ཡུལ་ཤུལ་ཁུལ་ནོར་ནག་རིག་གནས་༼ཐོན་རྫས༽མཐོ་རིམ་བགྲོ་གླེང་སྐབས་བདུན་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཡུལ་ཤུལ་ཁུལ་ནོར་ནག་རིག་གནས་༼ཐོན་རྫས༽མཐོ་རིམ་བགྲོ་གླེང་སྐབས་བ
ཡུལ་ཤུལ་ཁུལ་ནོར་ནག་རིག་གནས་༼ཐོན་རྫས༽མཐོ་རིམ་བགྲོ་གླེང་སྐབས་བདུན་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-08-14ལྟ་ཀློག (3517)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཡུལ་ཤུལ་ཁུལ་ནོར་ནག་རིག་གནས་༼ཐོན་རྫས༽མཐོ་རིམ་བགྲོ་གླེང་སྐབས་བདུན་པའི་གསར་འགྱུར་གནད་བསྡུས།

       ༢༠༢༠ལོའི་སྤྱི་ཟླ་༨པའི་ཚེས་༡༣ཉིན་ཡུལ་ཤུལ་ཁུལ་ནོར་ནག་རིག་གནས་༼ཐོན་རྫས་༽མཐོ་རིམ་བགྲོ་གླེང་སྐབས་བདུན་པ་སྒ་ཁྲི་འདུ་རྒྱ་གར་ལུང་པ་ནས་གཟབ་རྒྱས་ངང་འཚོགས།   ཐེངས་འདིའི་བགྲོ་གླེང་སྟེང་དུ་ཀྲུང་གོ་མཚོ་བོད་མཐོ་སྒང་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་རྒན་བློ་བཟང་ལྷུན་འགྲུབ་རྡོ་རྗེ་མཆོག་དང་།  ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཁོངས་མི། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བྱམས་པ་རྒྱ་མཚོ་མཆོག།  མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ་ཆེན་མོ། ཞིང་ཆེན་སྤྱི་ཚོགས་རང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་མཆོག།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ།  གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་སྤྱིའི་འགན་འཛིན་པ། མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་རྒན་འཇིགས་མེད་རྒྱལ་མཚན་མཆོག   ཡུལ་ཤུལ་རེ་བའི་ཚོང་ཁྲོམ་ཚད་ཡོད་མཐུན་གཉེར་ཁང་གི་སྤྱི་གཉེར་བ།  ཁྲོམ་ལམ་རྒྱལ་སྤྱི་ཚོང་ཁྲོམ་ཚད་ཡོད་མཐུན་གཉེར་ཁང་གི་སྤྱི་གཉེར་བ་གཞོན་པ་རྒན་ཉ་འཚོའི་འཇམ་དབྱངས་དཔལ་བཟང་མཆོག
པྲ་ཁྱིམ་ཚང་སྐྱེ་ཁམས་རིག་གནས་འཕེལ་རྒྱས་ལྟེ་གནས་གསར་གཏོད་པ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གྲྭའི་གདན་ཞུས་དགེ་རྒན་ཆེན་མོ། བོད་ཁུལ་གྱི་བྱེ་འགོག་དཔའ་བོ་རྒན་པྲ་ཁྱིམ་དཔལ་བཟང་བཅས་བོད་ཁུལ་གྱི་ནོར་ནག་རིག་གནས་སྐོར་གྱི་ཆེད་མཁས་པ་ཉི་ཤུ་ལྷག་དང་།   ས་གནས་ཀྱི་འབྲེལ་ཡོད་འགོ་ཁྲིད་སོགས་བགྲོ་གླེང་དུ་ཞུགས། 
      ཐེངས་འདིའི་ཚོགས་འདུའི་དགོངས་དོན་གཙོ་བོ་ནི་ནོར་ནག་རིག་གནས་སྐོར་ཡིན་ལ། དབུ་ནག་བརྟེན་ས་སྤུ་ནག་ཅེས་པའི་ཁ་དཔེ་ལྟར་དུ་ང་ཚོ་ཕ་མེས་ཡང་མེས་ནས་འབྲོག་སར་འཚོ་སྡོད་བྱས་ནས་ཡོང་ཞིང་།  འབྲོག་པའི་རིག་གནས་དང་ནོར་ནག་སོགས་ལ་འབྲེལ་འདྲིས་བྱས་ནས་ཡོང་བ་ཡིན་པས། ང་ཚོ་འབྲོག་མི་ཞིག་ལ་མཚོན་ན་འབྲོག་པའི་རིག་གནས་ལ་སྤྲོ་བ་ཚད་མེད་ལྡན།

      གདན་ཞུས་ཆེད་མཁས་པ་རྣམས་སྔ་དྲོར་ས་གནས་ཀྱི་ཐོན་རྫས་གསར་སྤེལ་འགྲེལ་སྟོན་ཁང་དུ་གཟིགས་མོར་བྱས་ཤིང་། ཞོར་དུ་རྒན་འཇིགས་མེད་རྒྱལ་མཚན་གཙོས་ཆེད་མཁས་པ་མང་བོས་ཕ་ཡུལ་གྱི་ཐོན་རྫས་གསར་སྤེལ་སྐོར་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་གནང་། ཕྱི་དྲོ་དུས་ཚོད་གསུམ་གྱི་ཡུན་ལ་ཆེད་མཁས་པ་སོ་སོས་གོ་རིམ་ལྟར་དུ་རང་གི་ཉམས་མྱོང་དང་འབྲེལ།      ནོར་ནག་གི་བྱུང་བ་དང་།  ནོར་ནག་གི་མིང་འདོགས་སྟངས།  ནོར་ནག་གིས་མི་རིགས་ཀྱི་རིག་གནས་མཚོན་བཞིན་པ།  ནོར་ནག་གི་ཁྱད་ཆོས་བཅས་མཐོ་སྒང་གི་ནོར་ནག་རིག་གནས་སྐོར་ལ་གཏམ་བཤད་བླ་མེད་གནང་། ཞོར་དུ་ས་གནས་ཀྱི་ཁེ་ལས་པ་དག་གིས་ཐོན་རྫས་གསར་སྤེལ་སྐོར་གྱི་བསམ་ཚུལ་དང་། ཁེ་ལས་པ་ཞིག་གི་རྒྱབ་ལྗོངས་ཀྱི་དཀའ་སྡུག་ཅི་འདྲ་ཞིག་བརྒྱུད་དགོས་པ་བཅས་ལེགས་བཤད་ཀྱི་གདམས་པ་མང་དུ་བསྩལ་བས། ཚོགས་ཞུགས་མི་སྣ་ཡོངས་ཀྱི་དགའ་བསུ་ཚད་མེད་ཐོབ། དེ་ལྟར་ཉིན་གཅིག་གི་བགྲོ་གླེང་ཡོངས་སུ་ལེགས་པར་གྲུབ་སྟེ་བཀྲ་ཤིས་བདེ་ལེགས་ངང་མཇུག་བསྡུས་པར་དགེའོ། །

༢༠༢༠•༨•༡༣ཉིན་ལ་སྒ་ཁྲི་འདུ་རྒྱ་གར་ལུང་བ་ནས།  གསར་འགྱུར་མཁོ་སྤྲོད་པ། སྒ་ཀུན་ཁྱབ། 

ཚོགས་རའི་ཡུལ་དངོས་ཤིག

ཚོགས་རའི་ཡུལ་དངོས་ཤིག

གསར་འགོད་པ། སངས་རྒྱས་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23574132
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།