དུས་ཀྱིས་ཕོངས་པའི་མེ་ཏོག(དེབ་གསར་འགྲེམ་བརྡ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »དུས་ཀྱིས་ཕོངས་པའི་མེ་ཏོག(དེབ་གསར་འགྲེམ་བརྡ།
དུས་ཀྱིས་ཕོངས་པའི་མེ་ཏོག(དེབ་གསར་འགྲེམ་བརྡ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-08-09ལྟ་ཀློག (5998)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

དུས་ཀྱིས་ཕོངས་པའི་མེ་ཏོག(དེབ་གསར་འགྲེམ་བརྡ།

རྩོམ་པ་བོ་མཚམས་སྦྱོར།
      དངོས་མིང་། ནག་ཤུལ་ཆོས་ཀྱི་ཉི་མ། མིང་གཞན། ཆུ་དར་དུང་འཚོ། ༡༩༩༥ལོར་མགོ་ལོག་དགའ་བདེ་ཁོ་ཆུའི་ནོར་རྫི་ཚང་ཞེས་པའི་ཁྱིམ་རྒྱུད་དུ་སྐྱེས། ༢༠༠༩ལོར་ལུང་སྔོན་དགོན་པར་རབ་ཏུ་བྱུང་སྟེ་ནང་བསྟན་མཚན་ཉིད་རིག་པ་སྦྱང་འགོ་བརྩམས། ༢༠༡༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན། ༢༠༡༩ལོར་ལུང་སྔོན་དགོན་ཆོས་རིག་མཐོ་རིམ་སློབ་གླིང་ནས་ཕར་ཚད་རབ་འབྱམས་པའི་དམ་བཅའ་བཞག ད་ལྟའི་བར་དུ་སྙན་ངག་ཡིན་ནོ་ལོ་བརྒྱ་ཕྲག་དུ་མ་བྲིས། བརྩམས་ཆོས་ལ་སྙན་དེབ་«ན་བུན་སེར་སྐྱ།»དང་རྟོགས་བརྗོད་«སོག་པོའི་བླ་མ་རིན་པོ་ཆེ་ངག་དབང་ལྷག་བསམ་རྒྱ་མཚོ་མཆོག་གི་རྣམ་ཐར་ཉུང་བསྡུས།» ལྷུག་རྩོམ་གཅེས་བཏུས་«དུས་ཀྱིས་ཕོངས་པའི་མེ་ཏོག»བཅས་དཔེ་སྐྲུན་བྱས།


