གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ་བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི་བྱ་འགུལ་སྤེལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ་བློ་རྒྱུགས་གཙང་བོ་དལ་འ
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ་བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི་བྱ་འགུལ་སྤེལ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-11-23ལྟ་ཀློག (12906)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་དུ་བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི་བྱ་འགུལ་སྤེལ་བ།

 

   2019ལོའི་ཟླ་11ཚེས་22ཉིན་གྱི་ཕྱི་དྲོ་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་དམའ་འབྲིང་དང་སློབ་ཆུང་གཉིས་ཏེ་སློབ་གྲྭ་སྤྱི་ནས་<<བློ་རྒྱུགས་གཙང་བོ་དལ་འབབ་>>ཅེས་པའི་བྱ་འགུལ་སྐབས་དྲུག་པ་རང་སློབ་གྲྭའི་ཡིག་གཟུགས་འགྲེམ་སྟོན་ཁང་ནས་སྤེལ། དོན་གྱི་རྒན་པོ་ཚིག་གི་མཁར་བ་ལ་བརྟེན་ཞེས་གསུངས་པ་ལྟར་བརྗོད་བྱ་དོན་གྱི་རྒན་པོ་རྗོད་བྱེད་ཚིག་གི་མཁར་བ་ལ་བརྟེན་དགོས་པའི་ཕྱིར་ཏེ།  ཚིག་ལ་མ་བརྟེན་པར་དོན་རྟོགས་ཚུལ་མེད་པས། སློབ་གཉེར་བ་ཞིག་དང་སློབ་སྦྱོང་བྱེད་པའི་མི་ཞིག་ཡིན་ན་གཞུང་ཚིག་བློ་འཛིན་མི་བྱེད་པར་བམ་ཀློག་དང་ངག་སྒྲོས་ཐན་ཐུན་གྱིས་ཅི་ཡང་མི་ཕན་པས། སློབ་མ་ཞིག་ཡིན་ན་གཞུང་ལུགས་མང་བོའི་རྩ་སྡོམ་བློར་འཛིན་རྒྱུ་ནི་གལ་ཆེན་ཞིག་ཡིན་པས་ངེད་སློབ་གྲྭའི་སློབ་མ་ཚོས་དུས་རྒྱུན་ནང་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་རྩ་སྡོམ་དང་རང་ལུགས་སོགས་སྐྱོར་སྦྱོང་དང་། གཤར་སྦྱོང་བྱེད་རྒྱུ་ནི་སློབ་གྲྭ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཤིག་དང་གོམས་སྲོལ་ཞིག་ཏུ་ཆགས་ཡོད།    རྒྱུན་དུ་གོམས་འདྲིས་དྲན་ཤེས་བརྟན་པོ་ཡིས།། གང་ཤེས་བརྗེད་པ་མེད་པར་སོགས་ཤིག་ཨང་།། ཞེས་གསུངས་པ་ལྟར་དུས་རྒྱུན་སྔར་སྦྱངས་ཟིན་པ་ལ་ཡང་ཡང་གོམས་ཤིང་འདྲིས་ཆ་ཡོད་པ་བྱས་ཏེ། དྲན་པ་དང་ཤེས་བཞིན་གྱི་བྱ་ར་བརྟན་པོས་གང་ཤེས་པ་མཐའ་དག་བརྗེད་པ་མེད་ལ་ཡིད་ལ་ལེགས་པར་འཛིན་དགོས་པའི་ཕྱིར་དུ་བྱ་འགུལ་འདི་ལྟ་བུ་ཞིག་རྒྱུན་མ་ཆད་པར་སྤེལ་བ་རེད། ཐེངས་འདིའི་བློ་རྒྱུགས་འགྲན་སྡུར་ནི་སློབ་མ་རེ་གཉིས་ཙམ་མ་ཡིན་པར་འཛིན་གྲྭ་སོ་སོ་བྱས་ནས་བློ་རྒྱུགས་ཕུལ། སློབ་ཆུང་ནས་དབྱངས་གསལ་སྦྱོར་ཀློག་དང་། གསལ་བྱེད་སྨྱུག་རིམ། ལེགས་བཤད་ལྗོན་དབང་ཆ་ཚང་། དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ཆ་ཚང་། དག་ཡིག་མཁས་པ་དགའ་སྐྱེད་ཆ་ཚང་། སུམ་རྟགས་རྩ་བ་ཆ་ཚང་། ལེགས་བཤད་ཀྱི་སྡེ། བསླབ་བྱའི་སྡེ་སོགས་བློ་རྒྱུགས་ཕུལ།  དམའ་འབྲིང་རིམ་པས་གཅིག་ཐ་དད་དང་ཡུལ་ཡུལ་ཅན། སྤྱི་བྱེ་བྲག་སོགས་ཀྱི་རང་ལུགས། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་རྩ་བ། མེ་ལོང་མའི་རྩ་བ་སོགས་ངག་ནས་བཏོན་པ་ཙམ་མ་ཡིན་པར་སྲོལ་རྒྱུན་གྱི་དབྱངས་རྟ་སྣ་ཚོགས་ལ་དྲངས་ནས་ཞིབ་མོར་བཏོན། བྱ་འགུལ་སྟེང་དགེ་རྒན་བཞི་བཅུ་ལྷག་ཕེབས་ནས་སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་ལགས་དང་སློབ་གཙོ་གཞོན་པ་དགེ་རྒན་འབྲུག་འབུམ་རྒྱལ། རྒན་བཟང་རྒྱལ། རྒན་ཁྱུང་མོ་མཚོ། རྒན་ནོར་སྟོབས་བཅས་ཀྱིས་དཔྱད་འདེམ་བྱས། འགྲན་སྡུར་ལ་ཁྱོན་འཛིན་གྲྭ་བཅུ་གཅིག་ཞུགས་ཤིང་བརྒྱད་གཉིས་འཛིན་གྲྭར་ཨང་དང་བོ་དང་། དྲུག་གཅིག་འཛིན་གྲྭ་ཨང་གཉིས་པ། དྲུག་གཉིས་འཛིན་གྲྭ་ཨང་གསུམ་པ། དམའ་གཅིག་འཛིན་གྲྭར་རྟིང་སྐུལ་བྱ་དགའ་བཅས་ཐོབ། མཇུག་མཐར་བྱ་དགའ་ཐོབ་པའི་འཛིན་གྲྭ་དག་ལ་གཟི་བརྗིད་བསྟོད་བྱང་ཕུལ་ནས་སློབ་གཙོ་གཞོན་པ་སོག་རུས་འབྲུག་འབུམ་རྒྱལ་གྱིས་སྤྱི་སྡོམ་གཏམ་བཤད་གནང་ཞིང་མདོ་འཛིན་པའི་བཀྲ་ཤིས་པའི་ཁ་གཡང་དང་བཅས་ཏེ་རྒྱལ་ཁའི་ངང་མཇུག་བསྡུས།

སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི་བྱ་འགུལ་གྱི་ངོ་བོ་དང་དགོས་གལ་རང་བཞིན་གྱི་གཏམ་བཤད་གནང་བཞིན་པ།

 

སྐབས་དྲུག་པའི་བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི་བྱ་འགུལ་གྱི་ཚོགས་རའི་ཡུལ་དངོས།

བྱ་འགུལ་ལ་ཞུགས་པའི་དགེ་སློབ་ཡོངས་ཡར་བཞེང་ནས་སློབ་གླུ་མཉམ་ལེན་བྱེད་བཞིན་པ།

ཐེངས་འདིའི་བྱ་འགུལ་གྱི་དཔྱད་འདེམ་པའི་དཔུང་སྡེ་དང་མདོ་འཛིན་བྱེད་བཞིན་པ།

བློ་རྒྱུགས་འབུལ་བཞིན་པའི་ཡུལ་དངོས།

བློ་རྒྱུགས་འབུལ་བཞིན་པའི་ཡུལ་དངོས།


ལོ་རིམ་དང་བོས་བློ་རྒྱུགས་འབུལ་བཞིན་པ།

བྱ་དགའ་ཨང་དང་བོ་ཐོབ་པའི་བརྒྱད་གཉིས་འཛིན་གྲྭ།

བྱ་དགའ་ཨང་གཉིས་པ་ཐོབ་པའི་དྲུག་གཅིག་འཛིན་གྲྭ།

བྱ་དགའ་ཨང་གསུམ་པ་ཐོབ་པའི་དྲུག་གཉིས་འཛིན་གྲྭས་བློ་རྒྱུགས་འབུལ་བཞིན་པ།

རྟིང་སྐུལ་བྱ་དགའ་ཐོབ་པའི་ལོ་རིམ་བདུན་པས་བློ་རྒྱུགས་འབུལ་བཞིན་པ།


བྱ་དགའ་ཐོབ་པའི་འཛིན་གྲྭའི་འཐུས་ཚབ་པ་དག

གསར་འགོད་པ་དཀར་མོ་ཡེ་ཤེས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504965
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།