སློབ་གྲོགས་ལྷན་འཛོམས་ཤིག་གིས་སྤྱི་ཚོགས་ལ་ཤུགས་རྐྱེན་བཟང་བོ་བཞག་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »སློབ་གྲོགས་ལྷན་འཛོམས་ཤིག་གིས་སྤྱི་ཚོགས་ལ་ཤུགས་རྐྱེན་བཟང་བོ་བ
སློབ་གྲོགས་ལྷན་འཛོམས་ཤིག་གིས་སྤྱི་ཚོགས་ལ་ཤུགས་རྐྱེན་བཟང་བོ་བཞག་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2019-07-18ལྟ་ཀློག (3928)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སློབ་གྲོགས་ལྷན་འཛོམས་ཤིག་གིས་སྤྱི་ཚོགས་ལ་ཤུགས་རྐྱེན་བཟང་བོ་བཞག་པ།   

གངས་རིའི་ཤར་རྒྱུད་ཀྱི་གཙུག་ལག་སློབ་གླིང་ཆེན་མོ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བདུན་པའི་མཐར་ཕྱིན་འཛིན་གྲྭ་སྟེ་ཐོན་མིའི་ཞབས་རྗེས་རུ་དཔུང་གི་སློབ་གྲོགས་ལྷན་འཛོམས།


མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་ཏེ་མི་ལོ་ལྔ་འཁོར་རྗེས་སློབ་གྲོགས་ལྷན་འཛོམས་ཤིག་འཚོགས་རྒྱུའི་དམ་བཅའ་སེམས་ལ་བཟུང་ནས་ད་ལོར་དུས་བཅད་ལྟར་སློབ་གྲོགས་ལྷན་འཛོམས་ལ་སྟ་གོན་བྱས། སློབ་གྲོགས་ཡོངས་ཀྱི་རེ་འདུན་ལྟར་ད་སྐབས་སྤྱི་ཚོགས་ཐོག་གི་སློབ་གྲོགས་ལྷན་འཛོམས་མང་བོ་ཡོད་མོད་རང་ཅག་གི་སློབ་གྲོགས་ལྷན་འཛོམས་ནི་ན་གཞོན་སྐོར་ཞིག་ཇ་ཁ་ཆང་ཁར་འདུས་པ་དེ་འདྲ་མ་ཡིན་པར་དྲིན་དྲན་པའི་ཁྲེལ་གཞུང་གི་ཁྱད་ཆོས་ལྡན་པ།  དྲིན་གཟོ་བའི་ཕྱི་ཐག་གི་འདུ་ཤེས་ཡོད་པ།  དགེ་རྒན་གཙུག་ཏུ་བཀུར་ཞིང་སློབ་གྲྭ་སེམས་སུ་འཛིན་པའི་དམིགས་བསལ་རང་བཞིན་གྱི་སློབ་གྲོགས་ལྷན་འཛོམས་ཤིག་ལ་བསམ་བློ་བཏང་མཐར་ཐག་གཅོད་གསུམ་གཏན་ལ་ཕབ།

གཅིག  མ་ཡུམ་སློབ་གླིང་གི་དཔེ་མཛོད་ཁང་ལ་གསུང་འབུམ་གྱི་འབྲེལ་འཇོག་རྒྱུ།

གཉིས། རང་གི་ཆོས་འབྲེལ་དངོས་ཐོབ་ཀྱི་དགེ་རྒན་ཁོ་ན་མ་ཡིན་པར་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་རྫོགས་གཅིག་ཀྱང་མ་ཆད་པར་དྲིན་གཟོའི་གསོལ་ཇ་འདྲེན་པ།

གསུམ།  སློབ་གླིང་སྤྱི་ལ་བཀའ་དྲིན་གཏང་རག་གི་དོད་དུ་བསྟོད་བྱང་འབུལ་རྒྱུ་བཅས་གཏན་ལ་ཕབ་ཅིང་སློབ་གྲོགས་ཚང་མ་གྲོས་ཁ་གཅིག་ལ་འཆམ་སྟེ་དེ་ལྟར་ལག་ལེན་དུ་བསྟར།