   མི་ནི་འཚོ་བའི་ལ་ལུང་ཉུལ་བའི་རི་དྭགས་དང་། འཚོ་བ་ནི་རི་དྭགས་ཀྱིས་རྗེས་མི་ཟིན་པའི་སྨིག་རྒྱུ་སྟེ། ཉེ་སར་བཅར་ན་ཡལ་བར་འགྱུར་བ་བཞིན་འཇིག་རྟེན་གྱི་དོན་དག་ཕལ་ཆེ་བ་ནི་རང་དང་ཁ་ཐག་ཅི་ཙམ་ཉེ་རུ་ཕྱིན་ན་དེ་ཙམ་སྙིང་བོ་མེད་པ་ལྟར་མཐོང་། དེ་ནི་ཨ་གསར་དང་རྒྱང་གྲགས་ཀྱིས་བསླུས་པའི་སྐྱེ་བོ་ཀུན་ལ་འབྱུང་རུང་གི་རང་བཞིན་ལྟ་བུ་ཞིག་མ་ཡིན་ནམ། ཁོ་བོར་མཚོན་ན། འཚོ་བའི་ཁྲོད་ཀྱི་ཆེས་ཆེ་བའི་དཀའ་ངལ་ནི་འདས་སོང་དང་འབྱུང་འགྱུར་གྱི་བསམ་པས་མ་བསླད་པའི་ད་ལྟ་བ་ཁོ་ནའི་རྗེས་མི་ཆོད་པ་དང་མིག་སྔུན་གྱི་འཚོ་བ་འདོད་པ་ལྟར་རོལ་མི་ཐུབ་པ་དེ་རེད། རྒྱུ་མཚན་དེ་འདྲའི་དབང་གིས་ང་རང་དངོས་ཡོད་ལ་དགའ་ཞིང་དངོས་ཡོད་ལས་བརྒལ་མི་འདོད་པར་གྱུར། ཡིན་ན་ཡང་། སྒྱུ་རྩལ་དང་བློ་སྦྱོང་རིགས་ཤིག་གིས་ད་གཟོད་དངོས་ཡོད་ལས་འདས་པའི་བདེན་པ་དང་མཛེས་པ་མཐོང་བར་བྱེད་ཅིང་། བསམ་གྱིས་མི་ཁྱབ་པའི་འཁོར་འདས་ཀྱི་ལྟད་མོ་མང་བོ་མཐོང་བར་རམ་འདེགས་བྱེད་ཐུབ་པར་སྙམ། སྐྱེ་བ་འདིར་ང་རང་ལས་དབང་གིས་མི་གྲལ་དུ་ཚུད་ཅིང་སྟེས་དབང་གིས་བོད་དུ་འཚར་བ་ནི་གཟི་བརྗིད་ལྡན་པ་ཞིག་ཡིན་ན་ཡང་། ཐོབ་ཟིན་པ་དག་གིས་མི་ངོམས་པ་དང་འཐོབ་འདོད་པ་མང་དྲགས་པས་ཆོག་ཤེས་ཞེས་པའི་ཐ་སྙད་ཙམ་གྱིས་ཀྱང་ཁ་གསབ་དང་ཁ་སྐོང་བྱེད་པར་ཨུ་ཚུགས་བྱེད་སྙམ་བྲོ། གསོན་པའི་རིན་ཐང་ཞེས་པ་ཡང་བྱིས་པ་ནས་དར་མ། གཞོན་པ་ནས་རྒས་པའི་བར་གྱི་རང་གི་ན་ཚོད་དེ་ལ་གཅེས་སྤྲས་བྱས་པ་ལས་མངོན་པས་ངས་ན་ཚོད་དང་བསྟུན་ནས་འཚོ་བ་རོལ་པ་དང་། བརྩམས་ཆོས་གསར་རྩོམ་ཕྱོགས་ལ་འབད་འབུངས་བྱེད་བཞིན་པ་ཙམ་དུ་ཟད་ལ་ན་ཚོད་ཀྱིས་བསྐྱེད་པའི་ང་རྒྱལ་དང་བརྩེ་དུང་གཙོ་བོར་བཟུང་བའི་སྙན་ངག་ཡིན་ནོ་ལོ་ཁ་ཤས་བྲིས་ཤིང་འབྲི་བཞིན་ཡོད། ད་ཐེངས་ཀྱང་ང་རང་ལྷུག་རྩོམ་ཕྱོགས་ལ་རངས་པ་དང་ལྷུག་རྩོམ་སྙན་ངག་ལ་ལྷག་པར་མོས་པ་འཕེལ་བའི་དབང་གིས་ཁོ་བོའི་ལྷུག་རྩོམ་དེབ་ཆུང་ཐོག་མ་«དུས་ཀྱིས་ཕོངས་པའི་མེ་ཏོག»ཅེས་པ་པར་དུ་བསྐྲུན་རྒྱུ་བྱུང་བར་ཤིན་ཏུ་དགའ། ཡིན་ན་ཡང་། ཁོ་བོར་དེའི་སྐོར་ལ་གྲ་སྒྲིག་མེད་པ་དང་དུས་ཚོད་དང་གནས་བབས་ཀྱི་དབང་གིས་གློ་བུར་དུ་པར་སྐྲུན་བྱེད་དགོས་བྱུང་བས་ཅུང་ཟད་ཕངས། མདོར་ན། རྨི་ལམ་གྱིས་བསླངས་པའི་ཚིག་གི་བྲག་ཆ་འདི་རྒན་རྒོན་རྣམས་ཀྱི་རྣ་བར་གཟན་པའི་འཛེར་སྒྲ་ལྟ་བུར་འགྱུར་ཤས་ཆེ་ཡང་། འཚོ་གནས་ཀྱི་སྐྱོ་ཡུས་ཁུར་བའི་མི་རྣམས་དང་ཧོབ་མཆོང་གི་གཤིས་ཀ་ཤས་ཆེ་ཞིང་བརྩེ་དུང་གཙོ་བོར་ལྟ་བའི་གཞོན་པ་དག་ལ(hip hop)ལྟ་བུའི་ལོངས་སྤྱོད་ཅིག་ཏུ་འགྱུར་བར་རེ་ཞིང་གསོལ་ཏོ། །




རྩོམ་པ་བོ།   ཆུ་དར་དུང་འཚོ།   རྩོམ་སྒྲིག་པ།   དམར་བོ།

དཔེ་སྐྲུན།   ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།  དཔེ་རྟགས།   ISBN 978-988-8655-01-4

གསར་འགོད་པ། སེར་སྐོར་འཇམ་ཚེ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23499948
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།