​སྐྱིད་པོ་བྱེད་ན་ངེས་པར་སྒོར་འགྲོ་དགོས་དོན་མེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »​སྐྱིད་པོ་བྱེད་ན་ངེས་པར་སྒོར་འགྲོ་དགོས་དོན་མེད།
​སྐྱིད་པོ་བྱེད་ན་ངེས་པར་སྒོར་འགྲོ་དགོས་དོན་མེད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2020-02-25ལྟ་ཀློག (4041)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སྐྱིད་པོ་བྱེད་ན་ངེས་པར་སྒོར་འགྲོ་དགོས་དོན་མེད།


སྐྱིད་པོ་རང་གིས་རོལ་ཤེས་མ་བྱས་ན།།
སྐྱིད་པོ་གཞན་གྱིས་སྟེར་རྒྱུ་དཀའ་མོ་ཡིན།།
ཤེས་ན་སྐྱིད་པོ་རང་གི་ལག་ན་ཡོད།།
མ་ཤེས་སྐྱིད་པོ་ནམ་མཁའི་མཐའ་ན་ཡོད།།

སྡུག་པོ་རང་གིས་འབད་ནས་མ་ཕྱུང་ན།།
སྡུག་པོ་རང་ཉིད་བྲོས་ནས་མི་འགྲོ་གི །
ཤེས་ན་སྡུག་པོ་འབྱིན་བྱེད་སེམས་ན་ཡོད།།
མ་ཤེས་འབྱིན་བྱེད་རྒྱ་མཚོའི་གཏིང་ན་ཡོད།།

མུན་ནག་རང་གིས་འབད་པས་མ་བསལ་ན།།
མུན་ནག་ཁོ་རང་སྐྲག་ནས་མི་འགྲོ་གི །
ཤེས་ན་སེལ་བྱེད་རང་གི་སེམས་ན་ཡོད།།
མ་ཤེས་ཕྱི་ཡི་ལྕགས་རིའི་ཕྱི་ན་ཡོད།།

མུན་པ་ནག་པོར་དམོད་མོ་བྱེད་པ་ལས།།
རང་གིས་སེལ་བྱེད་སྒྲོན་མེ་བསྲེལ་ན་དགའ།།
མདོར་ན་བདེ་སྡུག་རྩ་བ་རང་སེམས་ཡིན།།
རང་སེམས་སྦྱོང་བ་དོན་གྱི་གཙོ་བོ་ཡིན།།
ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ​སྐྱིད་པོ་བྱེད་ན་ངེས་པར་སྒོར་འགྲོ་དགོས་དོན་མེད།   སྤེལ་མཁན།: དྷཱི སྤེལ་དུས:2020/2/26
སྐུ་ཚེ་མི་འགྱུར་རྡོ་རྗེ་གཤིས་སུ་བརྟན་པར་ཤོག 🙏🌎🙏🌎🙏🌎
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23495145
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།