བདུང་ལེན་འགྲན་ཞུགས་པ་སྐལ་བཟང་བཀྲ་ཤིས་ལ་དཔྱད་འཇོག་ཁྱད་དམིགས་ཅན་གནང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »བདུང་ལེན་འགྲན་ཞུགས་པ་སྐལ་བཟང་བཀྲ་ཤིས་ལ་དཔྱད་འཇོག་ཁྱད་དམིགས་ཅ
བདུང་ལེན་འགྲན་ཞུགས་པ་སྐལ་བཟང་བཀྲ་ཤིས་ལ་དཔྱད་འཇོག་ཁྱད་དམིགས་ཅན་གནང་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-07-21ལྟ་ཀློག (5336)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཁུལ་བདུང་ལེན་འགྲན་བསྡུར་སྐབས་བདུན་པའི་སྟེང་འགྲན་ཞུགས་པ་སྐལ་བཟང་བཀྲ་ཤིས་ལ་ཆེད་མཁས་དཔྱད་འདེམས་དགེ་རྒན་གྱིས་དཔྱད་འཇོག་ཁྱད་དམིགས་ཅན་གནང་བ།

      དེ་རིང་སྟེ2020ལོའི་སྤྱི་ཟླ་7པའིི་ཚེས21ཉིན། མི་རིགས་མཐུན་སྒྲིལ་རྟགས་མའི་བོད་ཁུལ་སྒྲ་སྙན་བདུང་ལེན་འགྲན་བསྡུར་སྐབས་བདུན་པའི་མདོ་ལྷོ་ཀླུ་ཆུ་འགྲན་ཁུལ་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བདུན་པའི་སློབ་གྲོགས་དངུལ་རྭའི་སྐལ་བཟང་བཀྲ་ཤིས་ཀྱིས་མངའ་རིས་སྒྲ་སྙན་ལ་བོད་རང་གི་ཁྱད་ཆོས་ལྡན་ཞིང་གསར་བཏོད་ཀྱི་རྣམ་པས་ཕྱུག་པའི་བདུང་རྩལ་ལ་ཐེངས་འདིའི་དཔྱད་འདེམས་དགེ་རྒན་རྣམ་གཉིས་ཀྱིས་གདེངས་འཇོག་བླ་ན་མཐོ་བ་གནང་ཞིང་དུས་ཡུན་ཐུང་ཐུང་གི་ནང་དུ་བོད་ཁུལ་གྱི་སྨྱན་བྱེད་འཇིག་རྟེན་དུ་ཁྱབ་པར་གྱུར།


       བོད་ཀྱི་གཞས་པ་ཁོ་བསྟན།  ལ་ལ་་་ ད་བདུང་ལེན་བདོག་གོ་ལེན་ག ལྟད་མོའི་དགའ་བསུའི་ཐག་སྒྲས་ཚོགས་ར་གང་བ། ངོ་མ་ཡག་པོ་ལེན་གི། ད་ངོ་མ་མིག་རྒྱ་བསྐྱེད་བཏང་ཐལ། མངའ་རིས་སྒྲ་ཟེར་་བ་དེ་ལྟར་རྩེད་དགོས་ནི་ཡིན་བགྱི་རེད། ངོ་མ།

      དེ་ནས་གཤིས་ཀི་རྒན་བདུད་བྷེ་ལགས་ཀྱིས་ཐོག་དང་པོར་ང་ཚོར་བཞག་པའི་བག་ཆགས་དང་དེ་ལས་བརྒལ་བའི་རྒན་བདུད་བྷེ་ཡི་བདུང་ལེན་དེ་ལ་ཚེ་སྲོག་གསར་བ་ཞིག་སྤྲད་བཞག་ཐལ། གལ་ཏེ། རྒན་བདུད་བྷེ་ཁོང་འཇིག་རྟེན་འདི་ན་བཞུགས་བགྱི་ན། ཁོང་གིས་ཁྱེད་ལ་བསྟོད་པའི་མཐེ་བོང་བསྒྲེང་བགྱི་རེད། ངོ་མ་ཡིན། བཀའ་དྲིན་ཆེ།

