ཨམ་ཕྲག་ནང་གི་གླེང་མོལ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 31 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »ཨམ་ཕྲག་ནང་གི་གླེང་མོལ།
ཨམ་ཕྲག་ནང་གི་གླེང་མོལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2020-03-16ལྟ་ཀློག (720)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

ཨམ་ཕྲག་ནང་གི་གླེང་མོལ།


གཙང་སྐྱེས་ཐུབ་བསྟན་ཡེ་ཤེས།
མ་ཡུམ་བཀའ་དྲིན་ལྷུན་པོའི་དཔངས་ལས་མཐོ།།         
སློབ་བུའི་ཕྱི་ཐག་གཙང་བོའི་རྒྱུན་ལས་རིང་།།          
ཉིན་གཅིག་སྒོར་གཅིག་འབུལ་བའི་དགེ་ལས་འདི།།                 
རྒྱུ་ཆེན་མིན་ཀྱང་སེམས་པ་མཚོན་བྱེད་ཡིན།།              

རང་རིགས་མེས་པོས་དབྱངས་གསལ་ཟློ་བཞིན་དར།།
རང་ཅག་རྣམས་ཀྱིས་དབྱངས་གསལ་སྐྱོར་བཞིན་འཚར།།
ཕྱི་རབས་གཞོན་སྐྱེས་དག་ཀྱང་དབྱངས་གསལ་གྱི།།
གསེར་གྱི་འོད་ལ་བརྟེན་དགོས་ཀུན་གྱིས་ཤེས།།

ང་ཡི་ཤ་རུས་ཀ་ཁ་ག་ང་ཡིན།།
ཁྱོད་ཀྱི་ཚེ་སྲོག་ཨི་ཨུ་ཨེ་ཨོ་ཡིན།།
འུ་ཅག་ཚང་མ་དབྱངས་གསལ་འགྱུར་ཁུགས་ཁྲོད།།
ལང་ཚོར་འོད་ཀྱིས་འཁྱུད་འདི་མ་ཡུམ་དྲིན།།

རླབས་ཆེན་ལས་རིགས་གཉེར་བའི་གྲགས་སྙན་ཅན།།
འཁོས་ཆུང་སོ་ཚིས་སྒྲུབ་པའི་རང་མཉམ་གྲོགས།།
མཐོ་དམན་གྲོགས་དག་མ་ཡུམ་སློབ་གླིང་ནས།།
སེམས་ལ་གཤོག་རྩལ་རྒྱས་པ་དབྱངས་གསལ་དྲིན།།

དབྱངས་གསལ་སོ་བཞི་བརྟེན་སའི་མ་ཡུམ་འདི།།

ནད་མེད་ཚེ་རིང་ལོ་བརྒྱ་འོང་དགོས་ན།།

མ་མཐའ་ཡིན་ཡང་ཉིན་རེར་ཐེངས་རེ་ལ།།
མ་ཡུམ་དྲིན་དྲན་དྲིན་གཟོའི་མེལ་ཚེ་དགོས།།

མ་ཡུམ་སློབ་གླིང་འཆི་མེད་རྒས་མེད་མིན།།
མ་ཡུམ་སློབ་གླིང་ཆག་མེད་འཇིག་མེད་མིན།།
མ་ཡུམ་དྲིན་གྱིས་བསྐྱངས་པའི་སློབ་བུ་ཚོས།།
མ་ཡུམ་སྐུ་ཚེའི་སྲུང་རིམ་འབད་པར་རིགས།།  

རྒྱུ་དང་འབྱོར་བ་ཡོད་ཀྱང་མེད་ཀྱང་རུང་།།

ཡུལ་དང་དུས་ཀྱིས་བསྐལ་ཡང་མ་བསྐལ་ཡང་།།                                                      

དགེན་གྱི་བཀའ་དྲིན་སློབ་གླིང་འབྱུང་འགྱུར་ལ།།                                                   

བསམ་ན་ཉིན་གཅིག་སྒོར་གཅིག་དཀའ་མོ་མིན།།


མེ་ཏོག་ཆུང་ཡང་ལྷ་རྫས་མཆོད་སྤྲིན་རྟེན།།
གུར་ཀུམ་ཉུང་ཡང་སྨན་གྱི་སྦྱོར་སྡེར་མཁོ།།
ཞེས་པའི་དཔེ་བཞིན་ཉིན་གཅིག་སྒོར་གཅིག་གི།   
དགེ་ལས་འདི་ཀོ་ཚེགས་ཆུང་དོན་ཆེན་སྙམ།།

ནམ་རྒྱུན་ངག་ནས་རིག་གཞུང་དར་རྒུད་དང་།།
སེམས་ལ་རིགས་ཀྱི་འབྱུང་འགྱུར་ཐོགས་ཡོད་ཅེས།།
ཁ་ཕོ་མཐོ་བའི་འུད་སྒྲོགས་མི་དགོས་སོ།།
ཉིན་གཅིག་སྒོར་གཅིག་ཕུལ་དང་དཔའ་རྒོད་ཡིན།།

དམར་ཆུང་སྲོག་གི་སྐྱ་ཡར་བདམ་ཐུབ་པའི།།
སྙིང་གི་གཅེས་ལོ་སྙིང་འདྲའི་ཕྱི་རབས་པ།།
ཕ་སྐད་མ་ཡིག་འདི་ལ་བརྟེན་དགོས་ཤིང་།།
བརྟེན་པའི་དགེ་མཚན་ཤེས་ན་ལས་འདི་སླ།།

