བཻ་རོ་ཙ་ན་སློབ་གསོའི་དྲ་བ་ངོ་སྤྲོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »བཻ་རོ་ཙ་ན་སློབ་གསོའི་དྲ་བ་ངོ་སྤྲོད།
བཻ་རོ་ཙ་ན་སློབ་གསོའི་དྲ་བ་ངོ་སྤྲོད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-10-17ལྟ་ཀློག (6953)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བཻ་རོ་ཙ་ན་སློབ་གསོའི་དྲ་བ་ངོ་སྤྲོད།

     བཻ་རོ་ཙ་ན་སློབ་གསོ་དྲ་བ་ནི་སྤྱིར་དྲ་ལམ་སློབ་གསོའི་ལས་རིགས་ཤིག་ཡིན་ཞིང་གཙོ་བོ་མི་རིགས་རང་གི་སྐད་ཡིག་དང་སྤྱི་ཚོགས་ཀྱི་དགོས་མཁོ་དམིགས་སུ་བཟུང་སྟེ་རྩ་འཛུགས་བྱས་པ་ཞིག་སྟེ། དྲ་རྒྱའི་ཁྱབ་ཁོངས་དང་སྤྱོད་ནུས་ཉིན་བཞིན་འཕེལ་རྒྱས་བློ་ ཡུལ་ལས་འགོངས་པར་ཕྱིན་བཞིན་པའི་སྒང་འདིར། ཕ་སྐད་དང་མ་ཡིག་སྤྱད་དེ་ དུས་རབས་གསར་བའི་ཆ་འཕྲིན་གྱི་རིག་གནས་སྣེ་དང་ཟུར་མི་འདྲ་བ་གང་མང་ལ་ སློབ་སྦྱོང་དང་རྒྱུས་ལོན་བྱ་དགོས་པ་ནི་གཟུར་དུ་མེད་པའི་འགན་འབབ་ཞིག་ཏུ་ཆགས་ཟིན།

     དེར་བརྟེན། བཻ་རོ་ཙ་ན་སློབ་གསོ་དྲ་བ་ནི་ཐོག་མའི་སེམས་བསྐྱེད་མི་རིགས་རང་གི་སྐད་ཡིག་གནས་བབ་དང་ཆ་འཕྲིན་སློབ་གསོའི་རྣམ་པ་སྤྱི་ལ་བཏད་དེ། དཀའ་སྤྱད་དང་བརྩོན་པ་དུ་མས་འཚར་ལོངས་ཀྱི་རྒྱུད་རིམ་མི་ཉུང་བ་ཞིག་བརྒྱུད་དེ་ལམ་དུ་ཆས་པ་ཞིག་ཡིན། གཞན་ཡང་བོད་ཀྱི་ཆབ་དཔལ་རིག་གསུམ་སྤྱི་ལ་ཟུར་རྒྱན་གྱི་ཚུལ་དུ་རྒྱལ་སྤྱི་རང་བཞིན་གྱི་ཆ་འཕྲིན་སློབ་གསོ་ནང་འདྲེན་དང་། མི་རིགས་རང་གི་ཡ་བྲལ་རིག་གནས་འཐུས་ཚང་དང་དྲིལ་སྒྲོགས་བགྱི་བ་དང་དུ་ལེན་པ་ནི་གཏན་གྱི་འདུན་མར་བཟུང་ཡོད།དེ་བས་བཻ་རོ་ཙ་ན་སློབ་གསོའི་དྲ་བ་ནི་བོད་ཁུལ་གྱི་ཆེས་ཐོག་མའི་དྲ་ལམ་(སྒྲ་གཟུགས་བརྙན་གསུམ་དང་ཐད་གཏོང་)ཆ་འཕྲིན་སློབ་ར་དང་TEDསོགས་ཀྱིས་མཚོན་པའི་རྒྱལ་སྤྱིའི་མཚན་སྙན་འབར་བའི་གཏམ་བཤད་གང་མང་བོད་ཡིག་གི་ལམ་ནས་གསན་གཟིགས་བྱ་ཐུབ་པའི་འཆད་སྟེགས་ཤིག་ཡིན།

གཅིག དྲ་བའི་ཁྱད་ཆོས།

བོད་ཡིག

     བཻ་རོ་ཙ་ན་སློབ་གསོ་དྲ་བར་ཆེད་བཀོད་ཀྱི་སློབ་ཁྲིད་ཡོངས་རྫོགས་བོད་སྐད་ཡིག་གཙང་མའི་ལམ་ནས་ཞལ་ཁྲིད་བྱེད་བཞིན་ཡོད་པར་མ་ཟད། སློབ་ཁྲིད་རྒྱུ་ཆ་དང་ཟིན་བྲིས། བརྗོད་དོན་དཔེ་དབྱིབས་དག་ཀྱང་བོད་རང་སྐད་ཀྱི་ལམ་ནས་བལྟ་ཉན་བྱ་ཐུབ།

