རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་གསུང་བཤད་གནད་ཅན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་འཇིགས་མེད་རྒྱལ་མཚན། »རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་གསུང་བཤད་གནད་ཅན།
རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་གསུང་བཤད་གནད་ཅན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-08-20ལྟ་ཀློག (6335)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གི་གསུང་བཤད་གནད་ཅན་འགའ།

 

1

  བོད་རང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་བལ་ཁུལ་དང་མར་ཆུར། གྲོ་ནས་སྲན་གསུམ་སོགས་ཀྱི་རིན་གོང་དམའ་བ་ནི། རང་ཅག་ཁེ་ལས་སྒྲུབ་མཁན་དག་གིས་རིན་ཐང་ཅན་དུ་བསྒྱུར་མ་ཐུབ་པ་ཡིན་པ་ལས། ཐོན་རྫས་དག་གི་ངོ་བོའི་ཆ་ནས་རིན་ཐང་མེད་པ་ཞིག་གཏན་ནས་མིན།

2

    སྤྱིའི་ཆ་ནས་ང་ཚོར་དཔལ་འབྱོར་གྱི་རྨང་གཞི་ཞན་པ་ནི། ང་ཚོས་ཕན་ཚུན་བར་ཚོང་འབྲེལ་གྱི་མཐུན་ལམ་སྙེག་མ་ཐུབ་པ་དང་། མཉམ་དུ་བསམ་བློའི་ཁ་ཕྱོགས་གཅིག་དུ་འཁོར་མ་ཐུབ་པས་ལན་པ་ཡིན། 

3

    བོད་ཀྱི་ན་གཞོན་སློབ་ཆེན་སློབ་མས་ཆེད་སྦྱོང་གདམ་སྐབས་ཀྱང་ཆེད་ལས་ཕྱུགས་ལས་རིག་པ་དང་ཞིང་ལས་རིག་པ་བདམས་ཏེ་ཚན་རིག་དང་མཐུན་པའི་རིག་གཞུང་ཞིབ་འཇུག་མཐར་ཕྱིན་པའི་རྗེས་སུ། རང་གི་ས་གནས་འཕེལ་རྒྱས་ཀྱི་ལམ་དུ་སྣེ་ཁྲིད་བྱས་ཏེ་བོད་ཀྱི་འཚོ་བ་ཚན་རིག་དང་དེང་རབས་ཅན་དུ་བསྒྱུར་དགོས།

4

   མཉམ་འབྲེལ་གྱི་གཙོ་བོ་ནི་བསམ་བློའི་མཉམ་འབྲེལ་ཡིན།  བསམ་བློ་མཉམ་འབྲེལ་གྱི་རྨང་གཞིའི་སྟེང་། དཔལ་འབྱོར་མཉམ་འབྲེལ་དང་ཐོན་ཁུངས་མཉམ་འབྲེལ།  ཐོན་རྫས་མཉམ་འབྲེལ། ཚོང་ར་མཉམ་འབྲེལ་སོགས་བྱས་པ་ཡིན་ན། ད་བཟོད་ང་ཚོ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཐུབ། 

5

    རྒན་པ་རྣམས་ལ་ལག་ལེན་དངོས་ཀྱི་ཉམས་མྱོང་ཡོད་པ་དང་། གཞོན་སྐྱེས་དག་ལ་དེང་རབས་ཤེས་ཡོན་སློབ་སྦྱོང་གི་ཉམས་མྱོང་ཡོད་སྟབས། དེ་གཉིས་ཕན་ཚུན་གཅིག་གྲོགས་སུ་གཅིག་སོང་བ་ཡིན་ན། ང་ཚོས་ལམ་ཁ་མ་ནོར་བ་ཞིག་དང་ཁ་ཕྱོགས་གཏན་པོ་ཞིག་འཛིན་ཐུབ་ངེས་ཡིན།

6

ཁེ་ལས་རེ་རེའི་རྒྱབ་ལྫོངས་སུ་མང་ཚོགས་ཀྱི་རེ་བ་དང་ཡིད་ཆེས།  སློབ་གསོའི་དམིགས་ཡུལ་དང་གསོན་ཤུགས་སོགས་ཧ་ཅང་མང་བོ་ཞིག་ཡོད་སྟབས ། ཁེ་ལས་པ་ཚོས་མཉམ་འབྲེལ་བྱ་རྒྱུ་ནི་གལ་ཆེ་བ་དང་དོན་སྙིང་ལྡན་པ་ཞིག་ཡིན།

གསར་འགོད་པ། སྨྲ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་གསུང་བཤད་གནད་ཅན།   སྤེལ་མཁན།: གྲུ་ནག སྤེལ་དུས:2020/8/29
ཁོང་གྲྭ་རྐྱང་ཕལ་བ་ཞིག་ལས་རང་ཉིད་ལ་རྒྱས་སྤྲོ་གནང་བ་གཞར་ཡང་མེད་མོད། ཁོང་གི་ཐུགས་སྟོབས་དང་ཕྱག་ལས་མཛད་རྗེས་སོགས་རྒྱ་བླ་འབུམ་ལས་བརྒལ་ཡོད།
  རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་གསུང་བཤད་གནད་ཅན།   སྤེལ་མཁན།: གྲུ་ནག སྤེལ་དུས:2020/8/29
ཁོང་གྲྭ་རྐྱང་ཕལ་བ་ཞིག་ལས་རང་ཉིད་ལ་རྒྱས་སྤྲོ་གནང་བ་གཞར་ཡང་མེད་མོད། ཁོང་གི་ཐུགས་སྟོབས་དང་ཕྱག་ལས་མཛད་རྗེས་སོགས་རྒྱ་བླ་འབུམ་ལས་བརྒལ་ཡོད།
  རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་གསུང་བཤད་གནད་ཅན།   སྤེལ་མཁན།: གངས་རྩེན། སྤེལ་དུས:2020/8/20
གྲྭ་རྐྱང་ཞིག་གི་སྙིང་གཏམ་ནི་ང་ཚོའི་སེམས་ཀྱི་ཉི་མ་སེར་བོ་ཡིན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23533862
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།