རྒྱུཊ་ལེན་ཕྱིར་འགྱངས་དང་མེད་པར་བཟོས་པའི་སྐོར་གྱི་བརྡ་ཐོ་གལ་ཆེན།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 26 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »རྒྱུཊ་ལེན་ཕྱིར་འགྱངས་དང་མེད་པར་བཟོས་པའི་སྐོར་གྱི་བརྡ་ཐོ་གལ་ཆ
རྒྱུཊ་ལེན་ཕྱིར་འགྱངས་དང་མེད་པར་བཟོས་པའི་སྐོར་གྱི་བརྡ་ཐོ་གལ་ཆེན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2020-03-29ལྟ་ཀློག (759)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྒྱུཊ་ལེན་ཕྱིར་འགྱངས་དང་མེད་པར་བཟོས་པའི་སྐོར་གྱི་བརྡ་ཐོ་གལ་ཆེན།

青海省政府藏文网

  ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གནས་ཚུལ་གསར་པ། 2020ལོའི་རྒྱལ་ཡོངས་ཀྱི་རྩིས་གཉེར་ཆེད་ལས་ལག་རྩལ་གྱི་དམའ་རིམ་ཐོབ་ཐང་རྒྱུགས་ལེན་ཕྱིར་འགྱངས་བྱས་པ་དང་། རྒྱུགས་ལེན་དུས་ཚོད་དང་བྱ་བའི་བཀོད་སྒྲིག་ལོགས་སུ་བརྡ་ཐོ་གཏང་རྒྱུ་རེད།


སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་འཛིན་ཡིག་རྒྱུགས་ལེན་ཕྱིར་འགྱངས་བྱས།

  ཟླ3པའི་ཟླ་དཀྱིལ་དུ་གཏན་ཁེལ་བྱས་པའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་གྱི་རྒྱུགས་ལེན་དང་དེ་འབྲེལ་ལས་ཀ་ཕྱིར་འགྱངས་བྱས་པ་དང་། རྒྱུགས་ལེན་དུས་ཚོད་དང་མིང་ཐོ་འགོད་པའི་དུས་ཚོད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕེལ་རིམ་ལྟར་བརྡ་ཐོ་གཏང་རྒྱུ་རེད།


ACCA(རྒྱལ་སྤྱིའི་རྩིས་གཉེར་པ་ཐོ་འགོད་)ཟླ3པའི་རྒྱུགས་ལེན་ཕྱིར་འགྱངས་བྱས།

CMAཡི་ཡིག་རྒྱུགས་ཟླ5པའི་ཚེས10ཉིན་བར་བསྒྱུར་བ་རེད།

  2020ལོའི་ཟླ4པའི་ཚེས11ཉིན་འཚོག་རྒྱུ་གཏན་ཁེལ་བྱས་པའིCMAཡི་རྒྱ་ཡིག་ཡིག་རྒྱུགས2020ལོའི་ཟླ5པའི་ཚེས10ཉིན་བར་ཕྱིར་འགྱངས་བྱས་པ་རེད།


CIA/CCSAརྒྱུགས་ལེན་ཟླ5པའི་ཚེས7ཉིན་ནས་ཟླ5པའི་ཚེས16ཉིན་བར་ཕྱིར་འགྱངས་བྱས་པ་རེད།

  ཟླ3པའི་ཚེས1ཉིན་ནས་ཟླ3པའི་ཚེས10ཉིན་བར་གཏན་ཁེལ་བྱས་པའི2020ལོའིCIA/CCSAཡི་རྒྱུགས་ལེན་ཐེངས་དང་པོ་ཟླ5པའི་ཚེས7ཉིན་ནས་ཟླ5པའི་ཚེས16ཉིན་བར་ཕྱིར་འགྱངས་བྱས།


ཟླ་གསུམ་པའི་ཐེབས་རྩའི་ལས་ཞུགས་རྒྱུགས་ལེན་ཕྱིར་འགྱངས་བྱས།

  དེ་སྔན་གཏན་འཁེལ་བྱས་པའི་ཟླ3པའི་ཚེས14ཉིན་གྱི་དུས་བཅད་ཟོག་ཚོང་གི་ལས་ཞུགས་རྒྱུགས་ལེན་ཕྱིར་འགྱངས་བྱས།


  ཀྲུང་གོའི་མི་དོན་རྒྱུགས་ལེན་དྲ་བ་ནས་བརྡ་ཁྱབ་བཏང་བ།

བློ་འདྲི་བཟོ་སྐྲུན་སློབ་དཔོན(མ་དངུལ་གཏོང་འཇོག)དང་། ཐོ་འགོད་ཨར་ལས་མཁས་ཅན། ཁོར་ཡུག་གི་ཤུགས་རྐྱེན་ལ་གདེང་འཇོག་བྱེད་མཁན་ལག་རྩལ་མཁས་པ། རྩིས་འཁོར་ལག་རྩལ་དང་མཉེན་ཆས་ཆེད་ལས་ལག་རྩལ་གྱི་ཐོབ་ཐང་། (ལོ་སྟོད)ཡིག་རྒྱུགས་ཕྱིར་འགྱངས་བྱས་པ་དང་། ཡིག་རྒྱུགས་ཀྱི་དུས་ཚོད་དང་ལས་ཀའི་བཀོད་སྒྲིག་ལོགས་སུ་བརྡ་ཐོ་གཏང་རྒྱུ་རེད།