     ང་ཚོར་དངོས་ནས་རིག་གནས་ཤིག་ཡིན་ན་དེའི་ཡོད་ཚད་ཀྱི་ཡོད་ཚད་འཕེལ་རྒྱས་སུ་འགྲོ་དགོས་ན། གནས་སྐབས་དེ་དང་འབྲེལ་བའི་གནས་སྐབས་དེར་འཚམ་པའི་དགོས་མཁོ་ཞིག་ཡོད། ང་ཚོའི་སྒྲ་སྙན་བདུང་ལེན་ལ་ད་སྐབས་ཆེས་མཁོ་བ་ནི་ད་སོ་མ་ཁྱེད་ཀྱིས་བདུང་བདེ་ལྟ་བུ་རེད། ངོ་མ་རོལ་མོ་ཡར་རྒྱས་སུ་འགྲོ་བགྱི་གལ་ཆེན་པོ་རེད། ཚིག་དང་དབྱངས་རྩོམ་མཁན་ང་ཚོར་མང་བོ་ཡོད་ཀྱང་། རོལ་མོ་དང་རོལ་ཆའི་སྟེང་ནས་ཡར་རྒྱས་སུ་མ་སོང་ན། ང་ཚོ་ཅིག་ལ་སོང་ནས་རོལ་མོ་ཞིག་ལས་དགོས་ནའང་རང་གི་སྐད་དང་ཡི་གེ་ཀྱང་མི་མཐུན་པའི་མི་རིགས་གཞན་པ་ཞིག་སོང་ནས་ང་ལ་རོལ་མོ་ཞིག་ལས་རོགས་ཞེ་ནའང་རོལ་མོ་དེས་རང་གི་ཡིད་ལ་ཤར་བའི་དོན་དེ་བཤད་ཀྱང་མི་ཤེས་གཞན་པས་ཉན་ཡང་མི་ཤེས། དེ་ལྟར་སྡེ་བའི་བསམ་བློ་ལྟར་དུ་སོང་།

    སྤྱིར་ན་རང་ཉིད་ལ་དབང་བའི་རོལ་མོ་ཞིག་དང་རང་མི་རིགས་ཀྱི་ཚབ་མཚོན་བྱས་ཆོག་པའི་རོལ་མོ་ད་སྐབས་བྱུང་གིན་མེད་པའང་གཙོ་བོ་གླུ་བ་རྣམས་ལ་རང་གི་བདུང་རྩལ་གྱིས་མ་འདང་བར་གཞན་ལ་རོལ་མོ་བཟོ་རུ་འཇུག་དགོས་བྱུང་བ་དེ་རེད།  གཤིས་ཀྱིས་ཁྱེད་ལྟ་བུའི་འདི་མོ་བདུང་རྩལ་འཛོམས་ན་ད་གཟོད་འང་ང་ཚོར་རོལ་མོའི་ཕྱོགས་ལ་རེ་བ་ཆེན་པོ་ཡོད་བགྱི་རེད། ངོ་མ། གཤིས་ཀྱིས་ཁྱེད་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་ནས།

    དབྱངས་རྩོམ་མཁན་རྒན་གསང་བདག་ལགས་ཀྱིས། བདུང་ལེན་པ་སྐལ་བཟང་བཀྲ་ཤིས། གཤིས་ཀྱིས་སྙན་མོ་བླངས་ཐལ། གཤིས་ཀྱིས་ཡ་མཚན་ཞིག་བདུང་ཐལ། ད་ང་ཚོའི་བདུང་ལེན་བདུང་ལེན་ཟེར་བ་དེ། གཅིག་ཡིན་ན་རོལ་ཆའི་བདུང་རྩལ་རེད། གཉིས་ཡིན་ན་སྐད་ངག་རེད། གསུམ་ནས་ཚིག་བཅས་གྲུབ་ཆའི་ཕྱོགས་ནས་འདི་གསུམ་ནི་གཅིག་ཀྱང་མེད་དུ་མི་རུང་བ་རེད། དེ་བས། བླངས་པའི་སྐད་ཡག་དགོས། བདུང་བའི་རྩལ་བཟང་དགོས། དེའི་འཕྲོ་ནས་བརྗོད་བྱའི་ཚིག་དོན་བཟང་དགོས། འདི་གསུམ་ཆ་འཛོམས་ཡིན་ན་ད་གཤིས་ཀྱིས་ངོ་མ་བདུང་ལེན་པ་ཞིག་ཡིན་ན་ཕྱོགས་ཡོངས་ནས་རང་གི་འཇོན་ཐང་ཕྱིར་མངོན་བཏང་བ་རེད། དེ་བས། འགྲན་བསྡུར་འགྲན་བསྡུར་ཟེར་བ་ཡང་མདོར་དེད་ན་ཕྱོགས་འདི་གསུམ་པོའི་ཆ་ནས་བསྡུར་དགོས་ནི་རེད།དེ་ཡིན་ན་ད་བར་དུ་བདུང་ལེན་པ་འགྲན་ཞུགས་པ་ཚང་མར་བལྟས་ཡོང་ན་ཁྱེད་ལྟ་བུའི་སྐད་ངག་དང་བདུང་རྩལ། ཚིག་ལ་སོགས་པའི་ཐོག་ནས་འདི་འདྲ་ཞིག་ཐོག་དང་བོར་ཐུག་ནི་རེད། དེ་ཡིན་ན། སེམས་ནས་ཤིན་ཏུ་དགའ་ནི་ཟིག་རེད།དེའི་འཕྲོ་ནས་རེ་བ་ཞིག་ཡོད་པ་ནི། དཔེར་ན་ང་ཚོའི་འདིའི་བརྗོད་དོན་ནི་སེམས་ལ་སེར་ཐིག་ལྷུང་སོང་ཟེར་གི། ཚིག་འདིའི་ཐོག་ནས་མཚོན་བཞིན་པ་གཙོ་བོ་སེམས་ལ་རྨ་ཁ་ཕོག་པ་སྟེ་སེམས་སྐྱོ་བ་དང་ཡང་ན་སེམས་སྡུག་པའི་དོན་འདི་མོ་མཚོན་བཞིན་འདུག

