མིའི་རིགས་ཀྱི་མ་འོངས་པའི་བསམ་གཞིགས་ཆེན་པོ་བཅུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་ཆོས་དང་ཚན་རིག »མིའི་རིགས་ཀྱི་མ་འོངས་པའི་བསམ་གཞིགས་ཆེན་པོ་བཅུ།
མིའི་རིགས་ཀྱི་མ་འོངས་པའི་བསམ་གཞིགས་ཆེན་པོ་བཅུ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-07-13ལྟ་ཀློག (8675)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མིའི་རིགས་ཀྱི་མ་འོངས་པའི་བསམ་གཞིགས་ཆེན་པོ་བཅུ།

སྤྲེལ་ཉི་མ་རྒྱལ་མཚན་གྱིས་བསྒྱུར།

     རྩོམ་ཡིག་འདིའི་ནང་འཛམ་གླིང་གི་ལོ་རྒྱུས་པ་གྲགས་ཅན་རྩོམ་པ་བོ་ཡུའུ་ཝོལ་ནོ་ཧི་ར་རེས་Yuval Noah Harariཀྱིས་བརྩམས་པའི་༼དེ་རིང་གི་ལོ་རྒྱུས་མདོར་བསྡུས་༽ཞེས་པའི་དེབ་ཀྱི་ནང་དོན་གནད་བསྡུས་དོན་ཚན་བཅུའི་རྣམ་པས་བསྒྱུར་ཡོད།


དང་པོ།  གཞི་གྲངས་ནི་དུས་རབས་ཉེར་གཅིག་པའི་རྒྱུ་ནོར་གཙོ་བོ་ཡིན།

     མིས་བཟོས་རིག་ནུས་དང་སྐྱེ་དངོས་ལག་རྩལ་གྱིས་ད་ཡོད་སྤྱི་ཚོགས་ཀྱི་གནས་སྟངས་ལ་མགོ་རྟིང་སློག་བཞིན་ཡོད།  གཞི་གྲངས་ནི་དུས་རབས་ཉེར་གཅིག་པའི་རྒྱུ་ནོར་གཙོ་བོ་ཡིན་ལ།  གཞི་གྲངས་ཧམ་འཕྲོག་གི་འགྲན་བསྡུར་གཞི་ནས་འགོ་ཚུགས་སོང་། གཞི་གྲངས་སྒེར་སྡེམ་པ་ཆེན་པོ་རྣམས་ཀྱིས་དེང་གི་དུས་འདིར་APPདང་ཐོན་རྫས་ཀྱིས་དངུལ་ག་ཚོད་ཀྱི་ཁེ་བཟང་ལེན་ཐུབ་མིན་ལས་གཞི་གྲངས་ག་ཚོད་འཚོལ་སྡུད་བྱེད་ཐུབ་མིན་ལ་དཔྱད་དཔོག་བྱེད་བཞིན་ཡོད།  ཐོན་རྫས་འགའ་ཤས་ཀྱིས་ཁེ་བཟང་རག་གི་མེད་པ་མ་ཟད་ཐ་ན་དུས་ཐུང་ནང་མ་རྩ་རྡིབ་བཞིན་ཡོད་ཀྱང་གཞི་གྲངས་ཐོབ་པ་ཡིན་ན་རིན་ཐང་ཆེན་པོ་ལྡན། དེའི་ཕྱིར་གཞི་གྲངས་ཀྱིས་ཕན་ཐོག་ཅི་ཡོད་ལ་མི་བལྟ་བར་སྔོན་ལ་འཚོལ་སྡུད་ལེགས་པོ་བྱས་རྗེས་ད་གཟོད་བཤད་ཆོག་ཅིང་། རྒྱུ་མཚན་འདི་ནི་མ་འོངས་པའི་འཚོ་བ་ཚོད་འཛིན་དང་གསར་བཟོ་བྱེད་པའི་གནད་འགག་ཅིག་ཡིན།

