དགེ་སློང་མའི་བསླབ་པའི་སྡོམ་ཚིག་བཞུགས་སོ། །
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »དགེ་སློང་མའི་བསླབ་པའི་སྡོམ་ཚིག་བཞུགས་སོ། །
དགེ་སློང་མའི་བསླབ་པའི་སྡོམ་ཚིག་བཞུགས་སོ། །
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-08-06ལྟ་ཀློག (9096)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། ། དགེ་སློང་མའི་བསླབ་པའི་སྡོམ་ཚིག་བཞུགས་སོ། །

༄༅། ། ཐམས་ཅད་མཁྱེན་ལ་ཕྱག་འཚལ་ནས། །

དགེ་སློང་མ་ཡི་བསླབ་པའི་གནས། །

སྡོམ་གྱིས་བསྡུས་པ་སུམ་རྒྱ་དང་། །

དྲུག་ཅུ་རྩ་བཞི་བཤད་པར་བྱ། །

ཐུནམོང་ཕམ་བཞི་རེག་བཀན་དང་། །

འཆབ་དང་བཟློག་པའི་ཕ་མ་བརྒྱད། །

ཕ་ལ་རིམ་བཞིན་ལྷག་མ་དང་། །

སྦོམ་པོ་ལྟུང་བྱེད་གཉིས་སུ་གསུངས། །

སྨྱ ན་དང་གཞི་མེད་བག་ཙམ་དབྱེན། །

དེ་རྗེས་ཁྱིམ་སུན་བཀའ་བློ་བདུན། །

ཅི་ཡང་རུང་བ་ལེན་ལེན་འཇུག །

ཉིན་མཚན་འདས་དང་ལམ་ཆུ་བརྒལ། །

བ་ཏུ་འབྱིན་དང་ཤི་ནོར་ལེན། །

བཟོད་གསོལ་མཆོག་གཏོང་འཐབ་མི་གཏོང་། །

བདེ་ཞིང་གནས་དང་གནས་འཇུག་ལས། །

ཉིན་མཚན་ལམ་ཆུ་ཕར་ལྟུང་མེད། །

གཞན་དགུ་ཉེས་བྱས་མཚོ་ཊཱིཀ་གསུངས། །

འཆད་འབྲལ་ཟླ་འཇོག་ཕར་འཁྲུལ་འཇུག །

གོས་ལེན་སློང་དང་སློང་རིགས་དང་། །

སྤགས་དང་སོ་སོར་བཀུར་བ་བཅུ། །

གསེར་དངུལ་མངོན་ཚན་ཉོ་ཚོང་དང་། །

ལྷུང་བཟེད་འཚོལ་དང་འཐག་འཐག་འཇུག །

བྱིན་འཕྲོག་བསྡོས་བསྒྱུར་བསོག་འཇོག་དགུ། །

སྣོད་འཆང་གོས་ལྔ་རླབས་མི་བྱེད། །

དུས་མིན་དབྱུང་དུས་ཚོགས་མི་སྦྱིན། །

རིན་ཆེན་སློང་དང་གོས་གོས་རྒྱུ། །

མལ་ཆ་དབྱར་ཁང་རྒྱུ་བཞི་ཟ། །

སྐྱེ་བོ་དགེ་འདུན་བསྔོས་བསྒྱུར་རླབས། །

བཅིང་གྲོལ་སྤྱི་ཡང་གོས་གཉིས་བསྟེན། །

སྣོད་འཆང་ཟླ་ཕྱེད་ལྕི་ཡང་བཞི། །

ལྟུང་མེད་གཞན་རྣམས་ཉེས་བྱས་གསུངས། ༈།

མ་བསྐོས་སོགས་བཅུ་ཡང་ཡང་ཟ། །

བསོད་སློང་སྐྲོད་པ་འདུག་འགྲེང་དང་། །

མ་ལོན་གདེང་མེད་རས་ཆེན་ལས། །

གཞན་པ་དོན་ཆེན་ཐུན་མོང་དང་། །