སྤྱི་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་འཛིན་གྲྭའི་འཐུས་ཚབ་པ་མངགས་ཏེ་རེས་གཟའ་ཉི་མར་གཏད་ནས་དགེ་རྒན་དང་ལས་བཟོ་བ་ཡོངས་ལ་ཉིན་གཅིག་གི་དྲིན་གཟོའི་གསོལ་ཇ་དྲངས་པ་དང་།དཔེ་མཛོད་ཁང་ལ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་ཚར་གཅིག སློབ་གྲྭའི་གཞུང་ལས་ཁང་ལ་བཀའ་དྲིན་གཏང་རག་གི་དོད་དུ་བསྟོད་བྱང་གཅིག་བཅས་བཞག


དེ་ནས་བཟུང་སྤྱི་ཚོགས་ཐོག་ནས་རྒྱབ་སྐྱོར་དང་གདེངས་འཇོག་མང་བོ་ཐོབ་པ་དང་རང་སློབ་གྲྭའི་སྐབས་སྔ་ཕྱིའི་འཛིན་གྲྭ་དང་སྤྱི་ཚོགས་ཐོག་གི་སློབ་གྲྭ་གཞན་གྱི་སློབ་གྲོགས་ལྷན་འཛོམས་ཀྱི་སྐབས་སུའང་དགེ་རྒན་ལ་དྲིན་གཟོའི་གསོལ་ཇ་འདྲེན་པའི་སྲོལ་བཟང་ལན་མང་དུ་བྱུང་། འཛིན་གྲྭའི་ནང་དུ་རང་སློབ་གླིང་དང་འབྲེལ་ཏེ་ལས་ཀ་སྣ་ཚོགས་གཉེར་བཞིན་པའི་འཛིན་གྲྭའི་འཐུས་ཚབ་པ་ཡོངས་ལ་བཀའ་དྲིན་མཚོན་བྱེད་ཀྱི་ལེགས་སྐྱེས་ཕུལ།


སྤྱི་ཟླ་བདུན་པའི་ཚེས་དྲུག་ཉིན་མདོ་དབུས་ཁམས་གསུམ་ནས་ལམ་ལ་ཆས་ཏེ་མཛོད་དགེ་ཐང་སྐོར་ནས་འཛོམས་ཤིང་ཚེས་བདུན་ཉིན་རྨ་ལི་མའི་ཁུག་པ་དང་བོ་འམ་རྨ་ཁུག་ནོར་བུ་དགའ་འཁྱིལ་གྱི་མཛེས་ལྗོངས་ཉམས་སུ་མྱོང་ཞིང་མཛའ་བརྩེའི་མཉམ་པར་སྒྲོན།


ཉིན་མོར་རིག་རྩལ་དང་ལྗོངས་རྒྱུར་སོང་ཞིང་མཚན་མོར་སྦྲང་ཆར་བསིལ་མའི་ཤག་སྒྲ་དང་མཉམ་དུ་མི་ལོ་ལྔའི་རང་གི་རང་གི་བར་སྤྱི་བསྡོམས་བྱས།

ལོ་འདི་དག་གི་རིང་ལ་སློབ་གཉེར་བྱེད་མཁན་དང་དགེ་རྒན་གྱི་ལས་རིགས་གཉེར་མཁན།  སྲིད་གཞུང་གི་ལས་རིགས་གཉེར་མཁན།  ཁེ་ལས་དཔལ་འབྱོར་གྱི་ལས་རིགས་གཉེར་མཁན།  སྤྱི་ཚོགས་ཀྱི་གདེངས་འཇོག་ཧ་ཅང་ཐོབ་པའི་གཡང་ཁུག་དྲྭ་ཚིགས་དང་བཻ་རོ་ཙ་ན་སློབ་གསོ་དྲྭ་ཚིགས།  མར་མེ་རིག་མཛོད་།   མཛོད་དགེ་བོད་ལུགས་གཉེན་སྟོན་ཞབས་ཞུ་ལས་སྒྲུབ་ཁང་།  མུར་བྱག་ཨ་མ་ལགས་གྲོ་མ།  དྲི་མེད་རིག་གནས་ལས་སྒྲུབ་ཁང་སོགས་ཀྱིས་མཚོན་པའི་ལས་རིགས་སྣ་ཚོགས་གཉེར་བཞིན་ཡོད་ལ་ལོ་འདི་དག་གི་རིང་ལ་མ་ཡུམ་སློབ་གྲྭའི་ཁ་ཕྱོགས་ལ་གཏམ་ངན་བཤད་པ་དང་འགྲོ་འདུག་ཉལ་འཆག་གི་སྤྱོད་པ་རྒྱ་ཡན་དུ་མ་གྱུར་བར་སྐྲ་ལོའི་ཁ་དོག་ལ་འགྱུར་བ་བྱུང་མ་མྱོང་བར་ཡ་རབས་ཚུལ་མཐུན་གྱིས་ལས་དོན་ཆེ་མ་ཆུང་གསུམ་ལ་ཤུགས་ཀྱིས་འབད་ཀྱིན་འཚོ་འདོད་ཀྱི་འདུན་པ་དྲག་ཏུ་འཕྱོ་བཞིན་ཡོད།