    མ་མཐར་ཡང་དེང་སྐབས་མི་རྣམས་ཀྱིས་རང་གི་ཆེས་རིན་ཐང་ལྡན་པའི་རྒྱུ་ནོར་༼ཁོང་ཚོ་མི་སྒེར་གྱི་ཆ་འཕྲིན༽དོར་ནས་རིན་མེད་གློག་རྡུལ་ཡིག་ཟམ་ཞབས་ཞུ་དང་བརྙན་ལམ་སྣ་ཚོགས་ལ་བརྗེ་རྒྱུ་དགའ་བོ་འདུག་ལ། དེ་ནི་དཔེར་ན་ཧྥེ་གླིང་གི་གདོད་མའི་ཚོ་བ་ཞིག་གིས་སྣང་འཇོག་མ་བྱས་པར་རྒྱལ་ཁབ་ཧྲིལ་བོ་ཡོ་རོབ་ཀྱི་རྒྱལ་ཁབ་ཅིག་ལ་གོང་ཁེ་པོའི་མུ་ཏིག་དང་རྒྱན་ཆ་ལ་བརྗེས་པ་དང་འདྲ།    རྗེས་སོར་ཡོད་ཚད་ཕལ་ཆེར་དྲ་རྒྱ་ལ་བརྟེན་དགོས་ཕྱིར་གཞི་གྲངས་ཕྱི་ལ་ཤོར་བར་འགོག་པའི་ལས་ཀ་དཀའ་ནས་དཀའ་རུ་ཕྱིན་འགྲོ།  

གཉིས་པ། ང་ཚོ་གཞི་གྲངས་སྒེར་སྡེམ་ཆེན་པོ་དག་གི་ཚོང་རྫས་ཡིན་པ་ལས་སྤྱོད་མཁན་མིན།

      ཀོའུ་ཀུལ་དང་Facebookལྟ་བུའི་གཞི་གྲངས་སྒེར་སྡེམ་ཆེན་པོ་རྣམས་ཀྱིས་རིན་མེད་ཆ་འཕྲིན་གྱི་ཞབས་ཞུ་དང་རོལ་རྩེད་སོགས་ཀྱིས་ང་ཚོ་འགུགས་བཞིན་མཆིས་ལ་དེའི་དམིགས་ཡུལ་ངོ་མ་ནི་ང་ཚོའི་གཞི་གྲངས་འབོར་ཆེན་ཐོབ་རྒྱུ་དེ་ཡིན། དོན་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ང་ཚོ་སྔ་མོ་ནས་ཁོང་ཚོའི་ཚོང་རྫས་ཡིན་པ་ལས་སྤྱོད་མཁན་མིན།

    དུས་རིང་པོར་བལྟས་བཤད་ན་ཁོང་ཚོར་གཞི་གྲངས་དང་རྩིས་རྒྱག་ནུས་པ་འདང་ངེས་ཐོབ་པ་ཡིན་ན་ཚེ་སྲོག་གི་ལྐོག་གྱུར་གྱི་གསང་བ་སེལ་ཐུབ་ལ། ང་ཚོར་གདམ་ག་བྱེད་དུ་འཇུག་པ་དང་ཡང་ན་ང་ཚོ་ཚོད་འཛིན་བྱེད་ནུས་པ་མ་ཟད།  ཐ་ན་ཚེ་སྲོག་བསྐྱར་དུ་ཇུས་འགོད་དང་སྐྱེ་མེད་ཚེ་སྲོག་གི་རྣམ་པའང་བསྐྲུན་ཐུབ་ངེས་སོ།།

གསུམ་པ། གཞི་གྲངས་ཀྱི་བདག་དབང་དུས་རབས་འདིའི་ཆེས་གལ་ཆེ་བའི་ཆབ་སྲིད་ཀྱི་གྲོས་དོན་ཞིག་ཏུ་ཆགས་ངེས།

     གཞི་གྲངས་སྒེར་སྡེམ་ཆེན་པོ་དག་གིས་ང་ཚོ་ལ་རང་ཉིད་ལས་ཀྱང་རྒྱུས་མངའ་ཡོད་དུས་དྲ་ལམ་ནི་འཚོ་ཐབས་ཀྱི་རྣམ་པ་ཞིག་ཏུ་ཆགས་ངེས། སྲིད་གཞུང་གིས་གཞི་གྲངས་མཐུན་གཉེར་ཁང་ལ་ཁྲལ་བསྡུ་བྱེད་པ། གཞི་གྲངས་ཀྱི་བདག་དབང་དོན་དམ་པར་སུ་ལ་ཡོད་པ།  ཁེ་ལས་ལ་དབང་ངམ་ཡང་ན་སྲིད་གཞུང་དང་མི་སྒེར་ལ་དབང་སྲིད།