མེས་པོའི་ཤུལ་བཞག་སྲིད་འབྱོར་རིག་གསུམ་དང་།།
མི་རིགས་གསོན་པོར་འཚོ་བའི་བླ་དང་སྲོག།
དབྱངས་གསལ་སོ་བཞི་འདི་ལས་གཞན་མེད་པའི།།
གལ་ཆེན་དོན་གནད་སོམས་དང་གོ་རྒྱུ་ཡོད།།

འདི་ལ་བཙན་པོའི་ཁྲལ་གྱིས་འདེད་མཁན་མེད།།     
འདི་ལ་གཡོ་སྒྱུས་བསླུ་བྲིད་གཏོང་མཁན་མེད།།          
འདི་ནི་རང་ངོས་རང་མོས་རང་འཐད་ཀྱིས།།
རང་གི་རིགས་ལ་སྲི་ཞུ་བསྒྲུབ་ཚུལ་ཡིན།།      

སེམས་བསྐྱེད་གཙང་ན་འདི་དོན་ཕྱི་དོན་ཡིན།།                              

སྤྲོ་བས་ཕུལ་ན་རིགས་ལ་ཞབས་ཞུ་ཡིན།།                     

ཡང་གཅིག་བསམ་ན་རང་གིས་རང་ཉིད་ལ།།         
ཤ་རུས་བོད་མི་ཡིན་པའི་དན་རྟགས་ཡིན།།       

འུ་ཅག་མ་ཡུམ་སློབ་གླིང་འོད་ངོགས་ནས།།
གྱེས་ཏེ་ཉིན་ཞག་བདུན་སྟོང་འདས་ཟིན་མོད།།
ད་ལྟའི་བར་དུ་མ་ཡུམ་སློབ་གླིང་ལ།།   
འདི་ཞེས་སྲི་ཞུ་བསྒྲུབ་པ་ནམ་ཡང་མེད།།

དེའི་ཕྱིར་དེང་ཐོག་རང་མོས་ཁ་དན་བཞིན།།
ཉིན་རེར་ཐེངས་རེར་མ་ཡུམ་སློབ་གླིང་གི།
བཀའ་དྲིན་དྲན་ཞིང་རིགས་ཀྱི་ལས་དོན་གྱི།།
ཕུན་ཚོགས་ཐབས་འདི་ཅི་འདྲའི་ཡི་གར་འོང་།།

ཁ་ཅིག་འདི་ཉིད་འཁོས་ཆུང་མ་བསམ་དང་།།
ཆུ་ཐིགས་རྒྱ་མཚོར་འཁྱིལ་བའི་གཏམ་རྒྱུད་ཡོད།།
འགའ་ཞིག་ཁྲོ་བའི་མིག་ལོག་མ་མཛད་དང་།།
ཞིབ་པར་དཔྱད་ན་ལས་འདི་ཅི་འདྲའི་སླ།།

རིགས་ཀྱི་མགོ་རྣ་ཟེར་ན་འདི་ཡིན་ཏེ།།
རིགས་ལ་སྲི་ཞུ་སྙམ་ནའང་འདི་ལས་གཞན།།
དེའི་ཕྱིར་གྲོགས་དག་འདི་ལྟའི་ལས་དོན་ལ།།
དགའ་དང་སྤྲོ་བའི་ལག་འཇུ་ལྷོད་མེད་འཚལ།།

དེ་སྐད་ཨམ་ཕྲག་ནང་མའི་གླེང་མོལ་འདི།།
གློ་བས་སྙིང་ལ་ཕུལ་བའི་ལེགས་སྐྱེས་ཡིན།།
གྲོགས་དང་གྲོགས་པོར་ཕུལ་བའི་དྲན་སྐུལ་ཡིན།།
མདོར་ན་རང་གིས་རང་ལ་གདམས་པ་དགེ།     

ཞེས་སྤྱི་ལོ་2019 ལོའི་སྤྱི་ཟླ་10 བའི་ཚེས་10 ལ་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཞི་བའི་མཐར་ཕྱིན་སློབ་མའི་གྲོགས་ཚོམས་མེ་ཏོག་མཉམ་བཞད་གླིང་གི་སློབ་གྲོགས་ཡོངས་ལ།      དགེ་ལས་ཆུང་ཆུང་འདིའི་དབུ་ཁྱུད་ཀྱི་ཅོང་བརྡ་འཁྲོལ་མཁན་འཁོས་ཆུང་གཙང་དུས་ཆར་དུ་འབོད་པས་སེམས་འདུན་དྲོད་མོ་ཞིག་དང་ནང་གཏམ་ལྷུག་བརྗོད་ཅིག་གི་ཚབ་ཏུ་སྤྲོ་བས་བཏེགས་པའོ།།

རྩོམ་ཡིག་མཁོ་སྤྲོད་པ།  ནག་ཙན་དན། 


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 31s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཨམ་ཕྲག་ནང་གི་གླེང་མོལ།   སྤེལ་མཁན།: དྷཱི། སྤེལ་དུས:2020/3/16
🙏🙏🙏
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
6362433
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།