གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་སློབ་བསྡུའི་བརྡ་ཐོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ཡན་ལག་སློབ་གྲྭ་དང་ཚོགས་པ། »གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་སློབ་བསྡུའི་བརྡ་ཐོ།
གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་སློབ་བསྡུའི་བརྡ་ཐོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2020-07-29ལྟ་ཀློག (10275)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི༢༠༢༠ལོའི་ཟླ་དགུ་བའི་སློབ་མ་བསྡུ་ལེན་བརྡ་ཐོ།


དང་བོ། སློབ་གྲྭའི་ངོ་སྤྲོད་རགས་བསྡུས།

    གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭ་ནི་སྤྱི་ལོ༢༠༠༥ལོར་དཔའ་ལུང་བ་ཤེས་རབ་རྒྱ་མཚོས་རང་གི་འབད་འབུངས་ལ་བསྟུན་ནས་བཙུགས་པའི་སྒེར་བཙུགས་སློབ་གྲྭ་ཞིག་ཡིན་ཞིང་། སྤྱི་ལོ༢༠༡༩ལོའི་ཟླ་གསུམ་པ་ནས་བཟུང་ཞིང་ཆེན་དང་རྫོང་སོགས་གོང་རིམ་ལས་ཁུངས་ཁག་གི་ཆོག་མཆན་འོག་ཆེད་ལས་སློབ་གྲྭར་བསྒྱུར་ཏེ། ད་ལྟ་བོད་ཀྱི་ལྷ་རིས་སྒྱུ་རྩལ་དང་བོད་ལུགས་སྲོལ་རྒྱུན་མགར་བཟོའི་ལག་རྩལ། ལྭ་བ་ཇུས་འགོད་དང་འཚེམ་བཟོའི་ལག་ཤེས། གཙག་དྲུབ། འཇིམ་བཟོ། རས་འཐག་ལག་རྩལ་སོགས་ཀྱི་ཆེད་སྦྱོང་འཛིན་གྲྭ་བདུན་བསྒྲུབས་འཆར་ཡོད་པར་མ་ཟད། ཆེད་སྦྱོང་འཛིན་གྲྭ་སོ་སོར་ཆེད་སྦྱོང་གི་བསླབ་གཞི་གཙོས་བོད་རྒྱ་རྩིས་གསུམ་དང་གློག་ཀླད་སོགས་ཀྱི་སློབ་ཁྲིད་འཐུས་ཚང་རེའང་བཀོད་སྒྲིག་བྱས་ཡོད།

གཉིས་པ།  སློབ་བསྡུའི་གནས་ཚུལ།

       སྤྱི་ལོ༢༠༢༠ལོའི་ཟླ༩བའི་ཚེས༡ཉིན་ནས་ཟླ༩བའི་ཚེས༡༠ཉིན་བར་ལྷ་རིས་སྒྱུ་རྩལ་དང་ལྭ་བ་འཚེམ་བཟོ་ཆེད་སྦྱོང་། ལྭ་བ་ཇུས་འགོད་དེ་ཆེད་སྦྱོང་འཛིན་གྲྭ་གསུམ་དུ་སློབ་མ་ལྔ་བཅུ་རེ་བསྡུ་འཆར་ཡོད། སློབ་མ་གསར་བསྡུའི་ཆ་རྐྱེན་གཙོ་བོ་ནི་སློབ་འབྲིང་མཐར་ཕྱིན་ཟིན་པའི་སློབ་མ་ཡིན་དགོས་ཞིང་དམིགས་བསལ་སློབ་ཆུང་དང་སློབ་གྲྭར་འགྲིམས་མ་མྱོང་ཡང་ལོ༡༦ནས༢༨བར་གྱི་སློབ་མ་འགའ་ཡང་སློབ་མའི་སྒེར་གྱི་གནས་ཚུལ་ལ་གཞིག་ནས་བསྡུ་རྒྱུ་ཡིན་པས། གོང་གསལ་གྱི་ཆེད་སྦྱོང་ཁག་ལ་མོས་པ་ཡོད་མཁན་དག་གིས་གོ་སྐབས་དམ་འཛིན་གྱིས་མིང་ཐོ་འགོད་རོགས་འཚལ། གཞན་ཡང་ངེད་སློབ་གྲྭས་ཞིང་ཆེན་དང་ཁུལ་སོགས་ས་གནས་ལ་བལྟོས་མེད་དུ་སློབ་མ་བསྡུ་རྒྱུ་ཡིན་པར་མ་ཟད། སློབ་མར་སློབ་ཡོན་མི་བསྡུ་ལ་བཟའ་བཏུང་སོགས་ཀྱང་སློབ་གྲྭས་འགན་བླངས་ནས་ལོ་གསུམ་གྱི་རྗེས་ནས་མཐར་ཕྱིན་འཛིན་ཡིག་ཀྱང་སྤྲད་རྒྱུ་ཡིན། 

    སློབ་གྲྭའི་གནས་ཚུལ་ཞིབ་པར་ཤེས་འདོད་པའམ་སློབ་གྲྭར་མིང་ཐོ་དགོད་བསམ་ན་གཤམ་གྱི་འབྲེལ་གཏུག་ཁ་པར་ཨང་གྲངས་བརྒྱུད་ནས་དྲ་བར་མིང་ཐོ་དགོད་ཆོག 

འབྲེལ་གཏུགས་ཁ་པར།     

དགེ་རྒན་རྟ་མགྲིན་སྐྱབས།

18297044544

 དགེ་རྒན་སངས་རྒྱས་སྐྱབས།

17697313513

གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ge6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་སློབ་བསྡུའི་བརྡ་ཐོ།   སྤེལ་མཁན།: དྷཱི་ཡིག སྤེལ་དུས:2020/7/30
རྗེས་སུ་ཡི་རང་། མུ་མཐུད་ནས།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23524101
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།