     གཞི་གྲངས་ཆེན་པོ་རྩི་ཐབས་ཀྱི་རང་དབང་བོར་ནས་ལོ་རྒྱུས་སྟེང་ཆེས་དྲང་བདེན་མིན་པའི་སྤྱི་ཚོགས་ཤིག་གསར་སྐྲུན་བྱས་ཏེ་རྒྱུ་ནོར་དང་དབང་ཆ་ཡོད་ཚད་ཕུལ་ཏུ་བྱུང་བའི་མི་སྣ་ཉུང་ཤས་ཤིག་གི་ལོངས་སྤྱོད་དུ་གྱུར་ནས། གཞི་གྲངས་ཀྱི་བདག་དབང་དུས་རབས་འདིའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཏུ་འགྱུར་ངེས། གལ་ཏེ་གནད་དོན་འདི་ཐག་གཅོད་བྱེད་མ་ཐུབ་པ་ཡིན་ན་འཛམ་བུ་གླིང་གོད་ཆག་ཆེན་པོར་འཕྲད་པའི་ཉེན་ཁ་ཡོད་སྲིད། 

བཞི་བ། མིའི་རིགས་ཀྱི་ཚེ་ཐག་རིང་དུ་སོང་བས་ཁྱོད་ཀྱིས་ལོ་བཅུ་རེ་ནས་ལས་རིགས་རེ་བརྗེ་དགོས་པ་སྲིད། 

     རྒྱུད་རྒྱུའི་བཟོ་བཀོད་དང་སླར་སྐྱེ་གསོ་རིག ནྰ་སྨིའི་ཚན་རྩལ་སོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་མིའི་ཚེ་ཐག་ལོ་༡༢༠ཡན་ལ་སླེབ་སྲིད། རྒན་གསོའི་ཐོན་ལས་ནི་མིའི་རིགས་ཀྱི་ངལ་རྩོལ་ནུས་ཤུགས་ཚོང་རའི་ཁྲོད་འཕེལ་རྒྱས་འགྲོ་བ་ཆེས་མགྱོགས་པའི་ལས་རིགས་ཤིག་ཡིན་ངེས། མ་འོངས་སྔོན་དཔག་རིག་པ་བ་ཁུའུ་ཚི་ཝེར་གྱིས་སྤྱི་ལོ་2050ལོར་སླེབས་དུས་ལུས་ཕུང་བདེ་ཐང་དང་དཔལ་འབྱོར་གྱི་ཆ་རྐྱེན་ལྡན་པ་ཡིན་ན་མིའི་རིགས་ཀྱིས་ཕལ་ཆེར་ལོ་བཅུ་རེ་ནས་འཆི་བདག་ལ་མགོ་སྐོར་ཐེངས་རེ་གཏོང་ཆོག་ཅིང་ལྷ་ཚེ་རིང་ལྟ་བུ་ཡིན་ཞེས་བཤད་ཡོད། ཚེ་ཐག་རིང་བོར་སོང་རྗེས་མིའི་སྤྱི་ཚོགས་ཀྱི་ཁྱིམ་ཚང་གི་སྒྲིག་གཞི་དང་གཉེན་སྒྲིག ཕ་བུའི་འབྲེལ་བ། མི་སྒེར་གྱི་ལས་ཀ་གཉེར་ཚུལ། ད་དུང་སྤྱི་ཚོགས་འགན་སྲུང་དང་ལས་འཁྱུར་ངལ་གསོའི་དངུལ། འཕྲོད་སྟེན་མ་ལག ནོར་སྲིད་ལམ་ལུགས་སོགས་ལ་གནམ་ས་ལྟ་བུའི་འགྱུར་ལྡོག་འབྱུང་ངེས། ཁྱོད་ཀྱིས་བསམ་བློ་ཞིག་ཐོངས་དང་། གལ་ཏེ་ལོ་༡༥༠གསོན་ཐུབ་ཡིན་ན་ལོ་བཞི་བཅུའི་སྟེང་གཉེན་སྒྲིག་བྱས་ཀྱང་ད་དུང་ལོ་༡༡༠་འཚོ་ཆོག་ལ། དེ་དུས་གཉེན་སྒྲིག་ཐེངས་མང་བྱེད་པ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ཞིང་། མིས་ལས་ཀ་བྱེད་ཡུན་ཡང་ད་ལྟ་ལས་ཤིན་ཏུ་རིང་།  དེ་རིང་ལོ་ལྔ་བཅུ་སོན་པའི་ཁྱོད་ཀྱིས་རང་ལ་འགྱུར་ལྡོག་ཅི་ཡང་གཏོང་མི་བསམ་པར་བློ་བདེ་བག་ཕེབས་ཀྱིས་ཚེ་སྨད་བསྐྱལ་འདོད།