མཁན་མོ་བྱེད་དང་འཁོར་འཁོར་མང་། །

བཅུ་གཉིས་ཉི་ཤུ་མ་ལོན་རྫོགས། །

བསླབ་ཚིགས་མ་བྱིན་བསྙེན་རྫོགས་གཉིས། །

མ་བསླབ་བསྙེན་རྫོགས་བསླབ་མི་རྫོགས། །

ཆོས་ཚོང་འདྲིད་པ་འཁོར་མང་བསོག །

མ་གནང་སྡུད་དང་ཐམས་ཅད་སྤྱོད། །

སྦྲུམ་མ་མྱ་ངན་འཐབ་ཀྲོལ་བྱེད། །

རབ་བྱུང་སོགས་བྱེད་ཕན་མི་འདོགས། །

བར་ཆད་མི་འདྲེན་བསླབ་མི་སྟོན། །

ནད་གཡོག་འབྱིན་དང་ཟག་བྱེད་འཁྲུ། །

འདོད་བསྟེན་ལྟར་གནོད་བསྟེན་བྱ་འཆོས། །

དབེན་པ་སྐྱབས་ཡོད་སྐྱབས་མེད་པར། །

ཁྱིམ་པ་དགེ་སློང་དང་འགྲེང་བཞི། །

དེ ་གཉིས་རྣར་བཤུབ་དེའི་ཉན་བཞི། །

ཁྱིམ་པར་ནང་རིག་ལེན་ཀློག་འཇུག །

རྨ་བཙང་བུ་འཚོ་ཁྱིམ་བདག་ལ། །

མ་དྲིས་གནས་དང་སྐྱབས་ཡོད་འདས། །

དབྱར་ཁང་ལས་འདས་ཁྲི་གཅིག་ཉལ། །

རང་ལུས་དྲིལ་ཕྱི་དགེ་སློང་མ། །

དགེ་སློབ་དགེ་ཚུལ་ཁྱིམ་པ་མོ། །

མུ་སྟེགས་མོས་བྱེད་ཆུས་བཀྲུ་བཤལ། །

དྲི་ཞིམ་འབྲུ་མར་ཚིགས་མས་བསྐུ། །

བུད་མེད་ལག་སྦྲེལ་ཁྲུས་བྱེད་སྐྲ། །

བུ་ཤོལ་སོ་མང་སྨྱུག་ཤད་འཆོས། །

དེ་སྡོམ་སྐྲ་བརྙན་ཁྱིམ་རྒྱན་ཐོགས། །

བྲོ་བརྡུང་གླུ་ལེན་རོལ་མོ་བྱེད། །

གདུགས་ཐོག་མཆིལ་ལྷམ་བསྙེན་བཀུར་མྱོང་། །

མ་བསྒོས་འདུག་དང་བསྟན་སྦྱང་བོར། །

སྐུད་མཁལ་ཚོགས་གོས་བདག་གིར་བྱེད། །

ཟས་བཙོང་རིན་ཐོབ་ཁྱིམ་ཆག་གདབ། །

རྗོན་འཚོད་ཡང་ཟ་སྒོག་སྐྱ་ཟ། །

ཟླ་མཚན་འཛག་ཚེ་སྨེ་གབ་དང་། །

ཆུ་གོས་མི་འཆང་གོས་འཁྲུར་ཇུག །

ཆོས་ཀྱི་རྒྱལ་མཚན་མ་གུས་བརྗེས། །

མ་ལ་གཞན་སྔགས་སྦྱིན་བདག་ཁྱིམ། །

གནས་ཁང་རྙེད་པ་ཆོས་རྣམས་ལ། །

སེར་སྣ་བྱེད་དང་དབྱར་ཁང་དང་། །

ཁྱིམ་གཞན་དགེ་སློང་མ་སྐྲོད་གཉིས། །

མཐོ་འཚམ་བསམ་པས་ལྟུང་བ་གླེང་། །

མནའ་འདོར་ཁྲོ་བས་བདག་ཉིད་བརྡེག །

མ་ཡི་དགེ་འདུན་བརྙས་ཐབས་སྤྱོ། །

ཕ་ལ་ཆུ་འཐོར་འཁྲུགས་ལོང་འདོད། །

ཞག་ལོན་འདུན་པ་སླར་མི་སྦྱིན། །

ཕ་ལ་ཟླ་ཕྱེད་ཆོས་མི་ཞུ། །

དེ་མེད་གསོ་སྤྱོང་དབྱར་ཁས་ལེན། །

གཉིས་གར་དགག་དབྱེ་མི་བྱེད་དང་། །

