།