མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ཀྱིས་སྐབས་གཉིས་པའི་རྒྱུན་ལས་མི་སྣ་བདམས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 7 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ཐོན་མིའི་སློབ་གསོ། »མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ཀྱིས་སྐབས་གཉིས་པའི་རྒྱུན་ལས་མ
མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ཀྱིས་སྐབས་གཉིས་པའི་རྒྱུན་ལས་མི་སྣ་བདམས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-02-21ལྟ་ཀློག (1683)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ཀྱིས་སྐབས་གཉིས་པའི་རྒྱུན་ལས་མི་སྣ་བདམས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱིས་བཏོན་པའི་སློབ་ཚོགས་རྒྱུན་ལས་སྐབས་བརྗེ་བྱ་བའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དུ།  ཟླ་༢ཚེས་༡༧ཉིན་ནས་ཚེས་༡༨ཉིན་བར། མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་སྐབས་དང་བོའི་རྒྱུན་ལས་རྣམས་ཀྱིས་རྩ་འཛུགས་བྱས་པའི་འོག་ཏུ་འཕྲིན་ལམ་ནས་ཚང་མས་གྲོས་བསྡུར་དང་དམངས་གཙོའི་འདེམས་ཤོག་འཕངས་པ་བརྒྱུད་དེ་མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ཀྱིས་སྐབས་གཉིས་པའི་རྒྱུན་ལས་མི་སྣ་བདམས་ཐོན་བྱུང་།

དྲང་བདེན་དང་འདྲ་མཉམ། དམངས་གཙོ་དང་སྤྱི་བསྒྲགས་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ཚང་མས་འདེམས་ཤོག་འཕངས་པ་དང་། འདེམས་ཤོག་གི་མང་ཉུང་ལྟར་སྐབས་དང་བོའི་མཚོ་བྱང་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཨ་རིག་མཁས་བཟང་མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་སྐབས་གཉིས་པའི་ཚོགས་གཙོར་བདམས་ཐོན་བྱུང་བ་དང་། གསར་ཞུགས་འདེམས་སྒུག་མི་སྣའི་ཁྲོད་ཀྱི་ཨ་རིག་བསྟན་འཕེལ་རྡོ་རྗེ་རྒྱུན་ལས་ཚོགས་གཙོ་གཞོན་པར་བདམས། དེ་བཞིན་དུ་རྐང་བསོད་བློ་ཚོགས་གཙོ་གཞོན་པ་དང་། ཨ་རིག་ལྷ་མགོན་དྲུང་ཡིག་ཆེན་མོ། མདའ་དཀོན་མཆོག་ཡོན་ཏན་དྲུང་ཡིག་གཞོན་པར་བདམས། དེར་མཐུད་ནས་མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ཀྱི་བློ་འདྲི་ས་དགེ་རྒན་འཕྲིན་ལས་ལགས་ཀྱིས་གསར་དུ་བདམས་ཐོན་བྱུང་བའི་རྒྱུན་ལས་རྣམས་ལ་རྟེན་འབྲེལ་ཤིས་ཚིག་བརྗོད་པར་མ་ཟད། རྗེས་ཕྱོགས་ཀྱི་བྱ་བར་འབད་བརྩོན་ལྷོད་མེད་བྱ་དགོས་པའི་སྐུལ་སློང་དང་། ཚོགས་མི་རྣམས་ཀྱིས་སྐབས་གསར་བའི་རྒྱུན་ལས་མི་སྣ་དག་གི་བྱ་བར་རྒྱབ་སྐྱོར་རོགས་འདེགས་བྱ་དགོས་པའི་བླངས་བྱ་ནན་གྱིས་བཏོན།

འདེམས་བསྐོ་མཇུག་རྫོགས་རྗེས་གསར་དུ་བདམས་ཐོན་བྱུང་བའི་མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་སྐབས་གཉིས་པའི་རྒྱུན་ལས་མི་སྣའི་མིང་ཐོ་དང་ཡིག་ཚགས་སོགས་སློབ་གྲྭའི་སློབ་ཚོགས་ལ་སྤྲད།


