2019ལོའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་བོད་གདན་འགྲེམ་ཚོགས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་དངོས་མང་སྟོན་ཚོགས་མགོ་ཚུགས་སྐབས་ཀྱི་ཟུར་བྲིས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »2019ལོའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་བོད་གདན་འགྲེམ་ཚོགས་ད
2019ལོའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་བོད་གདན་འགྲེམ་ཚོགས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་དངོས་མང་སྟོན་ཚོགས་མགོ་ཚུགས་སྐབས་ཀྱི་ཟུར་བྲིས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-08-08ལྟ་ཀློག (2720)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

2019ལོའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་བོད་གདན་འགྲེམ་ཚོགས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་དངོས་མང་སྟོན་ཚོགས་མགོ་ཚུགས་སྐབས་ཀྱི་ཟུར་བྲིས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གཙང་གསུམ་འབྱུང་ཡུལ་ཆུ་མགོའི་གླིང་སྣེའི་ས་ཁུལ་གྱི་ཆུ་ནི་རྒྱུན་ཆད་མེད་པར་ཧྭ་ཞ་ས་གཞི་ཆེན་པོར་བཞུར་བཞིན་ཡོད། དེ་ནི་གཙང་པོའི་ཆུ་མགོ་ཡིན་ལ་དཔལ་ཡོན་གྱི་ཆུ་མགོ་ཡང་རེད། གཅུས་སྒོ་ཕྱེ་བ་དང་བསྟུན་ནས་གློག་སྒྲོན་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་རྒྱུག་ཁུལ་གྱི་ཆུ་རྒྱུན་དང་བསྟུན་ནས་རྒྱ་མཚོར་འདྲེས་པ་དང་། ལམ་རྒྱུད་ཀྱི་གྲོང་ཁྱེར་གཙོ་བོར་བཀྲག་མདངས་འཚེར་བ། 2019ལོའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་བོད་གདམ་འགྲེམ་ཚོགས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་དངོས་མང་སྟོན་ཚོགས་དངོས་སུ་མགོ་ཚུགས་པ་རེད།

གཙོད་ཀྱི་གྱོན་ཆས་གྱོན་པའི་ཞབས་བྲོ་བས་གར་སྟེགས་ཐོག་ཞབས་བྲོ་འཁྲབ་ནས་ལྟད་མོ་ཆེ་བའི་སྒྱུ་རྩལ་གྱི་སྟོན་མོ་ཞིག་ལྟད་མོ་བའི་མིག་ལམ་དུ་བཤམས་ཡོད། དེ་དང་ཆབས་ཅིག་བརྙན་ཤེལ་ཆེན་པོའི་སྟེང་མཐོ་སྒང་གི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཤར་ཡོད་པས་ཚང་མ་དང་རང་བྱུང་དབར་གྱི་བར་ཐག་ཇེ་ཉེར་བཏང་ཡོད།

ད་ལོའི་འགྲེམ་ཚོགས་ཀྱིས་བོད་གདམ་འགྲེམ་སྟོན་གྱི་ངོ་མཚར་རྒྱུན་མཐུད་བྱས་པ་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོའི་ཐོན་ཁུངས་དང་། ནུས་རྒྱུ་གཙང་མ། མཐོ་སྒང་གི་སྐྱེ་ཁམས་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར། བོད་ལུགས་གསོ་རིག་དང་བོད་སྨན་སོགས་གསར་དར་ལེགས་ཆའི་ཐོན་ལས་གཅིག་སྡུད་ཐོག་མངོན་པ་དང་། ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའིའདུ་ཤེས་མངོན་ནས་རྒྱལ་ཁབ་ཕྱི་ནང་གི་ལྗང་མདོག་སྐྱེ་ཁམས་ཐོན་རྫས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས་པ་རེད།

མཚོ་སྔོན་གྱི་ཚོང་དོན་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས་བཤད་ན།ཐེངས་འདིའི་འགྲེམ་སྟོན་ནང་ཞུགས་མཁན་རྒྱལ་ཁབ41ཡོད་ལ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས800ལྷག་གིས་ཚོང་ཟོག་སྣ་ཁ800ལྷག་འགྲེམ་སྟོན་ནང་ཞུགས་ཡོད་པ་རེད། འགྲེམ་ཚོགས་དེ་མཚོ་སྔོན་ཞིང་ཆེན་གྱི་ས་བབ་ལེགས་ཆ་དང་། མི་རིགས་རིག་གནས་ཀྱི་ལེགས་ཆ། མ་དངུལ་གཏོང་འཇོག་ཚོང་དོན་གྱི་ལེགས་ཆ་བཅས་དང་འབྲལ་ཐབས་མེད། འགྲེམ་ཚོགས་དེ་མཚོ་སྔོན་ཞིང་ཆེན་གྱི་སྒོ་དབྱེའི་སྐར་ཁུང་གལ་ཆེན་ཞིག་ཡིན་པའི་ངོས་ནས་བཤད་ན།མཚོ་སྔོན་ཞིང་ཆེན་གྱིསརྒྱུད་གཅིག་ལམ་གཅིགགི་རྒྱལ་སྤྱིའི་རང་བཞིན་གྱི་སྒོ་དབྱེའི་ལས་སྟེགས་ཤིག་རེད།

