ཞི་ཅིན་ཕིང་གིས་དམག་དཔུང་ལ་ནད་ཡམས་འགོག་བཅོས་ཐད་མཛུབ་སྟོན་གནང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་གིས་དམག་དཔུང་ལ་ནད་ཡམས་འགོག་བཅོས་ཐད་མཛུབ་སྟོན་གནང་
ཞི་ཅིན་ཕིང་གིས་དམག་དཔུང་ལ་ནད་ཡམས་འགོག་བཅོས་ཐད་མཛུབ་སྟོན་གནང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-01-30ལྟ་ཀློག (2730)རྩོམ་ཁུངས: མཚོ་སྔོན་བོད་སྐད་དྲྭ་ཚིགས།པར་འདེབ།

ཞི་ཅིན་ཕིང་གིས་དམག་དཔུང་ལ་ནད་ཡམས་འགོག་བཅོས་ཐད་མཛུབ་སྟོན་གནང་།

         ཞི་ཅིན་ཕིང་གིས་དམག་དཔུང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་།  དམིགས་ཡུལ་བློ་ལ་བརྟན་པོ་ངེས་པ་དང་འགན་འཁྲི་ཆེན་པོ་འཁུར་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འགོག་སྲུང་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་ལེགས་སྐྱེས་འབུལ་དགོས་ཞེས་ནན་སྟོན་གནང་བ།

     ཉེ་དུས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དཔུང་ནས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད།

    ཞི་ཅིན་ཕིང་གིས།  ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་སོགས་ས་ཁུལ་དུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཐོན་རྗེས།  རང་དམག་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་།  འཕྲལ་མར་མཉམ་དུ་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་སྒྲིག་གཞི་ལག་བསྟར་བྱེད་འགོ་བཙུགས་ཏེ།  ཛ་དྲག་ངང་དཔུང་ཁག་རྩེ་གྲ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་མངགས་པ་སོགས་བྱས་ཡོད་ཅེས་བསྟན་ཡོད།  ཞི་ཅིན་ཕིང་གིས།  མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད།  དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་གཅིག་གྱུར་བཀོད་འདོམས་འོག་མི་དམངས་དམག་དཔུང་གི་དམིགས་ཡུལ་མ་བརྗེད་པར་བཀའ་བཞིན་ལས་དོན་སྒྲུབ་པ་དང་།  འགན་འཁྲི་ཆེན་པོ་འཁུར་ཐུབ་པ།  དཀའ་ཚེགས་ལས་དོན་སྒྲུབ་ཕོད་པ་བཅས་བྱས་ནས་ས་གནས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་རོགས་སྐྱོར་ཧུར་ཐག་བྱེད་དགོས།  རང་དམག་གིས་ཝུའུ་ཧན་ཧོ་ཧྲེན་ཧྲན་སྨན་ཁང་དུ་སྨན་བཅོས་སྐྱོབ་བཅོས་ལས་འགན་འཁུར་བ་ནི་ཏང་དང་མི་དམངས་ཀྱིས་རང་དམག་ལ་ཚད་མཐོའི་ཡིད་ཆེས་བྱས་པ་ཞིག་རེད།  སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་།  དམག་དཔུང་དང་ས་གནས་མཐུན་སྦྱོར་དམ་ཟབ་བྱེད་པ།  ཚན་རིག་དང་མཐུན་པའི་སྨན་བཅོས་སྐྱོབ་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།  རང་སོའི་འགོག་སྲུང་ཡག་པོ་བཅས་བྱས་ནས་མངགས་བཅོལ་ཟབ་མོ་ཆུད་ཟོས་མི་གཏོང་བ་དང་འགན་འཁྲིར་ངོ་མི་གནོང་བ་བྱེད་དགོས།  རང་དམག་གི་འབྲེལ་ཡོད་སྨན་ཁང་གིས་ནད་པ་བསྡུ་ཉར་དང་སྐྱོབ་བཅོས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་།  ཚན་ཞིབ་ལས་ཁུངས་ཀྱིས་ཚན་ཞིབ་འགག་སྒྲོལ་ལས་དོན་མགྱོགས་པོ་བསྒྲུབ་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགོག་སྲུང་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་ལེགས་སྐྱེས་འབུལ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད། 

རྩོམ་ཁུངས།   མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531997
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།