མཚོ་བྱང་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་མི་སྣའི་མིང་ཐོ་གསལ་བསྒྲགས།


མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ།

རུས་མིང་།  ཨ་རིག་མཁས་བཟང་།  སྐྱེས་ལོ།  ༡༩༨༧.༠༢  རྟེན།  གྲོང་བ། བསླབ་གནས། སློབ་ཆེན་དངོས་གཞི།

ལས་གནས།མདོ་ལ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རྒྱལ་ཁབ་རིམ་པ་གཉིས་པའི་སྙན་སྒྲོན་མདོ་འཛིན་པ། མདོ་ལ་རྫོང་དམངས་སྲོལ་རིག་གནས་མཐུན་ཚོགས་ཀྱི་ཚོགས་གཙོ།

ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བརྒྱད་པའི་མཐར་ཕྱིན་སློབ་མ།

མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ།

རུས་མིང་།  བསྟན་འཕེལ་རྡོ་རྗེ།  སྐྱེས་ལོ།  ༡༩༩༡  རྟེན། གྲྭ་བ།  བསླབ་གནས། མཐོ་འབྲིང་།

ལས་གནས། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚོགས་མི།

ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བདུན་པའི་མཐར་ཕྱིན་སློབ་མ།

ས་གནས། མཚོ་བྱང་ཁུལ་མདོ་ལ་རྫོང་ཨ་རིག་དགོན་ཆེན། ཁ་པར་ཨང་གྲངས།  ༡༣༣༠༩༧༠༣༣༤༤

མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ།

རུས་མིང་།  བསོད་ནམས་བློ་གྲོས།  སྐྱེས་ལོ།  ༡༩༩༥  རྟེན། གྲོང་བ།  བསླབ་གནས།   སློབ་ཆེན་ཟུར་ཞུགས།

ལས་གནས།    ཁེ་ལས།

ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉི་ཤུ་བའི་མཐར་ཕྱིན་སློབ་མ།

ས་གནས། མཚོ་བྱང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་དགོན་གོང་མ་སྡེ་བ། ཁ་པར་ཨང་གྲངས།  ༡༣༣༠༩༧༠༡༣༦༦

 

མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ཀྱི་དྲུང་ཡིན་ཆེན་མོ།

རུས་མིང་།  ལྷ་མགོན།  སྐྱེས་ལོ།  ༡༩༩༥  རྟེན། གྲོང་བ།  བསླབ་གནས།  སློབ་ཆེན་དངོས་གཞི།

ལས་གནས།  དགེ་རྒན།

ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བཞི་བའི་མཐར་ཕྱིན་སློབ་མ།

ས་གནས། མཚོ་སྔོན་མཚོ་བྱང་ཁུལ་མདོ་ལ་རྫོང་མུ་རི་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་། ཁ་པར་ཨང་གྲངས། ༡༣༢༩༩༧༠༣༥༧༦

མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ཀྱི་དྲུང་ཡིག་གཞོན་པ།

རུས་མིང་། དཀོན་མཆོག་ཡོན་ཏན  སྐྱེས་ལོ།   ༡༩༩༣ རྟེན། གྲྭ་བ།  བསླབ་གནས།  མཐོ་འབྲིང་།

ལས་གནས།

ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉི་ཤུ་བའི་མཐར་ཕྱིན་སློབ་མ།

ས་གནས། མཚོ་སྔོན་མཚོ་བྱང་ཁུལ་མདའ་བཞི་རྫོང་དགོན་པ་སོ་མ་དགོན། ཁ་པར་ཨང་གྲངས། ༡༣༢༩༩༧༠༣༥༧༦

མཁོ་སྤྲོད་པ།    འཇིགས་མེད་དར་རྒྱས།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། kh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
6403743
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།