རིན་མེད།

     བཻ་རོ་ཙ་ན་སློབ་གསོ་དྲ་བར་འཛུལ་ཞུགས་གནང་བའི་མགྲོན་པོ་སུ་ཡིན་ ཡང་ཉིན་ལྟར་རིན་མེད་ངང་སློབ་སྦྱོང་བྱེད་པའི་གོ་སྐབས་ཡོད་པར་མ་ཟད། བཻ་རོ་གླེང་སྟེགས་ཀྱི་བརྙན་གཟུགས་དང་ཐད་གཏོང་ཡོད་ཚད་ཀྱང་ཚད་བཀག་མེད་པར་རིན་མེད་ཀྱིས་གསན་ཆོག

སྤྱོད་སྒོ།

      ཆེད་བཀོད་སློབ་ཚན་དང་ཟུར་བཀོད་ལེ་ཚན་གང་ཡིན་ཡང་མིག་སྔར་བོད་ཀྱི་སྤྱི་ཚོགས་འཚོ་བ་དང་ཧ་ཅང་བར་ཐག་ཉེ་ཞིང་དགོས་གལ་རང་བཞིན་ ཅན་གྱི་ལེ་ཚན་ཤ་སྟག་ཡིན་པར་མ་ ཟད་རྒྱུ་ཆ་ཡོངས་རྫོགས་དྲ་བ་རང་གིས་གཙོ་སྒྲུབ་བྱས་པ་ཁོ་ན་ཡིན།

ཆེད་ལས།

     སློབ་ཚན་རིགས་མཐའ་དག་དྲ་བའི་ཆེད་ཞུས་དགེ་རྒན་དང་ལག་རྩལ་བ་རྩེ་གྲས་དག་གིས་ཉམས་ཞིབ་དང་ལེགས་བཅོས་བྱས་ཏེ་གཏོང་བཞིན་ཡོད།

གཉིས་པ། དྲ་བའི་སྤྱོད་ནུས།

ཐད་གཏོང་།

     བཻ་རོ་ཙ་ན་སློབ་གསོའི་དྲ་བས་གཙོ་སྒྲུབ་བྱས་པའི་ཆ་འཕྲིན་སློབ་ཁྲིད་རིགས་སྣ་ཚོགས་དུས་ལྟར་ཐད་གཏོང་བྱ་ངེས་ཤིང་། བལྟས་ཟིན་པའི་སློབ་ཚན་གང་ཡིན་ཡང་ཐད་གཏོང་ཟིན་ཐོ་བརྒྱུད་ནས་བསྐྱར་དང་ནན་དུ་བལྟ་ཀློག་བྱ་ཐུབ།

བརྙན་གཟུགས།

    བཻ་རོ་ཙ་ན་སློབ་གསོའི་དྲ་བར་འཁོད་པའི་སློབ་ཚན་རིགས་དང་གཏམ་བཤད་རིགས་ཕལ་ཆེར་བརྙན་ལམ་ནས་བལྟ་ཐུབ་པར་མ་ཟད་དཔེ་མཚོན་རྒྱུ་ཆ་དང་སློབ་ཁྲིད་ཟིན་ཐོ་དག་རིན་མེད་ཀྱི་ཕབ་ལེན་བྱ་ཐུབ།

སྒྲ་ལྡན།

      སྒྲོག་འདོན་དང་བྱིས་སྒྲུང་གིས་མཚོན་པའི་སྒྲ་ལྡན་ལེ་ཚན་དག་ཉན་སྐབས་ནང་དོན་ཕལ་ཆེར་ཡིག་རིས་ཀྱི་ལམ་ནས་ལྟ་ཀློག་བྱ་ཐུབ།

ཡིག་རིས།

     ཡིག་རིས་ཀྱི་ས་མིག་ཏུ་ཆ་འཕྲིན་ཤེས་བྱ་དང་དཔལ་ཡོན་གསར་འགྱུར་གཙོ་བོར་གྱུར་པའི་ནང་དོན་གང་མང་བཻ་རོ་ཙ་ན་སློབ་གསོའི་དྲ་བ་རང་གིས་གཙོ་སྒྲུབ་བྱས་ཏེ་རིན་མེད་ངང་མཁོ་སྤྲོད་བྱེད་བཞིན་ཡོད།

གསུམ་པ། དྲ་བ་སྤྱོད་ཐབས།


PCའཇུག་སྒོ།

     བཻ་རོ་ཙ་ན་སློབ་གསོའི་དྲ་བ་སྤྱོད་སྐབས་གློག་ཀླད་དང་ངོས་དེབ་ཀྱི་སྒྲིག་ཆས་རིགས་སྣ་ཚོགས་ཀྱི་ལམ་ནས་འཛུལ་ཞུགས་བྱ་ཐུབ།

WAPའཇུག་སྒོ།

     བཻ་རོ་ཙ་ན་སློབ་གསོའི་དྲ་བ་སྤྱོད་སྐབས་གློག་ཀླད་ལས་གཞན་ཁ་པར་རིགས་ཀྱི་སྒྲིག་ཆས་སྣ་ཚོགས་བརྒྱུད་དེ་འཛུལ་ཞུགས་བྱ་ཐུབ་པར་མ་ཟད། རྗེས་སུ་སྐད་འཕྲིན་གྱི་ཉེར་སྤྱོད་དང་ཁ་པར་མཉེན་ཆས་ཀྱང་གསར་སྤེལ་འཆར་འགོད་བྱས་ཟིན།

དྲ་གནས།www.vairohome.com

གསར་འགོད་པ། སྨ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528188
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།