     འོན་ཀྱང་མ་འོངས་པ་ན་ལོ་༩༠སླེབས་དུས་སྔར་བཞིན་ཉིན་རྒྱུན་ཤེས་བྱ་གསར་བ་སློབ་སྦྱོང་བྱེད་དགོས་ཤིང་ཐ་ན་ལོ་བཅུ་རེ་ནས་ལས་རིགས་རེ་བརྗེས་སྲིད་དོ།།

 ལྔ་བ། མིས་བཟོས་རིག་ནུས་(AI人工智能)དང་རྒྱལ་འདོད་པ་ལས་མཉམ་འབྲེལ་བྱས་ན་ལེགས། 

    ལས་ཤོར་གྱི་འཇིགས་ཉེན་ནི་ཆ་འཕྲིན་ལག་རྩལ་དར་བའི་རྐྱེན་གཅིག་པུ་མིན་པར་ཆ་འཕྲིན་ལག་རྩལ་དང་སྐྱེ་དངོས་ལག་རྩལ་གཉིས་མཉམ་འདྲེས་བྱས་པས་ཡིན། མ་འོངས་པར་མི་ཚེ་གང་བོ་ལས་ཀ་གཅིག་གཉེར་རྒྱུ་ཕར་ཞོགས་ཆེད་ལས་གཅིག་གི་ཁྱབ་ཁོངས་ནས་ལས་ཀ་བསྒྲུབ་རྒྱུའང་དཔེ་མི་སྲིད། མིའི་རིགས་མིས་བཟོས་རིག་ནུས་ལས་རྒྱལ་འདོད་པ་ལས་དེའི་སྲུང་སྐྱོང་དང་བེད་སྤྱོད་སྟེང་བསམ་བློ་བཏང་ན་ལེགས། དཔེར་ན་མི་མེད་གནམ་གྲུས་འཕུར་སྐྱོད་པའི་ཚབ་བྱས་པ་ནང་བཞིན་ལས་ཀ་འགའ་ཤས་ཤིག་མངོན་གསལ་གྱིས་ཡལ་བཞིན་ཡོད།  འོན་ཀྱང་དེ་དང་མཉམ་དུ་སྲུང་སྐྱོང་དང་རྒྱང་རིང་ཚོད་འཛིན། གཞི་གྲངས་དབྱེ་ཞིབ། དྲ་རྒྱའི་བདེ་འཇགས་སོགས་ཕྱོགས་ནས་ལས་ཀ་གསར་བའི་གོ་སྐབས་མང་པོ་ཞིག་གསར་སྐྲུན་བྱས་ཡོད།

       དེའི་ཕྱིར་མ་འོངས་ལོ་བཅུ་ཕྲག་འགའི་ལས་ཞུགས་ཚོང་རའི་ཁྱད་ཆོས་གཙོ་བོ་ནི་མིའི་རིགས་དང་མིས་བཟོས་རིག་ནུས་ཀྱི་མཉམ་འབྲེལ་ཡིན་པ་ལས་འགྲན་རྩོད་ཡིན་མི་སྲིད། གཉེན་རྟོག་ལས་དོན་ནས་དངུལ་ཁང་སོགས་ཀྱི་ཁྱབ་ཁོངས་སོ་སོའི་བར་མིའི་རིགས་དང་མིས་བཟོས་རིག་ནུས་ཀྱི་མཉམ་འབྲེལ་ལས་ཀ་དེ་མིའི་རིགས་རྐྱང་བ་དང་ཡང་ན་རྩིས་འཕྲུལ་རྐྱང་བའི་ལས་ཀ་ལས་ཧ་ཅང་ནུས་པ་ལྡན་ནོ།།

