མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་སྐོང་དུས་འདི་དག་ལ་གཟབ་དགོས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 10 ཚེས 28 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་སྐོང་དུས་འདི་དག་ལ་གཟབ་དགོས།
མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་སྐོང་དུས་འདི་དག་ལ་གཟབ་དགོས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2020-07-29ལྟ་ཀློག (856)རྩོམ་ཁུངས: མཚོ་སྔོན་སྲིད་གཞུང་དྲ་བ།པར་འདེབ།

 མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་སྐོང་དུས་འདི་དག་ལ་གཟབ་དགོས།

      རང་རེའི་དྲ་བའི་འཕྲིན་ལྟར་ན། 2020ལོའི་མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་སྐོང་བའི་བྱ་བ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་སྒང་འདི་ལ། མགོ་སྐོར་གཏོང་མཁན་ཁ་ཤས་ཀྱིས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ཚོའི་ཚབ་ཚུབ་ཀྱི་སེམས་ཁམས་བེད་སྤྱད་དེ། ཁྱིམ་བདག་དང་རྒྱུགས་སྤྲོད་སློབ་མར་མགོ་སྐོར་གཏོང་བཞིན་འདུག མཐོ་རིམ་སློབ་གྲྭའི་སློབ་བསྡུའི་སྡེ་ཁག་གི་ལས་དོན་མི་སྣར་བརྫུས་པ་ཕུད། “ནང་ཁུལ་གྱི་མིང་ཐོ”དང“ཁ་གསབ་མིང་ཐོ”ཡོད་ཅེས་རྫུན་བཤད་ནས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་མགོ་སྐོར་གཏོང་། དེ་མིན་ད་རུང་གཡོ་ཇུས་གཞན་པར་ཡང་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་དོགས་ཟོན་མཐོར་འདེགས་བྱ་དགོས་ཡོད། 

       མི་མི་ཉུང་བ་ཞིག་ད་དུང་དམག་དོན་སློབ་གྲྭ་ཡིན་ཁུལ་གྱིས་སློབ་མ་བསྡུ་བའི་གཡོ་ཐབས་ལ་ཕྲད་མྱོང་། འོན་ཀྱང་གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། དམག་དོན་སློབ་གྲྭར་སློབ་མ་བསྡུ་བའི་གོ་རིམ་དང་གཏན་འབེབས་ནན་པོ་ཡོད་ལ། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་མི་སྒེར་སུ་ཞིག་གིས་ཀྱང་རང་དགར་སློབ་བསྡུའི་གཞུང་ཡིག་འཁྱེར་མི་ཆོག་པ་དང་། སློབ་བསྡུའི་བརྒྱུད་རིམ་ནང་རྒྱུགས་སྤྲོད་སློབ་མའམ་ཡང་ན་ཁྱིམ་བདག་ལ་གཞུང་ཡིག་སྟོན་པའི་ལས་རིམ་ཡང་མེད། གྲོན་དངུལ་སྤྲོད་པ་ནི་མགོ་སྐོར་གཏོང་བའི་མཐའ་མའི་དམིགས་ཡུལ་ཡིན་པས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་མགོ་སྐོར་འོག་ཚུད་མི་རུང་ གཞི་གྲངས་ཆེན་མོའི་ནང་རེ་འདུན་རེའུ་མིག་སྐོང་བའི་མགོ་སྐོར་གཏོང་ཐབས་ལས་ས་ཁུལ་ཁག་གི་སློབ་གསོ་སྡེ་ཚན་གྱིས་ཁ་གསལ་བཏོན་ཡོད། སྤྱི་ཚོགས་ཀྱི་ངོ་བོ་ལྡན་པའི་ལས་ཁུངས་སམ་ཁེ་ལས་དང་མཉམ་ལས་བྱས་མེད། ཚོང་བས་བཤད་པའི“ནང་ཁུལ་གྱི་གཞི་གྲངས་ཆེན་མོ”ཞེས་པ་དེ་རྫུན་བཟོ་བྱས་པ་དང་། དེའི་གཞི་གྲངས་ཀྱི་ཡང་དག་རང་བཞིན་ལ་ཞིབ་འཇུག་བྱ་དགོས་ཤིང་། རེ་འདུན་རེའུ་མིག་འབྲི་བར་ངེས་གཏན་མིན་པའི་རྒྱུ་རྐྱེན་ཡོད། རེ་འདུནAPPདང་བརྡ་ཁྱབ་དག་སྐོང་བར་དོགས་ཟོན་ཆེ་རུ་བཏང་ནས་མགོ་སྐོར་མི་ཐེབས་པ་བྱེད་དགོས། 

       ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བའི་མགོ་སྐོར་གཏོང་ཐབས། ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བའི་རྒྱུགས་སྤྲོད་སློབ་མ་དག་གིས། གལ་ཏེ་མི་སྒེར་གྱིས་རེ་ཞུ་བྱེད་ན་ཕྱི་རྒྱལ་གྱི་སློབ་ཆེན་དང་དུས་ཐོག་ཏུ་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། གལ་ཏེ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་སྒྲིག་གཞི་བདམས་ན། གཞི་ཁྱོན་ཅུང་ཆེ་བ་དང་། ལག་རྟགས་ཆ་ཚང་བ། ཚོང་རའི་མཚན་སྙན་བཟང་བ། གཉེར་སྐྱོང་རྣམ་པ་བཟང་བ་བཅས་ཀྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་མཚམས་སྦྱོར་འདེམས་དགོས། བར་སྨྱན་གྲོན་དངུལ་སྤྲོད་སྐབས་ངེས་པར་དུ་གཟབ་ནན་དང་། གན་རྒྱ་གསལ་པོར་ལྟ་དགོས་པ་ལས། ལས་ཁུངས་ཀྱིས་གཟིགས་སྐྱོང་ཕབ་ཆ་ཟེར་བས་མགོ་འཐོམས་སུ་འཇུག་མི་རུང་།

       སློབ་ཞུགས་རོགས་དངུལ་སྔ་སྣུར་དུ་སྤྲོད་པའི་མགོ་སྐོར་གཏོང་ཐབས། སློབ་ཞུགས་རོགས་དངུལ་སྤྲོད་སྟངས་དེ་རེ་ཞུ་ནས་དཔྱད་ཞིབ་བྱེད་པའི་བར། ད་དུང་སྤྱི་སྒྲོག་བྱས་ན་ད་གཟོད་སློབ་མའི་ལག་ཏུ་སྤྲོད་ཐུབ། བརྒྱུད་རིམ་ཧྲིལ་བོ་རང་གི་སློབ་གྲྭ་དེའི་ནང་དུ་ཞུགས་པ་མ་ཟད། སློབ་ཞུགས་རོགས་དངུལ་ནི་སློབ་མའི་ཡིག་ཚགས་སུ་བཀོད་པ་ཡིན་ལ། དྲ་ཐོག་ནས་ཐད་ཀར་བཀོལ་སྤྱོད་བྱེད་མི་ཐུབ།ཉེན་རྟོག་ཕྱོགས་ཀྱིས་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཐད་ཚད་ལྡན་གྱི་ཐབས་ལམ་བརྒྱུད་རྒྱུགས་སྤྲོད་མིང་ཐོ་འགོད་པ་དང་། རེ་འདུན་རེའུ་མིག་སྐོང་པ། ཡིག་ཚགས་སྤྲོད་པ་བཅས་བྱས་ནས་བསྡུ་དགོས་པ་དང་། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་སློབ་བསྡུའི་བརྡ་ཐོ་འབྱོར་རྗེས། ངེས་པར་དུ་ཞིང་ཆེན་སློབ་གསོ་རྒྱུགས་ལེན་ཁང་གིས་དམིགས་འཛུགས་བྱས་པའི་འདྲི་རྩད་ཐབས་ལམ་བརྒྱུད་དེ་སློབ་བསྡུའི་ཆ་འཕྲིན་ལ་དཔེ་བལྟས་ནས་ར་སྤྲོད་བྱེད་པ་དང་། སློབ་བསྡུའི་མཐོ་སློབ་ཀྱི་སློབ་གཉེར་རིགས་གཏན་འཁེལ་བྱས་ནས་གཡོ་འོག་ཏུ་ཚུད་པར་གཟབ་དགོས་པའི་དྲན་སྐུལ་བྱས། གལ་ཏེ་མགོ་སྐོར་ཐེབས་ཚེ་དུས་ཐོག་ཏུ་ཉེན་བརྡ་གཏང་དགོས།

 ལོ་ཙཱ་བ།  ཡེ་ཤེས་སྒྲོལ་མ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 86xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་སྐོང་དུས་འདི་དག་ལ་གཟབ་དགོས།   སྤེལ་མཁན།: དྷཱི་ཡིག སྤེལ་དུས:2020/7/30
གསལ་རྡ་བཏང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། 🙏🌎🙏🌎🙏🌎
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
6728840
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།