རྒྱལ་ཡོངས་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་ཕྱིར་འགྱངས་བྱས་པ།

  2020ལོའི་ཟླ4པའི་ཚེས11ཉིན་ནས་ཚེས12ཉིན་བར་འཚོག་རྒྱུའི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་ཕྱིར་འགྱངས་བྱས་པ་དང་། རྒྱུགས་ལེན་དུས་ཚོད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕེལ་རིམ་ལ་གཞིགས་ནས་བརྡ་ཐོ་གཏང་རྒྱུ་རེད།


མཐོ་རིམ་སློབ་གྲུའི་དམིགས་བསལ་རིགས་ཀྱི་སློབ་བསྡུའི་རྒྱུགས་ལེན་དང་མཐོ་རིམ་ལས་རིགས་ཀྱི་རྐྱང་བསྡུ་ཕྱིར་འགྱངས་བྱས་པ།

  2020ལོའི་ཟླ3པའི་ཚེས21དང22ཉིན་གྱི་རྒྱལ་ཡོངས་དབྱིན་ཡིག་རིམ་པའི་རྒྱུགས་ལེན(PETS)་དང་།

དབྱིན་ཇའི་ཆེད་ལས་རིམ་པ་བརྒྱད་པའི་ཡིག་རྒྱུགས། དབྱིན་ཇའི་ཆེད་ལས་རིམ་པ་བཞི་པའི་ཡིག་རྒྱུགས་བཅས་ཕྱིར་འགྱངས་བྱས་པ་དང་། ཡིག་རྒྱུགས་དུས་ཚོད་ལོགས་སུ་བརྡ་ཐོ་གཏང་རྒྱུ་རེད།


རྒྱལ་ཡོངས་རྩིས་འཁོར་བཀོལ་སྤྱོད་ཆུ་ཚད་རྒྱུགས་ལེན(NIT)དང་།

རྒྱལ་ཡོངས་རྩིས་འཁོར་རིམ་པའི་རྒྱུགས་ལེན། (NCRE)ཕྱིར་འགྱངས་བྱས་པ་དང་། ཡིག་རྒྱུགས་དུས་ཚོད་ལོགས་སུ་བརྡ་ཐོ་གཏང་རྒྱུ་རེད།

ཟླ་གསུམ་པའི་ཐའོ་ཧྥུ་རྒྱུགས་ལེན་གྱི་བཀོད་སྒྲིག་མེད་པར་བཟོས་པ།

  སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་དང་། དེ་བཞིན་ཐའོ་ཧྥུ་ཡི་གཞུང་ཕྱོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བརྡ་ཐོ་བཏང་ནས་ཀྲུང་གོ་སྐམ་ས་ཆེན་མོའི་ཟླ་གསུམ་པའི་ཐའོ་ཧྥུ་ཡིག་རྒྱུགས་ཚང་མ་མེད་པར་བཟོས་པ་རེད།


ཟླ3པའི་རྒྱལ་ཡོངས་ཁྱབ་ཁོངས་ཀྱི་ཡཱ་སིའི་ཡིག་རྒྱུགས་མེད་པར་བཟོས་པ།

  སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་ཀྱི་ཞིབ་འཇུག་གྲོས་བསྡུར་བྱས་པ་བརྒྱུད། རྒྱལ་ཡོངས་ཁྱབ་ཁོངས་ཀྱི2020ལོའི་ཟླ3པའི་ཡཱ་སིའི་ཡིག་རྒྱུགས་ཚང་མ་མེད་པ་བཟོ་རྒྱུ་དང་། ཡིག་རྒྱུགས་ཀྱི་འགྲོ་གྲོན་ཚང་མ་རྒྱུགས་སྤྲོད་སློབ་མ་མི་སྒེར་གྱི་ཐོ་འགོད་རྩིས་ཁྲར་ཕྱིར་སློག་བྱ་རྒྱུའི་གཏན་ཁེལ་བྱས་འདུག

  གསལ་བཤད། རྒྱུགས་ལེན་སྲིད་ཇུས་དང་དེ་འབྲེལ་བརྗོད་བྱ་རྒྱུན་ཆད་མེད་པར་འགྱུར་བ་དང་ལེགས་སྒྲིག་བྱས་པས། གོང་གསལ་གྱི་ཆ་འཕྲིན་དག་དཔྱད་གཞི་ཙམ་དུ་འདོན་སྤྲོད་བྱས་པ་ཡིན་ལ། གལ་ཏེ་བསམ་འཆར་མི་མཐུན་པ་ཡོད་ཚེ། རྒྱུགས་སྤྲོད་སློབ་མས་གཞུང་གི་སྡེ་ཁག་ཚད་མ་ནས་གསར་དུ་ཁྱབ་སྒྲོག་བྱས་པའི་ནང་དོན་ཚད་གཞིར་གཟུང་དགོས།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
6350118
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།