ང་ཚོའི་མདུན་ལམ་ལ་བཀྲག་མདངས་འཚེར་འདུག
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »ང་ཚོའི་མདུན་ལམ་ལ་བཀྲག་མདངས་འཚེར་འདུག
ང་ཚོའི་མདུན་ལམ་ལ་བཀྲག་མདངས་འཚེར་འདུག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2019-09-15ལྟ་ཀློག (1342)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


     དེ་རིང་ནི་སྤྱི་ཟླ་དགུ་བའི་ཚེས་བཅུ་བཞི་དང་གཟའ་སྤེན་པ་ཡིན་པས་ནམ་རྒྱུན་ལྟར་གཟའ་མཇུག་གི་སྤྱི་སྡོམ་འཚོགས།  ཡིན་ན་ཡང་དེ་རིང་གི་སྤྱི་སྡོམ་ལ་ནམ་རྒྱུན་དང་མི་འདྲ་བའི་ཚོར་སྣང་གསར་བ་རེ་སྐྱེས་བྱུང་།  ང་ཚོའི་སྟོབས་ཤུགས་ལ་གསོན་ཉམས་རྒྱས་ཤིང་ང་ཚོའི་མདུན་ལམ་ལ་བཀྲག་མདངས་འཚེར་འདུག  གཡས་སུ་གཞུང་ལུགས་རམ་འབྱམས་ལ་མཁྱེན་རྒྱ་ཡངས་ཤིང་ཚུལ་ཁྲིམས་ཀྱི་དྲི་ངད་ཕྱོགས་སུ་ལྡང་བའི་དགེ་རྒན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་དང་གཡོན་དུ་ཚངས་དབྱངས་ལྷ་མོའི་པི་ཝང་གི་བྱིན་རླབས་ཞུགས་ཤིང་གནས་ལྔ་རིག་པའི་དར་ཚོན་གྱི་སྐ་རགས་བཅིངས་པའི་དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་བཞུགས་ལ།  རྒྱབ་ན་བྲག་རི་བཞིན་བསྐྱོར་བའི་ལྷག་བསམ་དུང་ལས་དཀར་ཞིང་བརྩོན་པ་ཆུ་རྒྱུན་ལས་རིང་བའི་དགེ་རྒན་དང་ལས་བཟོ་བ་བརྒྱ་ཕྲག་ལ་ཉེ་བའི་དཔུང་རྡང་མཉམ་པ།  མདུན་ན་རྣ་བ་ཀྲོང་ཀྲོང་གིས་ཉན་པའི་སློབ་ལ་དགའ་ཞིང་སྦྱོང་ལ་བརྩོན་པའི་ན་གཞོན་བློ་རིག་ཅན་སྟོང་ཕྲག་ལྷག་གི་ཕུགས་འདུན་གཙང་བ།  བརྗིད་ཅིང་མཛེས་པའི་སློབ་ཁྲིད་ཀྱི་ཐོག་ཁང་གསར་བ་འདི་ནི་བློན་པོ་མགར་སྟོང་བཙན་གྱི་རུས་རྒྱུད་ལས་མཆེད་པར་གྲགས་པའི་མགར་རྩེ་ཚོ་བ་བཅོ་བརྒྱད་ཀྱིས་སྦྱིན་བདག་བྱས་ཏེ་ད་ལོ་གསར་དུ་ལེགས་འགྲུབ་བྱུང་བ་ཞིག་རེད།   ང་ཚོའི་མི་རིགས་ལ་མཚོན་ན་ཚིག་གསུམ་བཤད་ཤེས་པ་དང་མ་ཎི་འདོན་ཤེས་ལ་གོམ་གསུམ་སྤོ་ཤེས་པ་དང་གུས་ཕྱག་འཚལ་ཤེས་པའི་མི་རིགས་ཤིག་ཡིན་པས།  དགོན་པར་རྟེན་བཞེངས་བྱེད་པ་དང་དགེ་འདུན་ལ་བསྙེན་བཀུར་བྱེད་རྒྱུ་ནི་མ་བསྐུལ་དང་བླངས་བྱེད་པའི་ལུགས་སྲོལ་དུ་ཆགས་ནས་ཤ་གསེང་རུས་གསེང་ལ་ཞུགས་ཡོད།  འོན་ཀྱང་སློབ་གསོའི་ཐད་ལ་མ་བསྐུལ་དང་བླངས་སྒོས་སྦྱིན་བདག་བྱེད་མཁན་ནི་ཉིན་མོའི་སྐར་མ་དང་ནམ་མཁའི་མེ་ཏོག་གི་གྲོགས་སུ་གྱུར་འདུག  ཅུང་མ་འགོར་བའི་ལོ་ངོ་འདི་དག་གི་རིང་ལ་བོད་པའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་ནང་དུ་འང་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཞིག་ཡིན་ཡང་རིག་གནས་སློབ་གསོ་ཟེར་བ་འདི་མེད་སོང་ན་ནི་ཐམས་ཅད་རྩ་མེད་དུ་འགྲོ་བཞིན་ཡོད་པ་ངོ་འཕྲོད་ཀྱིན་འདུག  ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐད་ནས་བཤད་ན་ལོ་ངོ་ཁ་ཤས་ཀྱི་ནང་དུ་མང་ཚོགས་དཀྱུས་མ་ཚོས་དམངས་སྒོར་ཁྲི་སྟོང་ཕྲག་གཉིས་ལ་ཉེ་བའི་ཞལ་འདེབས་ཕུལ་ཏེ་ཐོག་ཁང་གསར་བ་གང་མང་ཞིག་འཛུགས་སྐྲུན་བྱས་ཡོད་པས་འདི་ནི་མི་རིགས་ཤིག་གི་ཡར་རྒྱས་དང་བསམ་བློའི་གོ་རྟོགས་མཐོ་རུ་འགྲོ་བཞིན་པ་མཚོན་ཡོད་པས་འདིར་རྗེས་སུ་ཡི་རང་དང་བཀའ་དྲིན་ཆེ་ཞུ་བཞིན་ཡོད།  དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས། 


