དེ་རིང་མདོ་སྨད་ཆབ་ཆ་རུ་བགྲོ་གླེང་ཡག་པོ་ཞིག་བྱས་སོང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »དེ་རིང་མདོ་སྨད་ཆབ་ཆ་རུ་བགྲོ་གླེང་ཡག་པོ་ཞིག་བྱས་སོང་།
དེ་རིང་མདོ་སྨད་ཆབ་ཆ་རུ་བགྲོ་གླེང་ཡག་པོ་ཞིག་བྱས་སོང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-08-05ལྟ་ཀློག (5150)རྩོམ་ཁུངས: ཁམས་པའི་དྲ་བ།པར་འདེབ།

དེ་རིང་མདོ་སྨད་ཆབ་ཆ་རུ་བགྲོ་གླེང་ཡག་པོ་ཞིག་བྱས་སོང་།


      སྤྱི་ཟླ8པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་ལ་ཉམས་མྱོང་སྤེལ་རེས་ཀྱི་བགྲོ་གླེང་གྲོས་ཚོགས་མདོ་སྨད་ཆབ་ཆ་གྲོང་རྡལ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ལྟེ་གནས་ཀྱི་སྙན་སྒྲོན་ཚོམས་ཆེན་དུ་འཚོགས་པ་རེད།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་གསར་འགྱུར་ཁྱབ་སྒྲོག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ལི་ཡུས་ཀྱིས་མདོ་འཛིན་བྱེད་བཞིན་པའི་ཚུལ།

     ཚོགས་ཐོག་ཏུ་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་གཡང་རྒྱལ་ཚེ་རིང་གིས་འགན་འཁྲི་སེམས་ལ་དམ་པོར་བཅངས་ཏེ་དུས་རབས་གསར་པའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བཤད་ཅེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་ཚེ་རིང་ཆོས་འཕེལ་གྱིས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་སྨྱན་སྦྱོར་མཉམ་འདྲེས་གདིང་ཟབ་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་གསར་པ་ཁྱབ་སྒྲོག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཚེ་བྷོ་ཡིས་བོད་ཡིག་སྨྱན་སྦྱོར་མཉམ་འདྲེས་ཞེས་པ་ཅི་ཞིག་འདྲེས་དགོས་པ་དང་ཅི་ལྟར་འདྲེས་དགོས་ཞེས་ཁ་བྱང་བྱས་ནས་གཏམ་བཤད་བྱས། ཁམས་པ་བརྙན་འཕྲིན་ཁང་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་ཞུས་ཆེན་ལོ་ཙཱ་བ་སྐལ་ཁོས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཟབ་སྤེལ་བཏང་སྟེ་མི་རིགས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གསར་པ་རྩེ་གྲ་གསར་བསྐྲུན་བྱ་དགོས་ཞེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས།   དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་གངས་དབང་གིས་རྒྱུན་འཛིན་དང་གསར་གཏོད་ཅེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པད་མ་ཚེ་རིང་གིས་བདེ་ཆེན་བོད་ཁུལ་དུ་གསར་འགྱུར་སྨྱན་སྦྱོར་ཁྱབ་སྒྲོག་འཕེལ་རྒྱས་བྱུང་བ་ཞེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས། མཚོ་ལྷོ་ཚགས་པར་ཁང་གི་མགོ་གཙོ་དབྱང་ཁྲེན་ཏེ་ཡིས་དོན་དངོས་ལ་དམིགས་ཤིང་རྨང་གཞི་ལེགས་པོ་བཏིང་སྟེ་སྨྱན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བརྟན་པོར་གཏང་དགོས་ཞེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས། མཚོ་སྔོན་ཐོན་མིའི་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་གསར་གཏོད་པ་སྟག་ལ་འབུམ་གྱིས་ཐོན་མིའི་ཡིག་སྒྱུར་མ་ལག་སྐོར་གྱི་ངོ་སྤྲོད་བྱས་པ་རེད།

