​༢༠༢༠ལོའི་ཤེས་རིག་གླིང་གི་སློབ་མ་གསར་བསྡུའི་གནས་ཚུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »​༢༠༢༠ལོའི་ཤེས་རིག་གླིང་གི་སློབ་མ་གསར་བསྡུའི་གནས་ཚུལ།
​༢༠༢༠ལོའི་ཤེས་རིག་གླིང་གི་སློབ་མ་གསར་བསྡུའི་གནས་ཚུལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2020-09-09ལྟ་ཀློག (4786)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༢༠༢༠ལོའི་ཤེས་རིག་གླིང་གི་སློབ་མ་གསར་བསྡུའི་གནས་ཚུལ། 

      སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༨ཚེས་༢༣ཉིན། ཁུར་གྱིས་དུད་པའི་གསེར་ལྡན་གྱི་ལོ་ལེགས་རྒྱལ་མོའི་མཚར་སྡུག་ཁྲོད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྟོན་དུས་ཀྱི་སློབ་མགོ་གསར་དུ་ཚུགས་ཤིང་།  སློབ་མགོ་ཚུགས་པ་ནས་བཟུང་སློབ་གླིང་འདིའི་དགེ་སློབ་ལས་བཟོ་བ་ཡོངས་ཀྱིས་ད་ལོའི་སློབ་མ་གསར་བསྡུའི་ཐད་ལ་གྲྭ་སྒྲིག་གང་ལེགས་བྱས་པར་མ་ཟད།  ཚེས་༤ཉིན་ནས་བཟུང་སློབ་གླིང་འདིའི་སློབ་བསྡུའི་རྩ་དོན་བཞིན་རྒྱུ་ཐོབ་ངོ་གསུམ་གཏན་འགོག་བྱས་ཏེ།  བདེན་པ་བདེན་དྲང་གིས་མདོ་དབུས་ཁམས་གསུམ་གྱི་ས་ཕྱོགས་སོ་སོ་ནས་ཐོན་པའི་སློབ་མའི་ཐོབ་དཔང་དང་སློབ་ཐོན་དཔང་ཡིག  ས་གནས་མངགས་བཅོལ་ཡི་གེ་སོགས་ལ་ཞིབ་བཤེར་བྱས་པ་བརྒྱུད་ནས་རྒྱུགས་ཞུགས་སློབ་མར་མིང་ཐོ་བཀོད་ཅིང་།    ད་ལོར་གསར་ཞུགས་སློབ་མ་བདུན་བརྒྱ་ལྷག་གིས་སློབ་གླིང་འདིར་མིང་ཐོ་བཀོད་ཡོད་པ་དང་།   དེའི་ཁྲོད་ནས་སློབ་མ་ལྔ་བརྒྱ་ལ་ཉེ་བ་དངོས་སུ་འབྱོར་ནས་ཐེངས་འདིའི་སློབ་བསྡུའི་རྒྱུགས་གཞི་ལ་ཞུགས་ཡོད།

       ཚེས་༨ཉིན་གསར་ཞུགས་སློབ་མ་དངོས་སུ་རྒྱུགས་ལེན་གྱི་ཉིན་མོ་ཡིན་ཞིང་། རྒྱུགས་ར་ཁག་དྲུག་ལ་བགོས་ནས་གསར་ཞུགས་སློབ་མ་རྣམས་ལ་དངོས་སུ་ཡིག་རྒྱུགས་བླངས་ཤིང་།  དགེ་རྒན་དང་ལས་བཟོ་བ་ཡོངས་ཐེངས་འདིའི་རྒྱུགས་རྟོག་ཏུ་ཚན་ཁག་བྱས་ནས་འགན་བླངས་པར་མ་ཟད། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྒྱུགས་ར་རེ་རེར་སྐུ་དངོས་སུ་ཕེབས་པ་དང་གསར་ཞུགས་སློབ་མའི་རྒྱུགས་ཤོག་ལ་དངོས་སུ་གཟིགས་རྟོགས་གནང་བ་སོགས་ཀྱི་ཕྱག་ལས་མཛད་ཅིང་།  ཁོང་གིས་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་སྟོང་ཕྲག་ལྷག་ལ་སློབ་གླིང་འདིའི་སློབ་གསོའི་ཁ་ཕྱོགས་དང་འབྲེལ་ནས་བོད་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་ལམ་སྟོན་གསུང་བཤད་གནང་། 

