​དེང་གི་དུས་འདིར་ཤིན་ཏུ་ཐིག་པའི་མ་ཅིག་ལབ་སྒྲོན་གྱི་ལུང་བསྟན་བྱིན་ཅན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། »​དེང་གི་དུས་འདིར་ཤིན་ཏུ་ཐིག་པའི་མ་ཅིག་ལབ་སྒྲོན་གྱི་ལུང་བསྟན་
​དེང་གི་དུས་འདིར་ཤིན་ཏུ་ཐིག་པའི་མ་ཅིག་ལབ་སྒྲོན་གྱི་ལུང་བསྟན་བྱིན་ཅན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2020-02-22ལྟ་ཀློག (6916)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དེང་གི་དུས་འདིར་ཤིན་ཏུ་ཐིག་པའི་མ་ཅིག་ལབ་སྒྲོན་གྱི་ལུང་བསྟན་བྱིན་ཅན། 


     དེའི་དུས་ཀྱི་མི་རྣམས་ནི་ཤེས་རབ་ཆུང་། བློ་རྣོ། དྲན་པ་རག  རྩེ་མོ་མང་། བློ་གསལ་ཞིང་རིག་བྱེད་ཕལ་ཆེར་མ་སློབ་མི་དགོས་པར་རང་བཞིན་གྱིས་ཤེས་ཏེ་འོང་། ཚེ་ཐུང་། ལོངས་སྤྱོད་ཆུང་།  ཉོན་མོངས་ཆེ། རྣམ་རྟོག་རག  འཛིན་པ་དམ། ཁ་གསག་མཁས།  རྣམ་འགྱུར་མང་། ལུས་རག  ཁ་མིག་ཤིན་ཏུ་སྒྲེ།  བོངས་ཆུང་། ལས་སུ་སྡིག་པ་ཁོ་ན་སྤྱོད། ཞག་གཅིག་འགྲོགས་ན་འདྲིས། ཟླ་གཅིག་འགྲོགས་ན་འདྲིས། ལོ་གཅིག་འགྲོགས་ན་ཕན་ཚུན་དགྲ་རུ་ལང་། འཕྲད་སླ་བ་བཞིན་དུ་འདོར། གསར་དུ་འགྲོགས་པ་ལ་དགའ་ཞིང་མྱུར་དུ་འཁོན། མི་ཤེས་དགུ་ཤེས། མི་དྲན་དགུ་དྲན། མི་བསམ་དགུ་བསམ། མི་བྱེད་དགུ་བྱེད། བཏང་སར་མི་འགྲོ། བཞག་སར་མི་སྡོད། མི་སྲིད་པའི་ལས་དང་སྤྱོད་པ་སྣ་ཚོགས་བྱེད། མི་ཤེས་པའི་གཏམ་ངན་གྱིས་ཡུལ་ཁམས་ཐམས་ཅད་ཁྱབ་པར་བྱེད། ཅེས་དང་།  

    ནག་པོའི་བདུད་ཐམས་ཅད་དབང་ཆེ་ཞིང་ཁ་འཕྱུར་བའི་སྟོབས་ཀྱིས།  ཆོས་ནོར་བྱེད་པ་རྣམས་ནི་ཟས་ནོར་དང་ལོངས་སྤྱོད་འདུས་ཤིང་མི་ནག་གིས་བཀུར་ཞིང་སྙན་པར་སྒྲོག་པ་ཡིན།  དམ་པ་རྣམས་ལ་བདུད་ཀྱི་བར་ཆད་བརྩམས་ནས་ཟས་གོས་མི་རྙེད་པ་དང་། ནད་འཚེ་ཤིན་ཏུ་མང་བ་དང་། ཉམ་ཆུང་བར་འགྱུར་བ་ཡིན། ཞེས་དང་། 

    རྫུན་མ་དང་ཁྲམ་པ་ནི་དགྲའི་ཡུལ་དུ་ཕྱིན་ཀྱང་ཟས་སྟེར་ཀྱང་མགོ་ཐོན་ལ། བདེན་སྤྱོད་ཅན་དང་ཉམ་ཆུང་ནི་རང་ཁྱིམ་དུ་འདུག་ཀྱང་གཉེན་གྱིས་ཀྱང་ཆོམ་པོ་བྱེད་པ་འོང་། ཞེས་དང་།  

   ཉམ་ཆུང་གནོད་སེམས་མེད་ལ་ལྷག་པར་ཡང་སྡང་བར་བྱེད། ཁེ་གྲག་གནོད་སེམས་ཅན་ལ་ངོ་དགའ་བྱེད། དྲིན་ཅན་མཐོང་ན་ཟུར་འགྲོས་བྱེད། ཕ་མེས་རྒས་པོ་མཐོང་ན་རྒྱབ་ཀྱིས་ཕྱོགས། དཀོན་མཆོག་གསུམ་ལ་ཐབས་ཀྱིས་བྱོལ། མི་དགེ་ལས་ལ་དྲིན་དུ་བཟོ། རྫུན་མ་ཁ་གསག་ཅན་ལ་གཏམ་གྱིས་བསུ། ནོར་ཡོད་དགྲ་བོ་ཡིན་ཡང་འཛུམ་མདངས་སྟོན། ནོར་མེད་གཉེན་དུ་གྱུར་ཀྱང་ངོ་ཕུག་ནག་ཅིང་ཧུར། ཡོན་ཏན་ཅན་ལ་སྐུར་བ་དང་། ངན་འབྲེལ་ཅན་ལ་ཚིག་གིས་བཀུར། རྣ་གཞུང་སྔོན་གྱི་འབྲེལ་རྒྱུན་གཅད། སྔར་མེད་གསར་དུ་འགྲོགས་ལ་དགའ།   ཞེས་དང་། 