སྐབས་འདིའི་འགྲེམ་ཚོགས་སྟེང་འགྲེམ་ཁངAདང་། BདངCགསུམ་དང་ཐང་ཆེན་འགྲེམ་ཁུལ་བཙུགས་ཡོད་ལ། དེའི་ནང་འགྲེམ་ཁངAནི་མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ལས་འགྲེམ་ཁང་དང་། འགྲེམ་ཁངBནི་རྒྱལ་ཁབ་ཕྱི་ནང་གི་སྤུས་ལེགས་ས་གདན་འགྲེམ་ཁང་། འགྲེམ་ཁངCནི་རྒྱལ་ཁབ་ཕྱི་ནང་གི་ཁྱད་ལྡན་ཚོང་ཟོག་འགྲེམ་ཁང་བཅས་ཡིན་པ་རེད། Aའགྲེམ་ཁང་དུ་ས་ཁོངས་ཧྲིལ་པོའི་ལྗང་མདོག་སྐྱེ་ལྡན་གྱི་དཔེ་སྟོན་འགྲེམ་སྟོན་ཁུལ་ནས། ཧྲང་ཧའེ་ནས་ཡོང་བའི་ཧྭ་ཝུའེ་ཆུ་གྲོན་ཆུང་གི་ཚན་རྩལ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས་ནུས་ཆེའི་ཞིང་ཆུ་འདྲེན་པ་དང་། སྒྲིག་བཀོད་ཞིང་ལས་སོགས་ལག་རྩལ་སྤྱད་དེ་གཏེར་ལེན་ཁ་དང་། དབུས་ལམ། ན་གོར་མོ་སོགས་ས་ཁུལ་དུ་ཕངས་འབྲས་འདེབས་འཛུགས་བྱས་པའི་གྲུབ་འབྲས་འགྲེམས་སྟོན་བྱས་པས། ཐེ་ལི་ཉི་ཏ་དང་ཏོ་པ་ཀོ་སྤྱི་མཐུན་རྒྱལ་ཁབ་ནས་ཡོང་བའི་སྐུ་མགྲོན་ཁུ་ཧྥེ་ཡི་སྤྲོ་བ་ཆེན་པོ་བསྐྱེད་བྱུང་། ཁོ་ཧྥེ་ཡིས་བཤད་རྒྱུར། ངས་བྱ་བ་བྱེད་པའི་ཁེ་ལས་ཀྱང་ཚན་རྩལ་ལས་གྲྭ་ཡིན་པས། ལག་རྩལ་འདིར་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པ་དང་། སྟེགས་བུ་འདིར་བརྒྱུད་ནས་ཁོ་ཚོ་དང་མཉམ་ལས་བྱེད་པའི་རེ་བ་ཡོདཟེར།

Bཁང་དུ་སྐྱོད་སྐབས་མཛེས་ཤིང་ལྟ་ན་སྡུག་པའི་ལག་ཤེས་ས་གདམ་དང་གསོན་ཉམས་དོད་པའི་འགེལ་གྲུམ་གྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག དབྱི་རན་གྱི་འགྲེམ་ཚོང་པ་ཨ་པུའུ་ལོ15བསྟུད་མར་རྒྱལ་སྤྱིའི་འགྲེམ་ཚོགས་ནང་ཞུགས་པ་དང་། ཨ་པུའུ་ཡིས་ ཐོགས་རྒྱུ་མེད་པའི་རྒྱ་སྐད་ཅིག་བཤད་ཐུབ་ཡོད། ཁོང་གིས ད་ལོ་ངས་སྨི་གྲུ་བཞི་མ200ཟིན་པའི་དངོས་ཟོག་འཁྱེར་ཡོད། འགྲེམ་ཚོགས་ནང་ཞུགས་པ་བརྒྱུད་ནས་ང་ཚོ་དང་ཀྲུང་གོའི་ཚོང་ཤག་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་མ་ཟད། ང་ཚོའི་རྒྱལ་ཁབ་ཀྱི་རིག་གནས་ཀྱང་ཁྱབ་གདལ་བཏང་ཡོད། རྒྱུད་གཅིག་ལམ་གཅིག་གི་ལས་སྟེགས་སུ་ང་ཚོ་དང་ཕྱོགས་སོ་སོའི་མགྲོན་ཚོང་བར་མཛའ་མཐུན་འགྲོ་འོང་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པས་ཚོང་དོན་སྤེལ་རེས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོདཟེར།

ད་སྐབས། འགྲེམ་ཚོགས་འདིའི་འཛམ་གླིང་སྟེང་གི་ཤུགས་རྐྱེན་ཐེབས་ཚུལ་ཀྱང་ཆེ་རུ་ཕྱིན་པ་དང་། རྒྱལ་སྤྱི་ཅན་དུ་འགྱུར་ཚད་ཀྱང་མཐོ་རུ་ཕྱིན་པས། མཚོ་སྔོན་རྒྱལ་སྤྱིའི་ཁྲོམ་རར་སྐྱོད་པའི་མིང་བྱང་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་མང་རིང་འགྲེམ་ཚོགས་ཀྱི་གཞི་ཁྱོན་རྒྱུན་མཐུད་ངང་ཇེ་ཆེ་དང་། རྒྱལ་སྤྱི་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ནང་དོན་གྱི་ཁྱད་ཆོས་མང་བ། ཆེད་ལས་ཀྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་པ། ཕྱོགས་བསྡུས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་པས།མཛེས་སྡུག་ལྡན་པའི་མཚོ་སྔོནའཛམ་གླིང་དུ་སྐྱོད་པའིགསེར་གྱི་མིང་བྱངཞིག་ཏུ་གྱུར་ཡོད།

ལོ་ཙཱ་བ།  གཡང་སྐྱིད།     རྩོམ་ཁུངས།  ཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530469
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།