འཇིགས་མེད་རྒྱལ་མཚན་མཆོག་མཚོ་སྔོན་ལྷ་མོ་དྲེལ་དགོན་པར་ཆིབས་བསྒྱུར་མཛད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »འཇིགས་མེད་རྒྱལ་མཚན་མཆོག་མཚོ་སྔོན་ལྷ་མོ་དྲེལ་དགོན་པར་ཆིབས་བསྒ
འཇིགས་མེད་རྒྱལ་མཚན་མཆོག་མཚོ་སྔོན་ལྷ་མོ་དྲེལ་དགོན་པར་ཆིབས་བསྒྱུར་མཛད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2019-09-02ལྟ་ཀློག (6932)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་མཚོ་སྔོན་པོའི་ལྷ་མོ་དྲེལ་དགོན་པར་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་པ།


དགོན་གྲོང་གཉིས་ཀྱིས་ཕེབས་བསུ་བྱེད་བཞིན་པ།


དགེ་རྒན་མཆོག་ལ་ཕེབས་བསུ་བྱེད་བཞིན་པ།



ཁོང་གིས་ལྷ་མོ་དྲེལ་དགོན་པའི་དགོན་བདག༧རྗེ་སྨྲ་ཁམས་བློ་བཟང་བསྟན་འཛིན་རྒྱ་མཚོ་ལ་གྱ་སྟོན་ལེགས་སྐྱེས་འབུལ་བཞིན་པ།


ཁོང་གིས་བཀའ་སློབ་གནང་བཞིན་པ།


      མཚོ་སྔོན་ལྷ་མོ་དྲེལ་དགོན་པའི་དགོན་བདག་བླ་མ།  རྗེ་སྨྲ་ཁམས་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་གིས་དགུང་གྲངས་བརྒྱད་ཅུ་བཞེས་པའི་སྐུའི་གྱ་སྟོན་གྱི་ཉིན་གསུམ་པ་སྟེ་ཕྱི་ལོ་༢༠༡༩-༩-༡ཉིན།  བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཡུལ་དེ་གའི་དགོན་གྲོང་གཉིས་ཀྱིས་གདན་ཞུས་ཐོག་ཉིན་དེའི་གུང་ཡོལ་ཙམ་ལ་དགོན་པར་ཕེབས་འབྱོར་གྱིས་སེར་སྐྱ་ཕོ་མོ་ཡོངས་ལ་དུས་སུ་བབས་པའི་གསུང་མོལ་ཞིབ་སྩོལ་གྱི་བཀའ་དྲིན་བསྐྱངས།

      དོན་དེ་དང་འབྲེལ་གསེར་ཆེན་ཐོན་མིའི་སློབ་ཚོགས་ཀྱི་དབུ་འཛིན་ལྷན་ཚོགས་ནས་ཀྱང་དགེ་རྒན་མཆོག་ལ་ཕེབས་བསུ་གྲ་སྒྲིག་གིས་སློབ་གྲོགས་སེར་སྐྱ་ཉི་ཤུ་ལྷག་མཚོ་སྔོན་པོའི་རིག་སྨོན་གྲོང་རྡལ་དུ་བསུ་བར་ཕྱིན་ཞིང་།  དགོན་དུ་ཕེབས་རྗེས་སློབ་གྲོགས་ཆོས་གྲགས་རྒྱ་མཚོའི་གྲྭ་ཤག་ཏུ་གསོལ་ཇ་བཞེས་ཤིང་དགེ་རྒན་རིན་པོ་ཆེ་མཆོག་དང་སློབ་དཔོན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་གཉིས་ནས་སློབ་ཚོགས་ཀྱི་སློབ་གྲོགས་ཡོངས་ལ་གནད་ཆེའི་བཀའ་སློབ་ལམ་སྟོན་གནང་བ་དང་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་བོས།

      ཕྱི་དྲོའི་ཆུ་ཚོད་བཞི་ཙམ་ལ་རྒན་རྣམ་པ་གཉིས་ནས་འཆད་ཁྲིད་ཀྱི་མཇུག་གྲུབ་པ་དང་དགོན་གཞུང་ནས་སྣེ་ལེན་གཟབ་རྒྱས་དང་བཅས་གོ་སྒྲིག་མི་སྣས་དགེ་རྒན་མཆོག་དང་རྒན་རྒྱ་ཡེ་བཀྲ་བྷོ་རྣམ་གཉིས་ཕྱིར་ཟི་ལིང་གྲོང་ཁྱེར་དུ་བསྐྱལ་བ་བཅས་སོ། །


དགེ་རྒན་གཉིས་སློབ་གྲོགས་ཆོས་གྲགས་རྒྱ་མཚོའི་གྲྭ་ཤག་ཏུ་ཕེབས་པ།


དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་མཆོག་གིས་གསུང་བཤད་གནང་བཞིན་པ།


འཕྲིན་གཏོང་བ་རྟ་ནག་བཟོད་པ།
༢༠༡༩-༩-༡ཉིན།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30s6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  འཇིགས་མེད་རྒྱལ་མཚན་མཆོག་མཚོ་སྔོན་ལྷ་མོ་དྲེལ་དགོན་པར་ཆིབས་བསྒྱུར་མཛད།   སྤེལ་མཁན།: སངས་རྒྱས་རྒྱལ། སྤེལ་དུས:2019/9/2
ཨེ་མ་ཧོ་རྨད་བྱུང་སྐལ་བ་བཟང་།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23503463
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།