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་རྣམ་གསུམ། 


མགར་རྩེ་ཚོ་བ་བཅོ་བརྒྱད་ཀྱིས་གསར་དུ་བཞེངས་པའི་སློབ་ཁྲིད་ཐོག་ཁང་། 


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ང་ཚོའི་མདུན་ལམ་ལ་བཀྲག་མདངས་འཚེར་འདུག   སྤེལ་མཁན།: བཀའ་མ་ལོག སྤེལ་དུས:2019/9/16
བོད་བཙན་པོའི་དུས་ནས་ད་ལྟའི་བར་མགར་གྱི་གདུང་རྒྱུད་ཚོ་བོད་ལ་སྐུ་དྲིན་ཆེ།
  ང་ཚོའི་མདུན་ལམ་ལ་བཀྲག་མདངས་འཚེར་འདུག   སྤེལ་མཁན།: དངུལ་རྭའི་སྙེ་མ། སྤེལ་དུས:2019/9/15
མགར་རྩེ་བ་རྣམས་བཀའ་དྲིན་ཆེ། རྒན་འཇིགས་མེད་ཚང་ཚོང་བ་སྟོབས་ཆེན་ཞིག་རེད་ཟེར་ཀི་མོད། རྒྱུན་དུ་ཚོང་ལས་ཀྱི་ཚོང་འདུས་འདྲ་མིན་ལ་ཕེབས་རྒྱུ་དང་རྒྱལ་ཕྱི་ནང་བར་ཚོང་རྒྱག་ཀི་ཡོད་མི་ཟེར་རམ། སློབ་གྲྭའི་ཁང་བ་འདི་སྦྱིན་བདག་ལ་མ་བརྟེན་པར་མི་འགྲུབ་ནོ་ཅི་ཡིན་ནམ།
  ང་ཚོའི་མདུན་ལམ་ལ་བཀྲག་མདངས་འཚེར་འདུག   སྤེལ་མཁན།: བཙན་མེ་ཆ། སྤེལ་དུས:2019/9/15
བསྟན་པའི་སྦྱིན་བདག་མངའ་འབྱོར་བ་རྒྱས། ། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5865603
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号