《ཡིག་གཟུགས་དགེ་མཚན་དཔལ་གྱི་འོད་འབར》ཞེས་པ་འཛམ་གླིང་ཅི་ནི་སིའི་ཟིན་ཐོར་ཚུད་པ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »《ཡིག་གཟུགས་དགེ་མཚན་དཔལ་གྱི་འོད་འབར》ཞེས་པ་འཛམ་གླིང་ཅི་ནི་སིའི
《ཡིག་གཟུགས་དགེ་མཚན་དཔལ་གྱི་འོད་འབར》ཞེས་པ་འཛམ་གླིང་ཅི་ནི་སིའི་ཟིན་ཐོར་ཚུད་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-10-04ལྟ་ཀློག (772)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

《བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བྲིས་རྒྱུན་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབར》ཞེས་བྱ་བ་འཛམ་གླིང་ཆེན་པོའི་ཅི་ནི་སིའི་ཟིན་ཐོར་ཚུད་པའི་དཔང་ཡིག་གི་ཞལ་འབྱེད་མཛད་སྒོ་ཟི་ལིང་ནས་བསྡུས།


     མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་རྒྱ་ཡེ་བཀྲ་བྷོ་དང་། བོད་ཀྱི་ཡིག་མཁན་ཆེན་མོ་དགེ་མང་འཇམ་དཔལ་གཉིས་ཀྱིས《བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བྲིས་རྒྱུན་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབར》ཞེས་བྱ་བ་འཛམ་གླིང་ཆེན་པོའི་ཅི་ནི་སིའི་ཟིན་ཐོར་ཚུད་པའི་དཔང་ཡིག་གི་ཞལ་འབྱེད་བཞིན་པ།
འཛམ་གླིང་ཆེན་པོའི་ཅི་ནི་སིའི་ཟིན་ཐོར་ཚུད་པའི་བདེན་དཔང་། 
《བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བྲིས་རྒྱུན་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབར》ཞེས་བྱ་བ་འཛམ་གླིང་ཆེན་པོའི་ཅི་ནི་སིའི་ཟིན་ཐོར་ཚུད་པའི་དཔང་ཡིག་གི་ཞལ་འབྱེད་མཛད་སྒོ་ཟླ་བཅུ་པའི་ཚེས་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་ཟི་ལིང་ནས་བསྡུས།
མཛད་སྒོའི་སྟེང་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་རྒྱ་ཡེ་བཀྲ་བྷོ་དང་། བོད་ཀྱི་ཡིག་མཁན་ཆེན་མོ་དགེ་མང་འཇམ་དཔལ་གཉིས་ཀྱིས《བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བྲིས་རྒྱུན་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབར》ཞེས་བྱ་བ་འཛམ་གླིང་ཆེན་པོའི་ཅི་ནི་སིའི་ཟིན་ཐོར་ཚུད་པའི་དཔང་ཡིག་གི་ཞལ་འབྱེད་པ་དང་། དགེ་མང་འཇམ་དཔལ་གྱིས་དཔང་ཡིག་སྒྲོག་འདོན་བྱས།
མཛད་སྒོའི་སྟེང་བོད་ཀྱི་ཆེད་མཁས་པ་དང་ཡིག་མཁན་མང་པོས《བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བྲིས་རྒྱུན་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབར》ལ་གདེང་འཇོག་མཐོན་པོ་གནང་བ་དང་། ཡིག་མཁན་རིག་སྨོན་བསམ་གཏན་རྒྱ་མཚོའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།

《བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བྲིས་རྒྱུན་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབར》ཞེས་པ་ནི་ཡིག་མཁན་རིག་སྨོན་བསམ་གཏན་རྒྱ་མཚོ་ལགས་ཀྱིས་ཉིས་སྟོང་བཅོ་ལྔ་ལོར་འབྲི་བཞེངས་ཀྱི་མགོ་བརྩམས་པ་ཡིན་ལ། ལོ་གསུམ་གྱི་རིང་དཀའ་བ་སྤྱད་རྗེས་རིང་ཚད་ལ་སྨི་སུམ་བརྒྱ་བཅོ་ལྔ་དང་ཞེང་ལ་སྨི་གཅིག་གྲངས་ཆུང་གསུམ་ཅན་གྱི་ཡིག་ཐང་རིང་མོ་ལེགས་པར་གྲུབ་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པར་འཛམ་གླིང་ཆེན་པོའི་ཅི་ནི་སིའི་ཟིན་ཐོར་ཚུད་པ་རེད། ཡིག་ཐང་རིང་མོ་དེ་ནི་དབུ་ཅན་སྙེ་བྲིས་དང་སྨོན་ལམ་ཡིག་གཟུགས། དབུ་མེད་གཙང་བྲིས། ཨ་མདོའི་དབུ་ཅན་སྨྱུག་བཅད་ཀྱི་བྲིས། དབུ་མེད་གཞུང་བྲིས། སྡེར་ནང་ས་བྲིས། དབུས་བྲིས་ཚུགས་ཐུང་། བཀའ་རྒྱུད་བྲབ་བྲིས། ནང་བྲིས་ནོར་བུ་མ། དབུ་མེད་དབུས་བྲིས་བཅས་བོད་ཀྱི་བྲིས་རྒྱུན་བཅུ་ཡི་བདག་ཉིད་ཅན་ཡིན།
ཡིག་མཁན་རིག་སྨོན་བསམ་གཏན་རྒྱ་མཚོ་ལགས་ཀྱིས་རང་ལོ་བཅོ་ལྔ་ནས་བཟུང་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་འབྲི་རྩལ་ལ་འབད་བརྩོན་རྒྱ་ཆེར་བསྟེན་པ་དང་། སྔ་གཞུག་ཏུ་བོད་ཀྱི་ཡིག་མཁན་གྲགས་ཅན་མང་པོའི་མདུན་ནས་བྲིས་རྒྱུན་དང་འབྲི་རྩལ་གྱི་མན་ངག་ཟབ་མོ་བླངས། ཡིག་གཟུགས་འགྲན་སྡུར་ཆེ་གྲས་མང་པོའི་ཁྲོད་དུ་ཡང་བྱ་དགའ་ཐེངས་མང་ཐོབ་མྱོང་། ཉིས་སྟོང་དྲུག་ལོར《སྨྱུག་རིམ་ཐོན་མིའི་ཕྱག་རྒྱུན》ཞེས་པའི་ཡིག་གཟུགས་དཔེ་དེབ་དཔེ་བསྐྲུན་བྱས་པ་དང་། ཉིས་སྟོང་བཅུ་གསུམ་ལོར་བརྩམས་ཆོས《དཔལ་ལྡན་ཐོན་མིའི་སྨྱུག་ཚོམས》ཞེས་པ་དཔེ་བསྐྲུན་བྱས་པར་དགའ་བསུ་ཆེན་པོ་ཐོབ། ཁོ་ནི་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། ལྷ་ས་གྲོང་ཁྱེར་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། པེ་ཅིན་ཡིག་རིས་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།

བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བྲིས་རྒྱུན་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབརཞེས་བྱ་བ།

བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བྲིས་རྒྱུན་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབརཞེས་བྱ་བ་འབྲི་བཞེངས་བྱེད་མཁན་རིག་སྨོན་བསམ་གཏན་རྒྱ་མཚོ་ལགས། 

མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་རྒྱ་ཡེ་བཀྲ་བྷོས་གཏམ་བཤད་གནང་བཞིན་པ།

ཡིག་མཁན་ཆེན་པོ་དགེ་མང་འཇམ་དཔལ་གྱིས་གཏམ་བཤད་གནང་བཞིན་པ།

ཡིག་མཁན་གྲགས་ཅན་དོན་གྲུབ་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་གླིང་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་གིས་གསུང་བཤད་གནང་བཞིན་པ།

ཆེད་ཞུས་སྐུ་མགྲོན་གྱི་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ།  སྤྲེལ་ཉི་མ་རྒྱལ་མཚན།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 20r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5865614
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号