རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་བཅོ་བརྒྱད་པ་བསྡུས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་བཅ
རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་བཅོ་བརྒྱད་པ་བསྡུས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-08-03ལྟ་ཀློག (3272)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་བཅོ་བརྒྱད་པ་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ8པའི་ཚེས1ཉིན། རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་བཅོ་བརྒྱད་པ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་བསྡུས། ཐེངས་འདིའི་གྲོས་ཚོགས་སྟེང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས14ནས་ཐོན་པའི་ཆེད་མཁས་པ་ཚོས་མཉམ་དུ་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་འཕེལ་རྒྱས་ཐད་ལ་གྲོས་གཞི་དང་བསམ་འཆར་བཏོན་པ་རེད། གྲོས་ཚོགས་སྟེང་། ཆེད་མཁས་པ་ཚོས“ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་ཚུན་གྱི་མི་རིགས་སྐད་ཡིག་ལོ་ཙཱ་ཞིབ་འཇུག་ཐད་ཀྱི་གྲུབ་འབྲས་དང་ཉམས་མྱོང”ཞེས་པ་བརྗོད་གཞིར་བཟུང་སྟེ། ཆབ་སྲིད་ཡིག་ཚགས་དང་མི་རིགས་ཀྱི་གནའ་བོའི་དཔེ་རྙིང་ལོ་ཙཱ་དང་རྒྱུད་སྒྲོག མི་རིགས་སྐད་ཡིག་ལོ་ཙཱའི་ལོ་རྒྱུས། བརྡ་ཆད་གསར་པའི་ལོ་ཙཱ། ལོ་ཙཱའི་འཇོན་མི་གསོ་སྐྱོང་སོགས་ཀྱི་ཐད་ནས་གྲོས་ཞིབ་གནང་བ་རེད།

ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཏང་ཨུའི་ཧྲུའུ་ཅི་ལན་ཀྲི་ཆིས་ཀྱིས་བསྟན་དོན། མི་རིགས་སྐད་ཡིག་ཡིག་སྒྱུར་བྱ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་བྱེད་པ་དེ་ལོ་ཙཱའི་བྱ་བ་ཡོངས་ཀྱི་ཁྲོད་གཙོར་འཛིན་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་ཀུན་དུ་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་འཛུགས་སྐྲུན་དང་རྒྱལ་ཁབ་འཐབ་ཇུས་ལག་བསྟར་གྱི་རོགས་འདེགས་མཁན་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ལ་བརྟེན་ནས་ཡིག་སྒྱུར་ཞིབ་འཇུག་དང་ཡིག་སྒྱུར་ལག་ལེན་ལ་མཛུབ་སྟོན་བྱེད་པར་རྒྱུན་འཁྱོངས་བྱ་དགོས་ཞེས་བསྟན་པ་རེད།

ཀྲུང་གོའི་ལོ་ཙཱ་བའི་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཨ་ལེ་མུའུ་ཧྲ་པའེ་ཐེའུ་ཡིས་གཏམ་བཤད་གནང་བཞིན་པའི་ཚུལ།

དེ་མིན་ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སྲིད་ཇུས་བློ་འདོན་ཟུར་པ། ལོ་ཙཱ་བ་གྲགས་ཅན་མགོ་ལོག་རྣམ་རྒྱལ་དང་ཐེན་ཅིན་བཟོ་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། ལོ་ཙཱའི་ཆེད་མཁས་པ་ཝང་ཀྲི་ཀའོ། ཡོངས་འཛིན་འཚོལ་བཤེར་དྲ་ཚིགས་ཀྱི་ལག་རྩལ་ཆེད་མཁས་པ་དཀོན་མཆོག་རྡོ་རྗེ་བཅས་ཀྱིས་མི་རིགས་སྐད་ཡིག་གི་ལོ་ཙཱ་དང་དུས་རབས་གསར་བའི་ཆ་འཕྲིན་ལག་རྩལ་སྐོར་གྱི་འཆད་ཁྲིད་ཀྱང་གནང་བ་རེད།

ཚོགས་མི་ཡོངས།

ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  ལོ་ཙཱ་བ། ལྷ་ཆེན་རྒྱལ། 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། kh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505654
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།