འཕྲིན་བཟང་། ༼བོད་ལྗོངས་སུ་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་གཅིག་པུ་དེ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་འདུག༽
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »འཕྲིན་བཟང་། ༼བོད་ལྗོངས་སུ་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་གཅིག་
འཕྲིན་བཟང་། ༼བོད་ལྗོངས་སུ་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་གཅིག་པུ་དེ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་འདུག༽
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-02-12ལྟ་ཀློག (5330)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཕྲིན་བཟང་། ༼བོད་ལྗོངས་སུ་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་གཅིག་པུ་དེ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་སྒོར་བུད་འདུག༽

      དེ་རིང་ཕྱི་དྲོ་བོད་ལྗོངས་སུ་གློ་ཚད་གསར་པ་གཏན་འཁེལ་བྱས་པའི་ནད་པ་ཀྲང་ག་གེ་མོ་དྲག་སྐྱེད་བྱུང་བས་སྨན་ཁང་ནས་ཐོན་པའི་འགྲོ་ལུགས་ཚང་མ་བསྒྲུབས་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཁ་གྱེས་པ་རེད། བོད་རང་སྐྱོང་ལྗོངས་སྨན་ཁང་གསུམ་པའི་གློ་བའི་ཚན་ཁག་གཉིས་པའི་ཀྲུའུ་རེན་སྐྱོབ་བཅོས་ཚོགས་ཆུང་གི་ཙུའུ་ཀྲང་ཧྭ་ཏེ་སྨི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ནད་དཔེ་དེར་ཟླ་2ཚེས་9ཉིན་ཞིབ་དཔྱད་ཚད་ལེན་ཐེངས་དང་པོ་བྱས་པའི་འབྲས་བུ་ནི་སྲིབས་གཤིས་ཡིན་པ་དང་། ཟླ་2ཚེས་11ཉིན་བསྐྱར་དུ་ཞིབ་དཔྱད་ཚད་ལེན་བྱས་འབྲས་སྔར་བཞིན་སྲིབས་གཤིས་ཡིན་པ་དང་། མིག་སྔར་CTསོགས་ནད་ཐོག་སྨན་བཅོས་ཀྱི་དཔང་རྟགས་ནང་ནད་གཞི་དྲག་སྐྱེད་བྱུང་བ་དང་ནད་ཐོག་སྨན་བཅོས་ཚོགས་ཆུང་གིས་གྲོས་བསྡུར་བྱས་པ་དང་འབྲེལ་སྨན་ཁང་དང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་སྙན་སེང་ཡང་ཞུས་པ་དང་། རང་སྐྱོང་ལྗོངས་དང་ཧྲང་ཧའེ་པེ་ཅིང་གི་རིགས་གཅིག་མཁས་ཅན་གྱིས་ཚོད་སྐོར་བྱས་རྗེས་ནད་དཔེ་དེ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པའི་ཚད་གཞི་ལོན་ཡོད། ཀྲང་ཆེ་གེ་མོས་ཟླ་1ཚེས་22ཉིན་ནས་ཚེས་24ཉིན་བར་ཝུའུ་ཁྲང་ནས་མེ་འཁོར་ལ་བསྡད་དེ་ལྷ་ས་གྲོང་ཁྱེར་དུ་འབྱོར། ཟླ་1ཚེས་25ཉིན་གྱི་དགོང་མོ་ཀྲང་ག་གེ་མོས་བོད་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་པར་བསྐྱོད་པ་དང་འབྲེལ་སྨན་ཁང་དུ་བསྡད་དེ་ཟུར་བཀར་ལྟ་ཞིབ་སྨན་བཅོས་དང་ལེན་བྱས་པ་རེད།   ཟླ་1ཚེས་29ཉིན་ཀྲང་ག་གེ་མོར་གློ་ཚད་གསར་པ་གཏན་འཁེལ་བྱུང་ནས་བོད་ལྗོངས་སུ་གློ་ཚད་གསར་པ་གཏན་འཁེལ་བྱུང་བའི་ནད་དཔེ་དང་པོར་གྱུར་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཀྲང་ག་གེ་མོས་དེ་རིང་ཕྱི་དྲོ་མེ་འཁོར་ལ་བསྡད་དེ་བོད་ལྗོངས་ནས་ཁ་བྲལ་རྒྱུ་ཡིན་པ་རེད།

རྩོམ་ཁུངས། (མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞུས་ཧུའེ་ཡའོ་དང་ཏེང་ཅན་ཧྲེང་། )

ཡིག་སྒྱུར་བ་དང་འཕྲིན་གཏོང་སྤྲེལ་ཉི་མ་རྒྱལ་མཚན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23497300
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།