དྲུག་པ། སྤྱི་ཚོགས་བདེ་སྐྱིད་ཀྱི་དམིགས་ཡུལ་ནི་མིའི་བསམ་བློའི་དོན་སྙིང་དང་ཚོགས་པའི་རེ་སྙེག་སྐོང་རྒྱུ་དེ་ཡིན་སྲིད།

    མ་འོངས་པར་མིའི་རིགས་ཀྱི་ལས་ཀ་ཕལ་ཆེ་བ་འཕྲུལ་མིས་བསྒྲུབ་ཅིང་ང་ཚོ་ལས་ཀའི་དུས་རབས་མཐའ་མར་སྙེག་བཞིན་ཡོད་ཅིང་།  ལས་ཀ་ནི་མི་མང་ཤས་ཀྱི་འཚོ་གནས་བྱེད་སྟངས་མིན།  མིའི་རིགས་ནི་རྟོག་བཟོའི་ནུས་པ་ལྡན་པའི་སྐྱེ་དངོས་ཤིག་ཡིན་པས་ཆ་ནས་མི་ཚེའི་ཡིད་ཚིམ་ཚད་ནི་མི་ཚེའི་དོན་སྙིང་དང་སྤྱི་ཚོགས་ཀྱི་འདོད་མོས་བརྩོན་ལེན་ལས་བྱུང་བ་ཡིན་པས་དེ་ནི་ལས་ཀ་བརྩོན་ལེན་ལས་གལ་ཆེན་དུ་འཛིན།

    མ་འོངས་པར་བདེ་སྐྱིད་ཀྱི་སྤྱི་ཚོགས་ཚད་གཞི་མང་ཤས་ནི་མི་དམངས་ཀྱི་བསམ་བློའི་འདོད་པ་ཚིམ་ཚད་ཡིན་ལ། མིའི་སྤྱི་ཚོགས་ཀྱི་གོ་གནས་དང་རང་གི་རིན་ཐང་ཡིན། གཅིག་བྱས་ན་དམངས་ཡོངས་ཀྱི་གཞི་རྩའི་ཡོང་འབབ་དང་གཞི་རྩའི་ཞབས་ཞུ་ནི་འགྲོ་ལམ་ཞིག་དང་ཁ་ཕྱོགས་ཤིག་ཡིན་སྲིད།

བདུན་པ། དངུལ་ལོར་མ་ལག་ལ་འཕོ་འགྱུར་ཆེན་པོ་འབྱུང་སྲིད་དེ། མ་འོངས་པར་སྲིད་གཞུང་གིས་ཆ་འཕྲིན་ལ་ཁྲལ་བསྡུ་བྱེད་ངེས།

     དེ་རིང་གི་དངུལ་རྩའི་མ་ལག་ནི་ཧ་ཅང་རྙོག་འཛིང་རྣམ་པར་གྱུར་ཡོད་ལ། མིས་བཟོས་རིག་ནུས་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་པ་དང་བསྟུན་ནས་མི་འགྱང་བར་དངུལ་རྩའི་མ་ལག་གི་ཁྱབ་ཁོངས་ན་མིའི་རིགས་ཀྱིས་སྒྲུབ་ནུས་པ་ཅི་ཡང་མེད་ཅིང་།  ཞིབ་ཚགས་ལྡན་པ་དང་དྲ་རྒྱ་འབྲེལ་བ། གསང་སྡོམ་དངུལ་ལོར་སོགས་གྱིས་དངུལ་ལོར་གྱི་མ་ལག་རྩ་བ་ནས་འགྱུར་ངེས་ཤིང་། དར་ཆེ་བའི་ཁྲལ་བསྡུའི་ལམ་ལུགས་བསྒྱུར་བཅོས་ཀྱང་དེ་དང་གཡོལ་ཐབས་བྲལ།

