ཞིབ་འཇུག་འདོན་བཞིན་པའི་རྭ་རྒྱ་ཤེས་རིག་གླིང་གི་སློབ་མ་འགའ།[འོས་སྦྱོར།]
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 18 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »ཞིབ་འཇུག་འདོན་བཞིན་པའི་རྭ་རྒྱ་ཤེས་རིག་གླིང་གི་སློབ་མ་འགའ།[འོ
ཞིབ་འཇུག་འདོན་བཞིན་པའི་རྭ་རྒྱ་ཤེས་རིག་གླིང་གི་སློབ་མ་འགའ།[འོས་སྦྱོར།]
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-05-07ལྟ་ཀློག (2299)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཞིབ་འཇུག་འདོན་བཞིན་པའི་རྭ་རྒྱ་ཤེས་རིག་གླིང་གི་སློབ་མ་འགའ།

     མ་ཅིག་སྐྱབས། ༡༩༨༨ལོར་འབའ་རྫོང་རྨ་བྱང་ཡུལ་ཚོར་སྐྱེས། ༢༠༠༣ལོར་སློབ་ཆུང་མཐར་ཕྱིན། ༢༠༠༩ལོར་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ནས་མཐར་ཕྱིན། ༢༠༡༡ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་ཆེད་སྦྱོང་རིམ་པ་མཐར་ཕྱིན། ༢༠༡༥ལོར་ལམ་བཟང་སྐད་ཡིག་སློབ་གྲྭ་དང་སྤྱི་ཚོགས་ཚན་རིག་ཁང་གཉིས་ནས་དབྱིན་ཡིག་ཆེད་སྦྱོང་སློབ་ཐོན་བྱས། ༢༠༡༦ལོར་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཞིབ་འཇུག་རབ་འབྱམས་པར་རྒྱུགས་འཕྲོད།



      ང་ནི་བྱང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཁོ་ཚེ་རྒྱལ་མདོང་རུ་སྐོར་དུ་སྐྱེས་བདག་ཅེས་པ་ལྕགས་མོ་ལུག་ལོའི་སྟག་ཟླའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པར་སྐྱེས་ཤིང་བླ་མ་ཡ་རོང་རིན་པོ་ཆེས་བསོད་ནམས་སྟོབས་རྒྱས་ཞེས་མིང་བཏགས། ཆུང་དུས་ནས་ཕ་མའི་བཀའ་དྲིན་གྱིས་སློབ་གྲྭར་ཞུགས་ཏེ་ཁོ་ཚེ་སློབ་ཆུང་དང་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་། གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།  བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་སློབ་གཉེར་ཕྲན་ཙམ་བྱེད་པའི་སྐལ་བ་ཤར་ཤིང་། གདོང་ངན་ཞེས་པ་མེ་ཕོ་སྤྲེལ༿༢༠༡༦༾ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་ཆོས་ལུགས་རིག་པའི་ཞིབ་འཇུག་རབ་འབྱམས་པར་རྒྱུགས་འཕྲོད།


  དཔའ་མཆོག་པདྨ་ཚེ་རྡོར། ༼སྨྱུག་གླིང་ཁེར་འབུད།༽ ༡༩༨༩ ལོར་འབའ་ཡུལ་དགོན་གོང་མ་དཔའ་མཆོག་ཏུ་སྐྱེས། ཕ་ཡུལ་དུ་སློབ་གྲྭ་ཆུང་འབྲིང་བརྒྱུད། ༢༠༠༨ལོར་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་དུ་ཞུགས། ༢༠༡༠ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཞུགས་ཏེ་བོད་སྐད་ཡིག་རྩོམ་རིག་གི་ཆེད་ལས་ལ་སྦྱང་བ་བྱས། ༢༠༡༣ལོར་མཐར་ཕྱིན་ཏེ་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དུ་དགེ་རྒན་བྱས། ༢༠༡༦ལོར་སླར་ཡང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཤེས་རམས་པའི་རྒྱུགས་འཕྲོད་དེ་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཆེད་ལས་ཀྱི་ཕྱོགས་ལ་སློབ་སྦྱོང་བྱེད་བཞིན་ཡོད།