དབུལ་བོར་སྲ་རྐྱང་སྦྱོར་འཇུག་ཅིང་། །

དེ་དབྱུང་གོས་འགྱེད་ཚོགས་མི་སྦྱིན། །

དབྱར་ཁང་གཞན་ལ་མ་བཅོལ་འགྲོ། །

དབྱར་ནང་ལྗོངས་རྒྱུ་དེ་རྗེས་མིན། །

དོགས་བཅས་མི་མཐུན་གནས་སུ་འགྲོ། །

རྒྱལ་ཁང་སོགས་སུ་འཐབ་ཀྲོལ་བྱེད། །

སྐབས་མ་ཕྱེ་བར་འདྲི་བ་དང་། །

ཐུ་དམན་ཕྱི་སར་གཅིག་བུར་འགྲོ། །

རྩྭ་སྔོན་དང་ནི་རྩིག་འགྲམ་དུ། །

མ་ལྟས་བཤང་པ་འདོར་བ་འོ། །

དེ་ལས་མ་ལོན་འཁོར་འཁོར་མང་། །

འཁོད་མང་བསོག་དང་གནོད་འགྱུར་གསུམ། །

གསུ་བེལ་གསུམ་དང་ལྕི་ཆོས་བཞི། །

ལམ་འགྲོ་བཅྭོ་ལྔ་ཕར་ལྟུང་མེད། །

འབྱིན་ལྷག་གཞན་ཀུན་ཉེས་བྱས་སུ། །

མཚོ་ཊཱིཀ་གསུངས་པ་དཔྱད་པར་བྱ། །

འོ་མ་ཞོ་དང་མར་དང་ནི། །

ཞུན་མར་འབྲུ་མར་སྦྲང་རྩི་དང་། །

དབུ་བ་ཉེ་ཤ་ཤ་དང་ནི། །

ཤ་སྐམ་བསླབ་སྡོམ་བྱིན་པ་འོ། །

ཐ་མ་སོར་བཤགས་གཞན་ལྟུང་བྱེད། །

ཞུ་བར་གཞན་གསུམ་སོར་བཤགས་གསུངས། ༈ 

མ་བསྒོས་འདུག་དང་མི་གཙང་འདོར། །

དོར་བའི་ལྷག་མ་བརྒྱ་དང་བཅུ། །

སྐྱེས་པར་ཆགས་བཅས་ཁྱིམ་གཞན་འགྲོ། །

ཤམ་ཐབས་རྐེད་པ་སྣང་བར་བགོ། །

བསྣན་པས་བརྒྱ་དང་བཅུ་གཉིས་གསུངས། །

ཚུལ་འདིར་འབད་པའི་དགེ་ཚོགས་རྣམས། །

བསྟན་འགྲོར་ཕན་པའི་རྒྱུར་གྱུར་ཅིག །   

   ཅེས་དགེ་སློང་མའི་བསླབ་པའི་སྡོམ་ཚིགས་འདི་ནི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོ་དགའ་ལྡན་བཤད་སྒྲུབ་གླིང་གི་དཔོན་སློབ་ཁྲི་ཟུར་རྣམ་གཉིས་ཀྱི་གཙོས་མཁས་དབང་བཅུ་ཕྲག་ཟུང་དུ་ཉེ་བ་ལ་འདུལ་བའི་བཤད་ཁྲིད་ཕུལ་སྐབས་འཛིན་ཆོས་སུ། ། རྡོ་རམས་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ནས་ཆུ་སྟོད་ཟླ་བའི་ཚེས་དྲུག་ལ་ཤར་མར་སྤེལ་བའོ། །   ། ། འདི་ཡང་དགའ་ལྡན་བཤད་སྒྲུབ་གླིང་ནས་པར་དུ་བསྐྲུན།།       །།     སརྦ་མངྒ་ལཾ།

གསར་འགོད་པ།  ཀླུ་སྨྱོན་ཨ་ཙ་ར།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23493157
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།