    དཔེར་ན་མ་འོངས་པའི་ཉོ་ཚོང་ཕྱེད་ཀར་རང་གི་རྒྱལ་ཁབ་ཀྱི་དངུལ་ལོར་དང་ཡང་ན་དངུལ་ལོར་གང་རུང་ཡང་བཀོལ་མི་དགོས་ལ།   རྒྱལ་ཁབ་ཀྱིས་དངུལ་ལོར་དམིགས་ནས་ཁྲལ་བསྡུ་བའང་མི་སྲིད། དེ་བས་སྲིད་གཞུང་གིས་གསར་རྐྱང་གི་ཁྲལ་བསྡུའི་རྣམ་པ་འདོན་དགོས་པ་སྲིད་དེ། དཔེར་ན་ཆ་འཕྲིན་ལ་ཁྲལ་བསྡུ་བ་ལྟ་བུའོ།།

བརྒྱད་པ། ང་ཚོ་གནས་ཚུལ་དངོས་མའི་དུས་སྐབས་མཐའ་མར་འགྲོ་བཞིན་ཡོད་ཅིང་ཁྱོད་ཀྱི་ཤེས་པ་ནི་ཁྱོད་ཀྱིས་རྟོག་བཀོད་ལས་ཉུང་། 

    མིའི་རིགས་ཀྱིས་རང་ཉིད་ཀྱིས་བསམ་བློ་གཏོང་བ་ཤིན་ཏུ་ཉུང་སྟེ། ཚོགས་པ་སྤྱི་ཡིས་བསམ་གཞིགས་བྱེད་པ་ཡིན། མི་རེ་རེས་ཤེས་པ་ཧ་ཅང་ཉུང་ནའང་ང་ཚོས་རང་ཉིད་ཀྱིས་མང་པོ་ཤེས་སོང་བསམ་ཡོད་ལ། དེའི་རྒྱུ་རྐྱེན་ནི་ང་ཚོས་གཞན་གྱི་ཀླད་པའི་ནང་གི་ཤེས་བྱའང་རང་ཉིད་ཀྱི་ཤེས་བྱ་ཡིན་པར་འདོད། མིའི་རིགས་ཀྱིས་ཚོགས་པའི་བསམ་གཞིགས་ལ་བརྟེན་དེ་ང་ཚོ་འཛམ་གླིང་གི་བདག་པོ་གྱུར་བ་རེད། འོན་ཀྱང་འཛམ་གླིང་རྙོག་འཛིང་ཅན་དུ་འགྱུར་བཞིན་ཡོད་ཅིང་ང་ཚོ་ཤེས་ཡོན་གྱི་འཁྲུལ་སྣང་དང་ཚོགས་པའི་རྨོངས་པར་ལྷུང་ཡོད་བཞིན་འདུག་ཅིང་།  དེ་དང་མཉམ་དུ་ང་ཚོའི་འཚོ་བ་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་གྱིས་གསར་བཟོ་བྱས་པས་གནས་ཚུལ་ངོ་མ་སྔ་མོ་ནས་མེད་དོ།། དངོས་ཡོད་དང་རྟོག་བཟོ་གསལ་འབྱེད་བྱེད་བསམ་ན་ཁྱོད་ཀྱིས་ཚན་རིག་གི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་བདེན་དོན་འཚོལ་དགོས་སོ།།

དགུ་བ། ཁྱིམ་བདག་དང་དགེ་རྒན་གྱིས་བྱིས་པར་ཁྲིད་དགོས་པ་ནི་འཚོ་གནས་ཀྱི་ཐབས་ཤེས་ཡིན་པ་ལས་ཆ་འཕྲིན་དང་ནུས་རྩལ་མིན།

     སྲོལ་རྒྱུན་གྱི་སློབ་གྲྭས་བྱིས་པར་ཆ་འཕྲིན་དང་ནུས་རྩལ་མང་པོ་ཁྲིད་ཡོད་ཀྱང་ལག་རྩལ་གྱི་འཕེལ་རྒྱས་ཀྱིས་དངོས་པོ་འདི་དག་མྱུར་བར་དུས་ལས་ཡོལ་ངེས། སྔོན་ཆད་རྒན་པའི་ཁ་ལ་ཉན་པ་ནི་བདེ་འཇགས་ཀྱི་གདམ་ཚན་ཞིག་ཡིན་ཡང་ད་ལྟ་ཁོང་ཚོས་ཁྱོད་ལ་བཤད་པ་ནི་ཕལ་ཆེར་དུས་ཡོལ་བའི་ཕྱོགས་ཞེན་ཡིན་སྲིད།