   ཨ་པང་ཆོས་དབྱིངས་རྣམ་རྒྱལ(ཨ་སྲས་དུག་སེལ)ནི་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བར་གཙང་སྐོར་ཞོལ་མའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས། ༡༩༩༨་ལོར་ལུང་སྔོན་དགོན་ཐུབ་བསྟན་ཆོས་འཁོར་གླིང་ནས་ཆོས་སྒོར་ཞུགས། ༢༠༠༣་ལོར་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་དུ་ཞུགས་ཤིང་།    ༢༠༠༦་ལོར་སློབ་མཐར་ཕྱིན་ནས་སྙན་དེབ་ཐོག་མ《རྟོག་གཞིག་གི་རྒྱང་འབོད》དང་དཔྱད་རྩོམ《སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་ཀྱི་ཟུར་ཙམ་མཐོང་བའི་དང་བ།》སྤྱི་ཚོགས་སུ་སྤེལ། ༢༠༠༧ལོར་མགོ་ལོག་དགའ་བདེ་རྫོང་གཙང་སྐོར་ཞོལ་མ་སློབ་ཆུང་ལ་སློབ་དེབ་ཀྱི་ཚུལ་དུ《བློ་གསར་མྱུར་ལམ》ཞེས་པ་དེབ་བཞིའི་བདག་ཉིད་ཅན་ཞིག་རྩོམ་སྒྲིག་བྱས། ༢༠༠༨ལོར་ལས་ཀྱིས་དབང་གིས་ངུར་སྨྲིག་གི་ན་བཟའ་གྱོན་པའི་ལས་སྐལ་ཆད། ཡིན་ནའང་སློབ་སྦྱོང་གི་ལམ་ཁ་མ་དོར་བར་༢༠༠༩ནས་རིམ་པར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཆེད་སྦྱོང་དང་མཚོ་སྔོན་མི་རིགས་སློབ་ཆེན་ནས་དངོས་གཞི་བཏོན།  ༢༠༠༧ལོ་ནས༢༠༡༧བར་དུ་གཞོན་ནུ་མདུན་སྤྱོད་འཛིན་གྲྭ་ཐེངས་བཅུ་བདུན་ལ་བསྒྲུབས་ནས། ས་གནས་ན་གཞོན་དག་གི་དགོས་མཁོ་དང་བསྟུན་ནས། སྙན་ངག བོད་ཀྱི་ལོ་རྒྱུས། སུམ་རྟགས་དག་གསུམ་སོགས་གང་ལ་གང་འཚམ་གྱིས་ཚུལ་དུ་སློབ་ཁྲིད་བྱས། ༢༠༡༡་ནས་༢༠༡༧་བར་དུ་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་གྲྭ་ནས་བོད་ཡིག་གི་དགེ་རྒན་བྱས།  ཁུལ་དང་ཞིང་ཆེན་རིམ་པ་སོགས་ནས་དགའ་རྟགས་ཨང་དང་པོ་དང་ཕུལ་བྱུང་སོགས་འགའ་རེ་ཐོབ་མྱོང་།  ༢༠༡༧་ལོར་རྒྱལ་ཡོངས་གཅིག་གྱུར་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་གཞི་ལ་ཞུགས་ནས་རྒྱུགས་འཕྲོད་དེ། ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ན་ཚད་མ་རིག་པའི་རབ་འབྱམས་ཞིབ་འཇུག་འདོན་བཞིན་ཡོད།


  རྡོ་རྗེ་དོན་གྲུབ། ༡༩༩༡ལོར་དཔའ་ལུང་ཁ་སྒང་ནས་སྐྱེས། ༢༠༠༩ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཞུགས། ༢༠༡༢ལོར་སློབ་མཐར་ཕྱིན། ལོ་དེར་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཡིག་ཆེད་སྦྱོང་ལ་ཞུགས་ནས་༢༠༡༤ལོར་མཐར་ཕྱིན། ༢༠༡༧ལོར་བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་ཡིག་ཚངས་རིག་པའི་ཤེས་རམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད།ད་ལྟ་དེར་སློབ་སྦྱོང་བྱེད་མུས་སུ་མཆིས།


   བློ་བཟང་དཔལ་ལྡན། ༡༩༩༣ལོར་མཚོ་ལྷོ་འབའ་རྫོང་ནས་སྐྱེས། ༢༠༠༩ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཞུགས་ཤིང་། ༢༠༡༣ལོར་སློབ་མཐར་ཕྱིན། དེའི་རྗེས་སུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་པའི་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་ཏུ་ཞུགས་ནས་དངོས་གཞི་མཐར་ཕྱིན། འབའ་རྫོང་དང་མགོ་ལོག མཛོད་དགེ་སོགས་ནས་དུས་ཐུང་དགེ་རྒན་བྱས་མྱོང་། ༢༠༡༧ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་། ད་ལྟ་དེ་གར་གེ་སར་རིག་པའི་སྐོར་ལ་ཞིབ་འཇུག་བྱེད་ཀྱིན་ཡོད།


  བཀྲ་ཤིས་ཆོས་དར། ཕ་ཡུལ་ཡུལ་ཤུལ་སྐྱེ་དགུ་ནས་ཡིན། ༢༠༠༩ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས། ༢༠༡༢ལོར་སློབ་མཐར་ཕྱིན་ནས་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་ཆེད་སྦྱོང་དུ་ཟུར་ཞུགས་བྱས། ༢༠༡༧ལོར་བོད་ལྗོངས་སློབ་ཆེན་གྱི་བོད་ཀྱི་གནའ་རབས་ཡིག་ཚང་ཆེད་ལས་སུ་ཤེས་རམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་སློབ་སྦྱོང་ལ་འབད་མུས་སུ་མཆིས།


