ཨ་མཆོག་ས་ཆ་ནས་སྤེལ་བའི་འཆད་ཁྲིད་ཀྱི་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། » ཨ་མཆོག་ས་ཆ་ནས་སྤེལ་བའི་འཆད་ཁྲིད་ཀྱི་གསར་འགྱུར།
ཨ་མཆོག་ས་ཆ་ནས་སྤེལ་བའི་འཆད་ཁྲིད་ཀྱི་གསར་འགྱུར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2019-08-10ལྟ་ཀློག (4544)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

ཨ་མཆོག་ས་ཆ་ནས་སྤེལ་བའི་འཆད་ཁྲིད་ཀྱི་གསར་འགྱུར། 

      ཨ་མཆོག་སློབ་གསོ་ཡར་སྐུལ་ཚོགས་པས་སྒྲུབ་པ་གཙོར་བྱས་ཏེ་ད་ལོར་སླར་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ལྕགས་ཐར་རྒྱལ་ལགས་གདན་ཞུ་གནང་བ་དང་། ས་གནས་སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ་བརྡ་སྤྲོད་ཀྱི་འཆད་ཁྲིད་སྤེལ་བའི་བསོད་ནམས་གནས་འདིའི་འགྲོ་བར་སྨིན་པའི་དུས་ནི། སྤྱི་ལོ༢༠༡༩ལོའི་ཟླ༨པའི་ཚེས༥ཉིན་ནས་ཚེས༨བར་དུ་བརྡ་སྤྲོད་པ་ཕྱི་མོ་རྣམ་གཉིས་ཀྱི་ཡ་གྱལ་རྟགས་ཀྱི་འཇུག་པའི་སྐོར་གྱི་འཆད་ཁྲིད་ཞིབ་རྒྱས་སྤེལ། འཆད་ཁྲིད་དུ་ཞུགས་མཁན་ནི་ཨ་མཆོག་ས་ཁུལ་གཙོས་གཙོས་དང་བླ་བྲང་། མཛོད་དགེ་དང་ཀླུ་ཆུ་སོགས་ནས་ཡོང་བའི་དགེ་སློབ་ལྔ་བརྒྱ་ཉེ་བར་ཞུགས།
     དགེ་རྒན་ཁོང་གིས་སྔ་དྲོ་ཕྱི་དྲོ་གཉིས་སུ་བགོས་ཏེ་ཉི་མ་རེ་ལ་ཆུ་ཚོད་དྲུག་གི་དུས་ཡུན་བེད་སྤྱད་དེ་འཆད་ཁྲིད་སྤེལ་བ་དང་། ཁྱོན་ཉིན་བཞིའི་རིང་གི་ཆུ་ཚོད་ཉེར་བཞིའི་རིང་ལ་འཆད་ཁྲིད་ཡོད་ཚད་ཐུགས་ཐོགས་ནས་ཤར་ཤར་འཆད་པའི་རྩལ་དང་། གཞུང་མང་གཟིགས་པའི་གོ་བ་ཟབ་པ། ལྷག་བསམ་གྱིས་གཏོང་ཕོད་པ།  བྱམས་བརྩེའི་རྒྱུད་ཕྱུག་པ། བརྡར་ཤ་གཅོད་པའི་མཁྱེན་རབ་རྫོགས་པ་སོགས་ངོ་མཚར་བའི་མཛད་འཕྲིན་དུ་མས་ཉེ་བར་བསྐྱངས་པ་དང་གཅིག  ཐེངས་འདིའི་རྩ་འཛུགས་པའི་ཀུན་སློང་གི་ཆེ་བ། འཆད་ཁྲིད་མཁན་ལ་ཤེས་ཡོན་གྱི་ཆེ་བ། སློབ་མ་དག་ལ་དོན་གཉེར་ཆེ་བ། ཆེ་བ་གསུམ་ལྡན་གྱི་རྟེན་འབྲེལ་རང་བཞིན་གྱིས་འགྲིག་པར་མ་ཟད། འཆད་ཁྲིད་མཇུག་རྫོགས་ཁར་ཁོང་གིས་སློབ་ཁྲིད་དུ་ཞུགས་པའི་དགེ་སློབ་དག་ལ་དཔེ་གཟིགས་གནང་དགོས་ཚུལ་དང་དུས་ཚོད་དམ་འཛིན་བྱ་དགོས་ལུགས་སྐོར་དགེ་རྒན་ཁོང་གི་མཛད་པ་དང་སྦྱར་ཏེ་གོ་སླ་ཞིང་ཉན་བདེ་བའི་བསླབ་བྱ་གྱ་ནོམ་པ་བསྩལ་བར་མ་ཟད་དེར་ཡོད་དགེ་སློབ་དང་ཁྱིམ་བདག་དག་ལ་སྙིང་ཕུར་ཡང་ཡང་བརྡབས། དགེ་སློབ་དུ་མའི་མིག་རྩ་བརླན་དང་སེམས་རྒྱུད་སྙི་མོར་བཏང་བྱུང་། རྗེས་མར་དགེ་རྒན་ཁོང་བསྐྱར་དུ་ཕ་ཡུལ་ཨ་མཆོག་གི་སློབ་གསོའི་ལས་དོན་ཐད་ཕེབས་རྒྱུའི་ཞལ་བཞེས་ཐོབ་པ་སོགས་བཀའ་དྲིན་དཔེ་མེད་བསྐྱངས་དང་སྐྱོང་གིན་པ་ལགས།

       མདོར་ན། སློབ་གསོའི་ལས་དོན་ལ་ལྷག་བསམ་མཆོག་ཏུ་དཀར་བའི་ཨ་ཁུ་བསྟན་པ་གཙོས་སློབ་གསོ་ཡར་སྐུལ་ཚོགས་པ་ཞེས་པ་ཞིག་མེད་ན། ན་ནིང་ད་ལོར་ཕ་ཡུལ་ཨ་མཆོག་ཏུ་ངེས་དོན་བརྡ་སྤྲོད་སྨྲ་བའི་དབང་བོ་དགེ་རྒན་ལྕགས་ཐར་རྒྱལ་ལགས་ཕེབས་རྒྱུ་མེད་ལ། དགེ་རྒན་ལྕགས་ཐར་རྒྱལ་ལགས་ཕེབས་པའི་སྐལ་བ་མ་ལྡན་ཚེ། ན་ནིང་ད་ལོར་ཨ་མཆོག་ཏུ་འདི་ལྟ་བུའི་འཆད་ཁྲིད་ཀྱི་དགའ་སྟོན་ཉམས་སུ་མྱོང་རྒྱུ་ཞིག་ག་ལ་ཡོད་ཨང་། ཞེས་རང་སའི་མྱི་དེ་ཚོས་ངག་གིས་གླེང་ཞིང་སེམས་ཀྱིས་སྐྱོར་གྱིན་འདུག་པ་ནི་འབྲེལ་ཡོད་ཕྱག་རྗེས་ཆེ་བ་དག་གི་བཀའ་དྲིན་དྲན་པའི་ཚུལ་དུ་ཡོད་པ་དེ་ག་ལགས་སོ། ། 

དགེ་རྒན་ལྕགས་ཐར་རྒྱལ་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།

འཆད་ཁྲིད་ཀྱི་ཡུལ་ངོས།

འཆད་ཁྲིད་ཀྱི་ཚོགས་རའི་རྣམ་པ།

གསར་འགོད་པ།  རྒྱ་འདུ་སངས་རྒྱས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23500723
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།