རི་མོའི་སྒྱུ་རྩལ་ནི་མིག་གི་དགའ་སྟོན་ཡིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 17 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» དེང་རབས་རི་མོ། »རི་མོའི་སྒྱུ་རྩལ་ནི་མིག་གི་དགའ་སྟོན་ཡིན།
རི་མོའི་སྒྱུ་རྩལ་ནི་མིག་གི་དགའ་སྟོན་ཡིན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-09-08ལྟ་ཀློག (8812)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

རི་མོའི་སྒྱུ་རྩལ་ནི་མིག་གི་དགའ་སྟོན་ཡིན།

 

    རི་མོ་བ་ཁ་གྱའི་ཀུ་ལ་ཡག་ནི་༡༩༩༦་ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྗོང་ཁ་གྱ་སྡེ་བར་སྐྱེས་པ་དང་།མོ་རང་ཆུང་དུས་ནས་རི་མོ་འབྲི་རྒྱུར་ཧ་ཅང་དགའ་བས། སློབ་གྲྭ་ཆུང་འབྲིང་འགྲིམས་ཞོར་དུ་རི་མོའི་རིགས་སྣ་ཚོགས་བྲིས་ཏེ་སྔ་ཕྱིར་༼ཀྲུང་གོ་བོད་ཀྱི་དྲ་བ༽་དང་༼གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བ༽་བོད་ཀྱི་རི་མོའི་ལོ་དེབ་ཐོག་མ་༼མེ་ལོང་༽དུས་དེབ་དང་༼མང་རྫོང་སློབ་གསོ༽་དུས་དེབ་དང་ཚགས་པར་སོགས་སུ་བརྩམས་ཆོས་མང་བོ་བཀོད་མྱོང་།    ༢༠༡༡ལོར་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་རི་མོ་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་སློབ་མཐར་ཕྱིན་པ་དང་། ༢༠༡༣་ལོ་ནས་ཁ་ན་ཏའི་རི་མོ་བ་གྲགས་ཅན་བསྟན་འཛིན་སྒྲོལ་མའི་དྲུང་དུ་བགྲང་བྱ་ལྔའི་དུས་ཡུན་ནང་ནུབ་ལུགས་དངོས་བྲིས་རི་མོ་གཙོས་རི་མོའི་རིགས་སྣ་ཚོགས་ལ་སྦྱངས་ཏེ་༢༠༡༨ལོར་སློབ་མཐར་ཕྱིན། ༢༠༡༩ལོར་ལྷ་ས་གྲོང་ཁྱེར་དུ་བོད་ཀྱི་ལྷ་རིས་པ་གྲགས་ཅན་དགེ་རྒན་ཆེན་མོ་ཀ་ཤོད་བསྟན་དགའ་ལགས་ཀྱི་དྲུང་དུ་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་འབྲི་སྦྱོང་གི་ལས་ཞུགས་ཏེ་སློབ་གཉེར་བྱས།  ད་ལྟ་ཟི་ལིང་གྲོང་ཁྱེར་མཚོ་བོད་མི་རིགས་ཚོང་ར་ཆེན་མོའི་སུམ་ཐོག་གཟུགས་འདུས་སྒྱུ་རྩལ་ལས་ཤག་དུ་ལས་ཀ་གཉེར་གྱིན་ཡོད། སྔ་ཕྱིར་སློབ་ཞོར་དུ་ཟི་ལིང་དང་བླ་བྲང་སོགས་སུ་ཁོ་མོའི་དགེ་རྒན་དང་ལྷན་དུ་ལོ་རེར་རི་མོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པར་མ་ཟད། པེ་ཅིན་དང་ཟི་ལིང་གྲོང་ཁྱེར་སོགས་སུ་སྒྱུ་རྩལ་བརྩམས་ཆོས་སྐོར་གྱི་གསོ་སྦྱོང་འཛིན་གྲྭར་ཞུགས་མྱོང་བ་དང་ཁྱིམ་ཞུས་དགེ་རྒན་དུ་ཕྱིན་པ། ཕ་ཡུལ་དུ་རི་མོ་གསོ་སྦྱོང་འཛིན་གྲྭ་སྒྲུབ་པ། འཕྲོད་བསྟེན་རྒྱུན་ཤེས་ཁྱབ་བསྒྲགས་བྱེད་པ་སོགས་ཀྱི་ལས་ཀ་གཉེར་ཏེ་སྤྱི་ཚོགས་ཀྱི་ལས་སྒོ་སོ་སོ་ནས་སློབ་སྦྱོང་མང་དུ་གནང་མྱོང་།གཞན་ཡང༢༠༡༧་ནས་༢༠༡༨གྱི་བར་དུ་མོ་རང་གི་ཚབ་མཚོན་བརྩམས་ཆོས་སྐོར་ཞིག་༼ཀྲུང་གོའི་ཐེན་ཅིན་རྒྱལ་སྤྱིའི་ཐོན་རྫས་འགྲེམས་སྟོན༽གྱི་སྟེང་སྔ་ཕྱིར་ཐེངས་གཉིས་ལ་ཞུགས་པ་དང་།  ཟི་ལིང་ལྷོ་རིའི་དངོས་མང་ཤུལ་བཞག་རིག་གནས་འགྲེམས་སྟོན་ཁང་དུ་བསྟུད་མར་ལོ་བདུན་ལྷག་ལ་འགྲེམས་སྟོན་བྱས།  ༢༠༡༠ལོར་༼མེ་ལོང༽རྩོམ་སྒྲིག་ཁང་གིས་མང་རྫོང་བོད་ཡིག་སློབ་འབྲིང་དུ་བསྡུས་པའི་རི་མོའི་འགྲན་བསྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ།  ༢༠༡༠ལོའི་ཡུལ་ཤུལ་ས་ཡོམ་ཆེན་མོའི་སྐབས་སུ་༼ཡུལ་ཤུལ་བ་སྤོབས་པ་བསྐྱེད༽ཞེས་པའི་བྲིས་སྒྲིག་རི་མོ་ལ་ཕུལ་བྱུང་བྱ་དགའ་ཐོབ། 

