ནོ་བྷེལ་གསོ་བ་རིག་པའི་བྱ་དགའ་ཐོབ་པའི་གནས་ཚུལ་ཁྱབ་བསྒྲགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ནོ་བྷེལ་གསོ་བ་རིག་པའི་བྱ་དགའ་ཐོབ་པའི་གནས་ཚུལ་ཁྱབ་བསྒྲགས།
ནོ་བྷེལ་གསོ་བ་རིག་པའི་བྱ་དགའ་ཐོབ་པའི་གནས་ཚུལ་ཁྱབ་བསྒྲགས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-10-07ལྟ་ཀློག (4245)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ནོ་བྷེལ་གསོ་བ་རིག་པའི་བྱ་དགའ་ཐོབ་པའི་གནས་ཚུལ་ཁྱབ་བསྒྲགས།

      ཀྲུང་གོའི་གསར་འགྱུར་དྲ་བ་ནས་བསྒྱུར་འཕྲིན། སྤྱི་ཟླ་༡༠བའི་ཚེས༧ཉིན་གྱི་ཕྱི་དྲོར། ༢༠༡༩ལོའི་ནོ་བྷེལ་སྐྱེ་ཁམས་རིག་པའམ་གསོ་བ་རིག་པའི་བྱ་དགའ་ཐོབ་པའི་གནས་ཚུལ་ཁྱབ་བསྒྲགས་བྱས།
ཨ་རིའི་ཝེ་ལམ.ཁེ་ལུན (William G. Kaelin Jr) དང་དབྱིན་ཇིའི་ཕེས་ཁྲུར.རཱ་ཁྲུ་ཁུ་ལེ་ཧྥུ། (Sir Peter J. Ratcliffe)ཨ་རིའི་རྒུ་རེ་རྒུ.ཟེ་མུན་ཟཱ (Gregg L. Semenza) བཅས་ལ་ནོ་བྷེལ་སྐྱེ་ཁམས་རིག་པའམ་གསོ་བ་རིག་པའི་བྱ་དགའ་འདི་གནང་སྟེ་ཁོ་ཚོས་ཕྲ་ཕུང་གིས་ཇི་ལྟར་ཚོར་ཤེས་འབྱུང་བ་དང་གསོ་རླུང་གི་འཕྲོད་ཤུགས་རང་བཞིན་ཤེས་རྟོགས་བྱུང་བར་གཟེངས་བསྟོད་བྱ་རྒྱུ་རེད།

གསར་རྙེད་འདིས་ཟུངས་ཁྲག་ཉམས་པ་དང་སྐྲན་ནད་སོགས་ནད་མང་བོ་ཞིག་གི་གསོ་བཅོས་ལ་རེ་བ་ཆེན་པོ་བསྩལ།

  ནོ་བྷེལ་སྐྱེ་ཁམས་རིག་པའམ་གསོ་བ་རིག་པའི་བྱ་དགའ་ནི་སུའེ་ཙེར་གྱི་འདས་པོ་རྫས་འགྱུར་རིག་པ་ཨར་ཧྥོ་ལེ་ངྷི.ནོ་བྷེལ་ལགས་ཀྱི་ཁ་ཆེམས་ལྟར་དུ་བཙུགས་པ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་ལོ་སྔོན་མའི་སྐྱེ་ཁམས་རིག་པའམ་གསོ་བ་རིག་པའི་སྟེང་དུ་ཐོལ་བརྒལ་རང་བཞིན་གྱི་གསར་རྟོགས་བྱེད་མཁན་ལ་གཟེངས་བསྟོད་བྱ་ཆེད་ཡིན།


     བྱ་དགའ་འདི་༡༩༠༡ལོར་ཐེངས་དང་བོར་བྱིན་པ་དང་། སུའེ་ཙེར་གྱི་རྒྱལ་ས་སི་ངྷི་རྒུ་ཨར་མོའི་གསོ་རིག་སློབ་ཆེན་ཁཱ་ལོ་ལེན་སི་ཁཱ་ཡིས་དཔྱད་འདེམས་ཀྱི་ཁུར་བླངས་པ་དང་། བྱ་དགའ་གནང་བའི་མཛད་སྒོ་ལོ་རེའི་ཟླ༡༢བའི་ཚེས༡༠ཉིན(ནོ་བྷེལ་སྐུ་གཤེགས་པའི་ལོ་རེའི་དྲན་གསོའི་ཉིན་མོ།)སྤེལ་གྱིན་ཡོད།

གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85xb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531830
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།