གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་སློབ་མ་གསར་བསྡུའི་གནས་ཚུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་སློབ་མ་གསར་བསྡུའི་གནས་
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་སློབ་མ་གསར་བསྡུའི་གནས་ཚུལ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-09-12ལྟ་ཀློག (9852)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་སློབ་མ་གསར་བསྡུའི་གནས་ཚུལ།

     2019ལོའི་སྤྱི་ཟླ་9བའི་ཚེས་3ཉིན་རྩྭ་ཐང་བུ་མོའི་སློབ་གླིང་གི་ལོ་རེའི་འཆར་ཅན་ལྟར་གནས་འདིར་རིག་པའི་གོམ་ཁའམ་མི་ཚེའི་ཁ་ཕྱོགས་བསྒྱུར་འདུན་ཆེ་བའི་གསར་ཞུགས་སློབ་མ་དག་ལ་ཆེད་དམིགས་ལྟ་བུར་སྒྲུབ་ཀྱིན་པའི་སློབ་མ་གསར་བསྡུའི་བྱེད་སྒོ་འགངས་ཆེན་དེ་ཉིད་སྤེལ་བ་ཡིན་ཞིང་། སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་དང་སློབ་གཙོ་གཞོན་པ་དཔའ་རིས་པ་འཇམ་དཔལ་རྣམ་འཇོམས། སློབ་དོན་པ་སུ་རིག་སྒྲོལ་མ་སྐྱབས། བོད་ཡིག་ཁྲིད་དཔྱོད་ཁང་གི་གཙོ་འགན་པ་དཀར་མོ་ཡེ་ཤེས། རྒན་དམེ་ཚང་ཡེ་ཤེས་རྒྱ་མཚོ་སོགས་གཙོར་མཛད་པའི་དགེ་རྒན་ཡོངས་ཀྱིས་གངས་ཅན་བུ་མོའི་རིག་པའི་ཚང་མལ་གཅིག་པུ་འདི་བསྙེགས་ཏེ་སླེབས་པའི་མཚོ་སྔོན་གཙོས་བོད་ཁུལ་གྱི་ཞིང་ཆེན་སོ་སོའི་རྒྱུགས་ཞུགས་སློབ་མ་སུམ་བརྒྱ་ལྷག་ལ་མིང་ཐོ་བཀོད་པ་དང་རྒྱུགས་ར་བཀོད་སྒྲིག རྒྱུགས་ཤོག་ལ་ལྟ་བ་སོགས་ཀྱི་ལས་བགྱིས་ཏེ་ཕྱི་དྲོར་རྒྱུགས་འབྲས་ཁྱབ་བསྒྲགས་གནངས་ཤིང་། སློབ་མ་བསྡུ་སྟངས་ནི་སློབ་ཆུང་སློབ་རིམ་དང་པོར་འཛིན་གྲྭ་གཅིག་དང་སློབ་རིམ་བཞི་པར་འཛིན་གྲྭ་གཅིག གཞན་དུ་སློབ་ཆུང་རིམ་པའི་འཛིན་གྲྭ་ཁག་ཏུ་མི་གྲངས་ཤོང་ཚད་ལྟར་བསྡུས་ཏེ་བསྡོམས་པས་སློབ་མ་བརྒྱ་ཕྲག་ལྷག་བསྡུ་ཐུབ་པ་བྱུང་།

སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་གིས་གསུང་བཤད་གནང་བཞིན་པ།

སློབ་མ་གསར་བ་བསྡུ་སྟངས་ཀྱི་ལམ་ལུགས་ཁྱིམ་བདག་དང་སློབ་མར་ངོ་སྤྲོད་ཀྱིན་པ།

ཚོགས་རའི་ཡུལ་ངོས།

གསར་ཞུགས་སློབ་མར་མིང་ཐོ་འགོད་ཀྱིན་པ།


སློབ་གྲྭ་གཉིས་ཀྱིས་དུས་གཅིག་ཏུ་དགེ་རྒན་དུས་ཆེན་རོལ་བ།

   2019.9.10 ཉིན་སློབ་གླིང་འདིའི་བྱེད་པོ་དགེ་རྒན་འཇིགས་མེད་རྒྱལ་མཚན་ཁོང་གི་ཐུགས་སྟོབས་ཀྱིས་བསྐྲུན་པའི་སློབ་གྲྭ་སྟོད་སྨད་གཉིས་ཏེ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་དང་གངས་ལྗོངས་འཇིགས་མེད་རྩྭ་ཐང་བུ་མོའི་སློབ་གྲྭ་ཟུང་གིས་རྒྱལ་ཡོངས་དགེ་རྒན་དུས་ཆེན་སྐབས་སོ་ལྔ་བ་བསུ་བའི་བྱེད་སྒོ་ཅུང་གཟབ་རྒྱས་ཤིག་དམར་ཡག་ཀེ་ཐོའི་མདུན་ཐང་དུ་བསྡུས་ཤིང་། དུས་ཆེན་གྱི་བྱེད་སྒོ་དེ་ཉིད་དུ་དགེ་རྒན་ཁོང་རིན་པོ་ཆེ་གཙོར་མཛད་པའི་སློབ་གྲྭ་ཕར་ཚུར་གཉིས་ཀྱི་དགེ་རྒན་དང་ལས་བཟོ་བ་བརྒྱ་ཕྲག་ལྷག་ཅིག་འདུས། ཚོགས་ཐོག་ཏུ་དགེ་རྒན་ཁོང་གིས་རང་ཉིད་དགེ་རྒན་དང་ལས་བཟོ་བ་ཞིག་ཡིན་པའི་ཆ་ནས་རང་གི་འོས་འགན་ཡག་པོ་ཞིག་ངོས་ཟིན་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པར་མ་ཟད། རང་རང་གིས་སྒྲུབ་བཞིན་པའི་བྱ་བ་དག་ཀྱང་རྒྱུན་ལྡན་གྱི་བྱ་བ་ཞིག་ལ་ངོས་མི་འཛིན་རྒྱུ་དེ་ཡང་ཧ་ཅང་གལ་ཆེ།ཞེས་སོགས་མི་ཞིག་ཡིན་ཚེར་སྤྱོད་ཡོན་གཉིས་ལྡན་ལ་འབད་དགོས་ཚུལ་གྱི་བསླབ་བྱ་མི་ཚེའི་ལམ་སྟོན་གྱི་གདམས་པ་ཁོ་ནར་གྱུར་པའི་གསུངས་བཤད་རིན་ཐང་ཆེ་བ་མཛད། དེར་མཐུད་སྔ་དྲོར་སློབ་གྲྭ་ཟུང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་གངས་ལྗོངས་འཇིགས་མེད་རྩྭ་ཐང་བུ་མོའི་སློབ་གྲྭའི་ཕྱི་ནང་གི་བཀོད་པར་གཟིགས་ཞིབ་གནང་ཞིང་།  སློབ་གྲྭ་ཟུང་གི་ལྒང་རྒྱག་རུ་ཁག་གིས་དྲ་འཕེན་སྤོ་ལོའི་འགྲན་བསྡུར་བྱས་ཤིང་།   རིག་རྩལ་འཁྲབ་སྟོན་སྣ་ཚོགས་དང་བཅས་དགེ་རྒན་དུས་ཆེན་སྐབས་སོ་ལྔ་བ་བདེ་བླག་ངང་མཇུག་བསྡུས།

དགེ་རྒན་དུས་ཆེན་སྟེང་ཐོན་མིའི་ཡིག་རྒྱུན་བྱུང་འཕེལ་སྐོར་ངོ་སྤྲོད་གནང་བ།

བུ་མོ་རྣམས་སྐབས་བསྟུན་གྱིས་དམ་བཅའ་ཚུགས་ཏེ་རྟགས་གསལ་གཏོང་བཞིན་པ།

དགེ་རྒན་དུས་ཆེན་སྟེང་ཞབས་བྲོ་འཁྲབ་བཞིན་པ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བའི་མཉམ་པར།

གསར་འགོད་པ།    གཡོན་གཞིས་ནོར་སྟོབས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་སློབ་མ་གསར་བསྡུའི་གནས་ཚུལ།   སྤེལ་མཁན།: ཤ་སྦྲང་བློ་བསྟན། སྤེལ་དུས:2019/9/13
ར་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་དགོངས་གཞིའི་འོག་ཏུ་ཤར་བསྐྱོད་གནང་རྒྱུ་ནི། སློབ་གླིང་གཉིས་ཙམ་མ་ཡིན་པར་གཞི་རིམ་བོད་ཀྱི་སྤྱི་ཚོགས་ཧྲིལ་གྱིས་བསྐྱོད་དགོས་པ་ནི་ཕུལ་བྱུང་གི་འདེམས་ཕྱོགས་ཤིག་ཏུ་ཁོ་བོས་མཐོང་། དམ་པ་ཁོང་ནི་རྣམ་དཔྱོད་དང་སློབ་གསོས་ལུས་སྟོབས་རྒྱས་ཤིང་། ལྷག་བསམ་དང་འགན་འཁུར་གྱི་གཡུ་རལ་གསིག་པའི་གངས་ལྗོངས་ཀྱི་གདོང་ལྔ་པ་གཅིག་བུ་དེ་ཡིན་པས། ཉ་ཉོག་མང་པོ་ཤིན་ཏུ་དར་བའི་དུས འདིར་ཁོ་ཡི་ལམ་སྟོན་འོག་ཏུ་བསྐྱོད་པ་ནི་རང་གི་ཕ་ཁྱིམ་དུ་ཕྱིར་ལོག་པ་ཡིན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23540268
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།