    འབྱུང་འགྱུར་གྱི་འཛམ་གླིང་ལ་མཐུན་འཕྲོད་ཡོང་བསམ་ན་ད་ལྟ་ང་ཚོས་བྱིས་པར་བསླབ་ཏུ་འཇུག་དགོས་པ་བཞི་སྟེ། མཐའ་དཔྱོད་རང་བཞིན་གྱི་བསམ་གཞིགས། འབྲེལ་འདྲིས། མཉམ་འབྲེལ། གསར་གཏོད་བཅས་ཡིན་ལ། སློབ་གྲྭས་ཆེད་དམིགས་ཀྱི་ལས་ཀའི་ནུས་རྩལ་ལ་བརྩི་མཐོང་ཆེན་པོ་མ་བྱས་ན་འོས་ཤིང་། རྒྱུན་སྤྱོད་ཀྱི་འཚོ་བའི་ནུས་རྩལ་གཙོ་བོར་འཛིན་པ་གལ། ཆེས་གལ་ཆེ་བ་ནི་སྐབས་དང་བསྟུན་ནས་འགྱུར་ལྡོག་གཏོང་ནུས་ཤིང་བྱ་དངོས་གསར་བ་སློབ་པ་དང་ཆ་རྒྱུས་མེད་པའི་ཁོར་ཡུག་ཁྲོད་སྔར་བཞིན་སེམས་ཁམས་བདེ་ལ་བབས་ནས་འཚོ་ཐུབ་པ་དེ་ཡིན་ནོ།།  

བཅུ་བ། རང་སེམས་ཀྱི་སྙིང་གཏམ་ལ་ཉན་ན་ཉེན་ཁ་འབྱུང་སྲིད།

     སྐྱེ་དངོས་ལག་རྩལ་དང་འཕྲུལ་མིའི་སློབ་སྦྱོང་རྒྱུན་ཆད་མེད་པར་ཡར་ཐོན་ཡོང་བར་བསྟུན་མིའི་རིགས་ཀྱི་ཧ་ཅང་ལྐོག་གྱུར་ཡིན་པའི་སེམས་ཁམས་དང་འདོད་པ་ཚོད་འཛིན་བྱེད་པ་དེ་བས་སྟབས་བདེ་རུ་འགྱུར་སྲིད། ནང་སེམས་ཀྱི་སྙིང་གཏམ་ལ་ཉན་པ་ཞེས་པའི་འོ་དྲི་འཐུལ་བའི་མི་ཚེ་ཡི་ལེགས་བཤད་འདིས་ཁྱེད་ལ་གནོད་པ་བསྐྱལ་སྲིད་དེ། ཀོའུ་ཀུལ་དང་ཡཱ་མ་ཞོན་སོགས་གཞི་གྲངས་སྒེར་སྡེམ་པ་ཆེན་པོ་དག་གིས་ཁྱོད་ཀྱི་ཀླད་ཆེན་གྱི་གཞི་གྲངས་ཁོང་དུ་ཆུད་པ་ན་ཁོ་ཚོ་ཁྱོད་ཀྱི་སྐྱེ་དངོས་ཚོད་འཛིན་མ་ལག་དུ་གསང་འཛུལ་བྱས་ཏེ་ལྷོད་བག་ངང་མཐེབ་གནོན་གཅིག་མནན་ནས་ཁྱོད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་ནུས། སྐབས་དེར་ཁྱོད་ཀྱིས་རང་སེམས་ཀྱི་སྙིང་གཏམ་དང་ཚོང་གཉེར་ཆེད་མཁས་པའི་ཚོང་གཏམ་གཉིས་ལས་གང་ཡིན་གསལ་འབྱེད་བྱེད་དཀའ། འདི་ཡོད་ཚད་ལ་ངོས་ལེན་བྱེད་དགོས་ན་ཁྱོས་ངེས་པར་དུ་རང་གི་མི་ཚེའི་དམིགས་ཡུལ་ཤེས་རྟོགས་བྱུང་དགོས་པ་དང་རང་ཉིད་ཀྱི་མི་ཚེ་ཡི་ཕྱིར་ཇུས་གཅོད་དབང་ཆ་དམ་པོར་ཉར་དགོས་སོ།།

གསར་འགོད་པ།   སྨྲ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504899
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།