༢༠༡༠ལོར་རྒྱལ་ཡོངས་ན་ཆུང་བྱིས་པའི་ཡིག་གཟུགས་དང་རི་མོ་འགྲེམས་སྟོན་སྟེང་དངུལ་གྱི་རྟགས་མའི་བྱ་དགའ་བླངས།

༢༠༡༡ལོར་རྒྱལ་ཡོངས་སློབ་རའི་ཕུལ་བྱུང་མཚར་རིས་དང་སྒྱུ་རྩལ་ཇུས་འགོད་འགྲན་བསྡུར་ཁྲོད་༼གར་མཁན་མ་༽ལ་བྱ་དགའ་ཨང་གསུམ་པ་ཐོབ། ༢༠༡༦ལོའི་མང་རྫོང་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་སྟེང་དུ་མོ་རང་གི་བརྩམས་ཆོས༼ལྷག་བསམ་ཟོལ་མེད༽ལ་ཕུལ་བྱུང་བྱ་དགའ་ཐོབ།༢༠༡༨ལོའི་མང་རྫོང་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་སྟེང་༼གཟབ་ཉན་༽ལ་བྱ་དགའ་ཨང་གསུམ་པ་བཅས་བླངས་མྱོང་ཡོད།  མདོར་ན་ཁོ་མོས་རི་མོ་སྒྱུ་རྩལ་གྱི་ལམ་བུ་འདི་བདམས་ཉིན་ནས་རི་མོ་སྒྱུ་རྩལ་ལ་བཅིངས་པའི་དད་འདུན་དེ་འགྱུར་མ་མྱོང་ལ་ཕུགས་བསམ་འཚོལ་སྙེག་གི་ལས་ཀར་དམ་ལྷོད་ཞིག་ཀྱང་ཡེ་ནས་བྱུང་མྱོང་མེད།


འདིར་གསལ་འདེབས་བྱ་དགོས་པ་ཞིག་ལ།

 ཉེ་ཆར་ཁོ་མོས་ཟི་ལིང་གྲོང་ཁྱེར་གྱི་མཚོ་བོད་མི་རིགས་ཚོང་ར་ཆེན་མོའི་སུམ་ཐོག་ཏུ་ཡོད་པའི་གཟུགས་འདུས་སྒྱུ་རྩལ་ལས་ཤག་ཏུ་རི་མོ་ལ་མོས་པ་ཡོད་པའི་ན་ཆུང་བྱིས་པ་དག་ལ་ཆེད་དམིགས་ཀྱིས་གཟའ་མཇུག་རི་མོའི་གསབ་ཁྲིད་འཛིན་གྲྭ་ཞིག་ཀྱང་སྒྲུབ་འཆར་ཡོད་པས་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་ན་ཆུང་བྱིས་པ་དག་གཙོས་ས་གནས་སོ་སོའི་རི་མོ་ལ་དགའ་མོས་ཡོད་མཁན་གྱི་བྱིས་པ་དག་གིས་གོ་སྐབས་དམ་འཛིན་སྒོས་གསབ་སྦྱོང་ལ་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད།

འབྲེལ་གཏུག་བྱ་ཡུལ།  15597109667

གསར་འགོད་པ།  སྨྲ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtm0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23485422
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།