མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་མཐར་ཕྱིན་འཛིན་གྲྭའི་གྲྭ་སྐོར་དམ་བཅའ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། » མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་མཐར་ཕྱིན་འཛིན་གྲྭའི་གྲྭ་
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་མཐར་ཕྱིན་འཛིན་གྲྭའི་གྲྭ་སྐོར་དམ་བཅའ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-10-21ལྟ་ཀློག (6789)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་མཐར་ཕྱིན་འཛིན་གྲྭའི་གྲྭ་སྐོར་དམ་བཅའ།

      མཚོ་སྔོན་ནང་བསྟན་སློབ་གྲྭའི་ཉིས་སྟོང་ཉི་ཤུ་ཐམ་པ་ལོར་མཐར་ཕྱིན་པའི་འཛིན་གྲྭ་སོ་སོའི་མཐའ་ཕྱིན་གྲྭ་སྐོར་དམ་བཅའ་ནི་མདོ་སྨད་བསྟན་པའི་འབྱུང་གནས་དྷི་ཚ་བཀྲ་ཤིས་ཆོས་སྡིངས་དང་བིས་མདོ་དགོན་ཆེན་འབའ་སེང་ཁྲི་དགོན་ཆེན་གསུམ་ནས་ཧོར་ཟླ་9 ཚེས་21་ཉིན་ནས་ཚེས་23 བར་ཉིན་གསུམ་ལ་གྲྭ་སྐོར་དམ་བཅའ་བཞག

      གྲྭ་སྐོར་དམ་བཅའ་འདི་ནི་མཚོ་སྔོན་ནང་བསྟན་སློབ་གྲྭའི་ཡོངས་འཛིན་ཁྲི་སངས་རྒྱས་རྒྱ་མཚོ་སོགས་འཛིན་གྲྭ་སོ་སོའི་དགེ་རྒན་རྣམས་པས་སྣེ་ཁྲིད་ནས་མདོ་སྨད་ཀྱི་དགོན་ཆེན་ཁག་ཏུ་གྲྭ་སྐོར་དམ་བཅའ་གནང་བ་ཞིག་ཡིན།

      དྷི་ཚ་དགོན་དུ་བཀའ་བཅུའི་ཡོངས་འཛིན་ཆེན་མོ་ཨ་ལགས་ཨོའུ་རྒྱ་ཚང་གིས་སྣེ་ཁྲིད་པའི་བཀའ་བཞི་འཛིན་གྲྭ་ལ་དྷི་ཚ་དགོན་གྱི་རྡོ་རམས་པ་ཨ་ཁུ་ལུང་རིགས།    སེང་གཞུང་འཇིགས་མེད།  གསེར་ལག་དགེ་ཚོགས་སོགས་གྲྭ་ཚང་འདུས་པ་བཞི་བརྒྱ་ལྷག་བཞུགས་པའི་དབུས་སུ་འཛིན་གྲྭ་སོ་སོས་མཛོད་འདུལ་བ་དབུ་མ་སོགས་གཞུང་ཆེན་ཁག་ནས་རྟགས་གསལ་བཏང་།


    བིས་མདོ་དགོན་ཆེན་དུ་ཡོངས་འཛིན་ཁྲི་སངས་རྒྱས་རྒྱ་མཚོས་སྣེ་ཁྲིད་པའི་ཕར་ཚད་འཛིན་གྲྭ་ལ་བིས་དགོན་གྱི་ཡོན་ཏན་གོང་འཕེལ་སོགས་དགེ་བཤེས་ཆེ་ཁག་གིས་ཕར་ཕྱིན་དང་བློ་རྟགས་སོགས་ནས་རྟགས་གསལ་མང་བོ་བཏང་།


    འབའ་སེང་ཁྲི་དགོན་དུ་ཡོངས་འཛིན་བྱ་མདོ་རབ་རྒྱས་ཀྱིས་སྣེ་ཁྲིད་པའི་བློ་སྦྱོང་འཛིན་གྲྭ་ལ་འབའ་སེང་ཁྲི་དགོན་གྱི་མཁན་པོ་བསྟན་འཛིན་རྣམ་རྒྱལ་དང་བསྟན་འཛིན་ནོར་བུ་ལ་སོགས་པས་དབུ་མ་དང་ཕར་ཕྱིན་མཛོད་འདུལ་བ་བཅས་གཞུང་ཆེན་ཁག་གི་དྲི་བ་མང་བོ་བཏང་།

བཀའ་བཞི་འཛིན་གྲྭ།

ཕར་ཚད་འཛིན་གྲྭ།

བློ་སྦྱོང་འཛིན་གྲྭ།

གསར་འགོད་པ།   རྨ་ལྷོ་བཀྲ་ཤིས་རྒྱ་མཚོ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23502296
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།