      ཁྱིམ་བདག་དང་གསར་ཞུགས་སློབ་མ་རྣམས་ལ་དུས་ཚོད་འགོར་འགྱངས་མི་བྱ་བའི་ཆེད་དུ་སློབ་གླིང་འདིའི་དགེ་རྒན་དང་ལས་བཟོ་བ་ཡོངས་གཞུང་ལས་ཁང་དུ་འདུས་ནས་ཉིན་མཚན་མེད་པར་རྒྱུགས་ཤོག་ལེགས་པར་བལྟས་ཏེ་སློབ་མ་རེ་རེའི་སྐར་གྲངས་སྤྱི་བསྡོམས་དང་རེའུ་མིག་ལ་འགོད་པ་སོགས་བྱ་བ་འཐུས་ཚང་ངོས་གཙང་བསྒྲུབས། བོད་རྒྱ་དབྱིན་གསུམ་གྱིས་མཚོན་པའི་རྒྱུགས་འབྲས་ལ་དཔྱད་བསྡུར་ཡང་དག་པ་བྱས་པ་བརྒྱུད།  ཚེས་༩ཉིན་སྔ་མོ་ནས་དངོས་སུ་རྒྱུགས་སྐར་ཁྱབ་བསྒྲགས་གནང་སྟེ་མིང་ཐོའི་རིམ་པ་དང་ཡིག་ཚད་ལོངས་པའི་སློབ་མ་༣༤༠དངོས་སུ་བསྡུ་ལེན་དང་།  ཧ་ཅང་ལམ་ཐག་རིང་བོ་ནས་རང་གི་བུ་ཕྲུག་སློབ་གླིང་འདིར་བསྐྱལ་ནས་ཐོན་པའི་ཁྱིམ་བདག་རེ་འགའ་ལ་ཤེས་རིག་གླིང་གི་དྲ་བའི་གསར་འགོད་པས་ཆེད་དུ་བཅར་འདྲི་བྱས་ཤིང་།  སློབ་གྲྭར་ཚུད་པའི་གསར་ཞུགས་སློབ་མ་རྣམས་ལ་འཛིན་གྲྭ་དང་ཉལ་ཁང་སོགས་བཀོད་བསྒྲིགས་གང་ལེགས་བྱས་པ་དང་། ད་ལོར་སློབ་ཞུགས་མ་ཐུབ་པ་རྣམས་ལ་སང་ལོའི་མིང་ཐོ་བསྐྱར་འགོད་བྱས་པ་སོགས་ད་ལོའི་ལོ་གཅིག་གི་སློབ་བསྡུའི་རིམ་པ་བདེ་བླག་ངང་མཇུག་གྲུབ་པར་བྱས་སོ།།

མདོ་དབུས་ཁམས་གསུམ་ནས་སླེབས་པའི་རྒྱུགས་ཞུགས་སློབ་མ་རྣམས་ཀྱིས་འཚང་ཁ་ཤིག་ཤིག་ངང་མིང་ཐོ་འགོད་བཞིན་པ། 

དགེ་རྒན་དང་ལས་བཟོ་བ་རྣམས་ཀྱིས་གསར་ཞུགས་སློབ་མར་མིང་ཐོ་འགོད་བཞིན་པ། 

རྒྱུགས་ཞུགས་མིང་ཐོར་ཞིབ་བཤེར་བྱེད་བཞིན་པ། 

གསར་ཞུགས་སློབ་མ་དང་ཁྱིམ་བདག་རྣམས་ཀྱིས་སློབ་གྲྭའི་ཁོར་ཡུག་གང་སར་གུར་ཕུབ་ནས་སྒུག་པ།

རྒྱུགས་ཞུགས་སློབ་མར་རྒྱུགས་ར་བཀོད་སྒྲིག་བྱེད་པ། 


རྒྱུགས་ཞུགས་སློབ་མ་རྣམས་ལ་ཡིག་ཚད་གཏོང་བཞིན་པ། 

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་རྒྱུགས་རར་གཟིགས་རྟོགས་གནང་བཞིན་པ།

དགེ་རྒན་རྣམས་ཀྱིས་རྒྱུགས་ཞུགས་སློབ་མའི་རྒྱུགས་ཤོག་ལ་ལྟ་བཞིན་པ།  

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་གསར་ཞུགས་སློབ་མ་དང་ཁྱིམ་བདག་རྣམས་ལ་བཀའ་སློབ་ལམ་སྟོན་གནང་བ། 

སློབ་ཞུགས་ཐུབ་པའི་སློབ་མ་རྣམས་ལ་འཛིན་གྲྭ་བགོ་བཞིན་པ།  

སློབ་གླིང་དྲ་བའི་གསར་འགོད་པས་ཁྱིམ་བདག་ལ་བཅར་འདྲི་བྱེད་བཞིན་པ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། khao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ​༢༠༢༠ལོའི་ཤེས་རིག་གླིང་གི་སློབ་མ་གསར་བསྡུའི་གནས་ཚུལ།   སྤེལ་མཁན།: བྱང་སྤྲིན་དཀར། སྤེལ་དུས:2020/9/9
རླབས་ཆེན་གྱི་བྱ་བཞག་ལ་ཡི་རངས་ཡོད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23542013
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།