     མཉམ་འཛོམས་ཀྱི་གོ་སྐབས་བཟང་པོ་འདི་དམ་འཛིན་བྱས་ནས་མཁས་བརྒྱ་འགྲན་གླེང་གནང་བ་བརྒྱུད། ཚོགས་ཞུགས་མི་སྣ་ཡོངས་ལ་དུས་རབས་གསར་པའི་ནང་བོད་སྐད་ཡིག་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཅི་ལྟར་གཏོང་བའི་སྐོར་ལ་བསམ་བློའི་བློ་སྒོ་ཕྱེ་ཞིང་། བོད་སྐད་ཡིག་སྨྱན་སྦྱོར་སྡེ་ཁག་སོ་སོའི་དབར་ལ་ཕན་ཚུན་མཉམ་ལས་དང་སྐུལ་སྤེལ། ཡར་ཐོན་དང་གསར་གཏོད་བཅས་ལ་སྔར་ལས་ཤུགས་བརྒྱབ་ནས་བོད་སྐད་ཡིག་གི་གཙོ་རྒྱུན་སྨྱན་སྦྱོར་གསར་གཏོད་དང་འཕེལ་རྒྱས་ཀྱི་ལམ་བུ་སྔར་ལས་ཡངས་པོར་གཏོང་ཐུབ་པར་གཅིག་གྱུར་གྱི་མོས་མཐུན་བྱུང་བ་རེད།

ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་གཡང་རྒྱལ་ཚེ་རིང་གིས་གཏམ་བཤད་བྱེད་བཞིན་པའི་ཚུལ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་ཚེ་རིང་ཆོས་འཕེལ་གྱིས་གཏམ་བཤད་བྱེད་བཞིན་པའི་ཚུལ།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་གསར་པ་ཁྱབ་སྒྲོག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཚེ་བྷོ་ཡིས་གཏམ་བཤད་བྱེད་བཞིན་པའི་ཚུལ།

ཁམས་པ་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་ཞུས་ཆེན་ལོ་ཙཱ་བ་སྐལ་ཁོས་གཏམ་བཤད་བྱེད་བཞིན་པའི་ཚུལ།

དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་གངས་དབང་གིས་གཏམ་བཤད་བྱེད་བཞིན་པའི་ཚུལ།

དེ་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པད་མ་ཚེ་རིང་གིས་གཏམ་བཤད་བྱེད་བཞིན་པའི་ཚུལ།

མཚོ་ལྷོ་ཚགས་པར་ཁང་གི་མགོ་གཙོ་དབྱང་ཁྲེན་ཏེ་ཡིས་གཏམ་བཤད་བྱེད་བཞིན་པའི་ཚུལ།

མཚོ་སྔོན་ཐོན་མིའི་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་གསར་གཏོད་པ་སྟག་ལ་འབུམ་གྱིས་ཐོན་མིའི་ཡིག་སྒྱུར་མ་ལག་ངོ་སྤྲོད་བྱེད་བཞིན་པའི་ཚུལ།

གཏམ་བཤད་པ་ལྷན་རྒྱས་ཀྱི་མཉམ་པར།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  དེ་རིང་མདོ་སྨད་ཆབ་ཆ་རུ་བགྲོ་གླེང་ཡག་པོ་ཞིག་བྱས་སོང་།   སྤེལ་མཁན།: ལོ་བ་བསམ་གཏན་རྒྱ་མཚོ། སྤེལ་དུས:2020/8/6
ཁྱེད་ཚོ་ཚང་མ་ལ་བཀའ་དྲིན་ཆེ་ཞུ། སྤྱིར་བརྡ་འཕྲིན་དང་ཚན་རྩལ་གྱི་དུས་རབས་འདི་འདྲ་ཞིག་ལ་བསླེབས་ཚར་དུས། ང་ཚོ་ལ་ཕུན་སུམ་ཚོགས་པའི་ཉར་སྤྱོད་མ་ལག་ཉུང་ཤས་ཙམ་ལས་མེད་པ་དང་། ནུས་པ་ཡོད་ཚད་སྣ་འཐོར་དང་ཁ་ཐོར་དུ་ཙམ་དུ་གནས་པ་སོགས་ལས་སྟོབས་ཤུགས་ཆུང་ལ་བློ་གྲོས་ཀྱི་འཆར་སྒོ་དོག ཚང་མས་སྟོབས་ཤུགས་ཆིག་སྒྲིལ་དང་ཕན་ཚུན་རམ་འདེགས། བློ་ཇུས་འདོན་རོགས་ཅེས་བྱས་ནས་ཡོད་ཚད་འཕེལ་རྒྱས་དང་གསར་གཏོད་གནང་རྒྱུ་གལ་ཆེ་བར་འདུག་སྙམ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23573023
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།