དེ་ཡིན་ན། བདུང་ལེན་པ་ཞིག་ཡིན་ན་ཁོས་ཕྱོགས་འདི་ལ་ཤིན་ཏུ་བསམ་བློ་གཏོང་རྒྱུ་གལ་ཆེན་ཞིག་རེད། ཁྱེད་ཀྱི་བདུང་རྩལ་ཡིན་ན་མགོ་ནས་འདྲེན་པའི་ཚུལ་དུ་མངོན་པ་འདི་དངོས་ནས་བཟང་གི། དེའི་ཕྱོགས་ནས་མགོ་རྔ་མ་ཚང་མ་ཆ་ཚང་རེད། བདུང་རྩལ་ངོམ་པ་བཟང་གི། འདིའི་བརྗོད་དོན་གྱི་རྣམ་པ་ལ་སེམས་ཀྱིས་ཅི་ཞིག་མཚོན་དགོས་པ་ལ་བསམ་བློ་གཏོང་དགོས་བགྱི་ཞིག་རེད། དགའ་བ་མཚོན་བཞིན་ཡོད་དམ་སྐྱོ་བ་མཚོན་གྱིན་ཡོད། དགའ་སྐྱོ་ཆགས་སྡང་གང་ཞིག་མཚོན་གྱིན་ཡོད་པ་སེམས་ཀྱི་རྣམ་པར་ད་རུང་བསམ་བློ་གཏོང་དགོས། དབྱངས་རྟའི་རྣམ་པའི་ཚུལ་དུ་སོང་ན། ཅུང་དགའ་བ་དང་སྤྲོ་བའི་ཚུལ་ལྡན་པ་དེ་འདྲ་ཡང་རེད། སྦྱོར་བའི་ཕྱོགས་ནས་ད་རུང་ཞིབ་ཏུ་བསམ་བློ་གཏོང་རྒྱུ་ཡོད་ཀི་བསམ་བྱུང་།

     སྐལ་བཟང་བཀྲ་ཤིས། རྨ་ཆུ་དངུལ་རྭར་སྐྱེས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བདུན་པའི་མཐར་ཕྱིན་འཛིན་གྲྭ་ཡིན། ཉིས་སྟོང་བཅུ་བཞི་ལོར་སློབ་མཐར་ཕྱིན་ཏེ་དགེ་རྒན་རྣམ་པའི་གདམས་པ་ལྟར་བདུང་ལེན་སྒྱུ་རྩལ་སྦྱང་བ་ཧུར་ཐག་བྱས། མིག་སྔར་བོད་ཁུལ་གྱི་ཁྲི་སྒོར་རྟགས་མ་སོགས་བདུང་ལེན་འགྲན་བསྡུར་འགར་ཨང་དང་བོ་དང་གཉིས་པའི་དགའ་རྟགས་ཐོབ་མྱོང་། དེ་རིང་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་བདུང་ལེན་སྐབས་བདུན་པའི་གདན་ཐོབ་དཔང་ཡིག་ཐོབ་ཅིང་བོད་ཁུལ་ཡོངས་ལ་མངའ་རིས་སྒྲ་སྙན་བདུང་རྩལ་གྱི་ཐོལ་བརྒལ་རང་བཞིན་གྱི་ཚ་རླབས་འཕྱུར་དུ་བཅུག

གསར་འགོད་པ། ཐེབ་ཐོགས་ཕྲུག


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85xb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528161
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།