     ཁྲིམས་བདག་དཔུང་ཆེན་གྱིས་བྱེད་པར་འོང་། གཙོ་བློན་ཐམས་ཅད་ཟོག་པོ་ཅན་གྱིས་བྱེད་པར་འོང་། གྲོས་ཕུག་ཐམས་ཅད་ཁྲམ་པས་བྱེད་པར་འོང་།  ཀུན་དང་འབྲེལ་བ་རྫུན་མ་ཆེ་བར་འོང་།   མི་དགེ་བསྒྲུབ་ལ་སྨོན་པར་འོང་། དགེ་བ་བསྒྲུབ་ལ་འཕྱ་བཞད་བྱེད་པར་འོང་། ཤེས་རབ་ལྡན་ལ་རྫུན་མར་འོང་། བླུན་པོ་རྣམས་ནི་བདེན་པར་འོང་། ཡོན་ཏན་ཅན་ནི་སྐྱོན་དུ་འོང་། མི་མགོ་སྐོར་ལ་རྩིས་སུ་བྱེད། བཤེས་གཉེན་དམ་པ་ཐན་དུ་ལྟ། ཞེས་དང་། 

    དེའི་དུས་སུ། རྒྱལ་པོ་བས་བློན་པོ་དབང་ཆེ། རྒན་པོ་བས་གཞོན་ནུ་དབང་ཆེ། ཕ་བས་བུ་དབང་ཆེ། སྐྱེས་པ་བས་བུད་མེད་དབང་ཆེ། ཞེས་དང་། 

     ཡང་དེའི་དུས་སུ་མ་མགོ་བུས་གཡོག  བུ་མགོ་ཕ་ཡིས་གཡོག  བུའི་ནོར་ཕས་འཕྲོག  ཕའི་ནོར་བུས་འཕྲོག  ཕ་བུ་ཕན་ཚུན་དགྲ་རུ་ལང་། ཕ་བུ་མིང་སྲིང་གིས་ནོར་རྩོད་པས་ཕན་ཚུན་དགྲ་རུ་ལྡང་བ་འོང་། སྡུག་བསྔལ་དུ་མས་བསྐྱངས་ཤིང་ཤ་ལས་ཆད་པའི་བུ་དང་བུ་མོ་ཡང་། ཕྱི་རོལ་འབྲེལ་མེད་གཞན་དང་འགྲོགས་ནས་དྲིན་ཅན་གྱི་ཕ་མ་ལ་འཕྲོག་བཅོམ་འབར་ཤ་བྱེད། ཚིག་རྩུབ་རྡུང་རྡེག་བྱེད་ཅིང་དགྲར་མཐོང་བ་འོང་། 

གང་པ་སངས་རྒྱས་དཔལ་གྱིས་མཛད་པའི་མ་ཅིག་ལབ་ཀྱི་སྒྲོན་གྱི་རྣམ་ཐར་ལས་མ་འོངས་རྒྱལ་ཁྲིམས་འཆུག་པར་ལུང་བསྟན་པ་ཞེས་པ་ལས་འབའ་སྣང་གྲོལ་གྱིས་ཀློག་ཟིན་དུ་བཏུས།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། khan བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ​དེང་གི་དུས་འདིར་ཤིན་ཏུ་ཐིག་པའི་མ་ཅིག་ལབ་སྒྲོན་གྱི་ལུང་བསྟན་བྱིན་ཅན།   སྤེལ་མཁན།:  སྤེལ་དུས:2022/5/16
ཧ་ཅང་ཡག་བྱུང་།
  ​དེང་གི་དུས་འདིར་ཤིན་ཏུ་ཐིག་པའི་མ་ཅིག་ལབ་སྒྲོན་གྱི་ལུང་བསྟན་བྱིན་ཅན།   སྤེལ་མཁན།: དྷཱི སྤེལ་དུས:2020/2/26
སྔོན་གྱི་ནམ་པ་རྣམས་ཀྱི་མཛད་རྗེས་ལ་རྗེས་སུ་ཡི་རང་བྱེད། 🙏🙏🙏
  ​དེང་གི་དུས་འདིར་ཤིན་ཏུ་ཐིག་པའི་མ་ཅིག་ལབ་སྒྲོན་གྱི་ལུང་བསྟན་བྱིན་ཅན།   སྤེལ་མཁན།: བྱང་བྷོད། སྤེལ་དུས:2020/2/22
སྔོན་གྱི་དམ་པའི་གསུང་ཚིག་གཅིག་གི་ལྗིད་ཚད་ཀྱང་ཕལ་བོའི་མི་རྣམས་ཀྱི་བློ་གྲོས་གཅིག་ཏུ་སྤུངས་ཀྱང་འགྲན་མི་ནུས་ཙམ་དུ་ཡོད་པས། ང་ཚོས་དམ་པའི་གསུང་ཚིག་དག་ཞིབ་མོར་བཀླགས་ནས་སློབ་སྦྱོང་བྱ་འོས།
  ​དེང་གི་དུས་འདིར་ཤིན་ཏུ་ཐིག་པའི་མ་ཅིག་ལབ་སྒྲོན་གྱི་ལུང་བསྟན་བྱིན་ཅན།   སྤེལ་མཁན།:  སྤེལ་དུས:2020/2/22
དངོས་གནས་ད་ལྟ་དེ་ལྟར་རེད་འདུག་པས་སེམས་འགུལ་བ་ཞིག་བྱུང་།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23496201
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།