ཐེངས་འདིར་རང་འཛིན་གྲྭའི་ཆེད་སྦྱོང་སྡེ་ཚན་གསུམ་གྱི་འཐུས་ཚབ་སློབ་གྲོགས་ཡོད་པ་དང་སྤྱིའི་ཆ་ནས་སློབ་གྲོགས་མང་ཆེ་བ་འཛོམས་ཡོད།  ཡིན་ནའང་སྤྱི་ཚོགས་ཐོག་ཏུ་ཞུགས་ཏེ་དུས་ཡུན་རིང་བོར་ལོན་མེད་པ་དང་རང་གི་ལས་རིགས་ལ་རྐང་བརྟན་པོ་ཚུགས་མེད་པ་འགྲོ་འདུག་རང་དབང་དུ་ད་རུང་འབྱོར་མེད་པ་སོགས་ཀྱི་དབང་གིས་སློབ་གྲོགས་རེ་འགའ་ལྷན་འཛོམས་སུ་ཕེབས་པ་མ་ཐུབ་ཀྱང་ལྷན་འཛོམས་ལ་རྟེན་འབྲེལ་གྱི་ཞུ་ཚིག་འབུལ་བ་དང་ལྷན་འཛོམས་ཀྱི་དྲན་རྟེན་གཅིག་ཀྱང་མ་ཆད་པར་ད་ཆར་ཡོངས་སུ་འབྱོར། ཐེངས་འདིར་འཛིན་བདག་དགེ་རྒན་བློ་བཟང་ཤེས་རབ་མཆོག་གི་ཐུགས་བཀོད་ལྟར་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་བཀའ་སློབ་ཐོབ་པ་དང་དགེ་རྒན་ཁོང་ཡང་འཛིན་གྲྭའི་དྲྭ་ཚོམས་སུ་ཞུགས་ཏེ་དགེ་སློབ་མཉམ་གནས་ཀྱི་རང་རང་གི་གནས་ཚུལ་དང་སེམས་གཏམ་ལབ་སྟེ་ལོ་ཟླ་ཅི་ཙམ་སོང་ན་བརྩེ་བ་དེ་ལྟར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།

སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་གསུང་རྒྱུར་སྐབས་བཅུ་བདུན་པའི་མཐར་ཕྱིན་འཛིན་གྲྭའི་སློབ་གྲོགས་ལྷན་འཛོམས་ལ་གོ་རིམ་ལྡན་ཞིང་སྤྱོད་བཟང་གི་སྣེ་ཁྲིད་ཡག་པོ་འདུག་ཅེས་གསུང་བཞིན་ཡོད་ལ་སྤྱི་ཚོགས་ཐོག་གི་ལས་རིགས་སོ་སོའི་གྲོགས་པོ་དག་གིས་ཀྱང་བསྟོད་པའི་བསྔགས་བརྗོད་འབུལ་བཞིན་ཡོད།


གསར་འགོད་པ།  ཐེབ་ཐོགས་ཕྲུག     སེར་སྐོར་འཇམ་ཚེ།

2019.7.17

   


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527891
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།