     བདུད་ཤུལ་སྙིང་རྒྱལ་ཐར། ༡༩༨༦ལོར་མཚོ་སྔོན་ཁྲི་ཀ་རྫོང་འཕྲང་གྲོང་རྡལ་བདུད་ཤུལ་གོང་བཟའ་ཚོ་བར་སྐྱེས། རང་ལོ་བདུན་ནས་སློབ་ཆུང་ལ་ཞུགས། ༢༠༠༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ནས་སློབ་མཐར་ཕྱིན། ༢༠༡༠ལོར་དབྱིན་བོད་གཉིས་ཀྱི་ལམ་ནས་ཡུལ་སྐོར་སྣེ་ཤན་པའི་ལས་རིགས་གཉེར། ༢༠༡༡ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཆེད་སྦྱོང་སློབ་མཐར་ཕྱིན། ༢༠༡༣ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་ནས་དངོས་གཞི་མཐར་ཕྱིན། ༢༠༡༣-༢༠༡༧བར་ཁམས་སྡེ་དགེ་རྫོང་ཞེ་ཆེན་བྱམས་བརྩེ་དྭ་ཕྲུག་སློབ་གྲྭའི་དབྱིན་བོད་གཅིག་ལྕོགས་དགེ་རྒན་དང་ལས་ཚབ་སློབ་གཙོ་བཅས་ཀྱི་འགན་ཁུར། ༢༠༡༨ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་སློབ་གསོ་རབ་འབྱམས་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་ད་ཆ་སློབ་གཉེར་བྱེད་མུས་སུ་འཆིས། སྔ་རྗེས་སུ་བརྩེ་བ་རྒྱང་བསྐུར་མ་སོགས་ཀྱི་བརྩམས་ཆོས་སུམ་ཅུ་ལྷག་གཞུང་སྒེར་གྱི་དུས་དེབ་དང་ཚགས་པར་སྟེང་བཀོད།


      བནྡེ་མཁར། རྭ་རྒྱ་ཤེས་རིག་གླིང་གི་སྐབས་བཅོ་ལྔ་བའི་མཐར་ཕྱིན་སློབ་མ། སྤྱི་ལོ་༡༩༩༡ལོར་བསང་ཆུ་རྫོང་དམེ་ཤུལ་ཡུལ་ཚོའི་གདོང་སྣར་སྡེ་བ་རུ་སྐྱེས། ༢༠༠༤ལོར་ཕ་ཡུལ་གྱི་ལྟེ་བའི་སློབ་ཆུང་ནས་མཐར་ཕྱིན་རྗེས་གཙོས་བོད་རིགས་སློབ་འབྲིང་དུ་ཞུགས་ཏེ་དམའ་འབྲིང་ལ་སློབ་གཉེར་བྱས། ༢༠༠༨ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་ཞོར་དུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཆེད་སྦྱོང་རིམ་པར་ཟུར་ཞུགས་བྱས་ཏེ་༢༠༡༢ལོར་སློབ་མཐར་ཕྱིན།  དེ་ནས་ཕ་ཡུལ་གྱི་སློབ་ཆུང་ནས་ལོ་གཉིས་ལྷག་ལ་དགེ་རྒན་གྱི་བྱ་བ་གཉེར། ༢༠༡༨ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། ད་ལྟ་སློབ་གྲྭ་དེ་རུ་སློབ་གཉེར་བྱེད་བཞིན་ཡོད་དོ།།



       ཆོས་སྐྱོང་རྒྱལ་ལམ་དབྱངས་ཅན་བཞད་པའི་འཛུམ་ཟེར་ནི་བྲག་དཀར་རྫོང་ཧོལ་ཁ་ཧྲོང་བོ་སྡེ་བར་སྤྱི་ལོ1990ལོར་སྐྱེས། སློབ་གྲྭ་ཆུང་འབྲིང་འགྲིམས།2012ལོར་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན། མཚོ་སྔོན་མི་རིགས་སློབ་ཆེན་དུ་དངོས་གཞི་བཏོན། མདོ་སྨད་ཀླུ་ཚང་དགོན་དང་། བྲག་དཀར་སྤྲེལ་རྫོང་དགོན་དུ་བསྡུས་གྲྭ་དང་བློ་རྟགས། གྲུབ་མཐའ། སྤྱོད་འཇུག ལམ་རིམ། བརྡ་སྤྲོད་དང་སྙན་ངག རྩིས་དང་ས་དཔྱད། སྒྲ་དབྱངས་ཅན་མ། ལོ་རྒྱུས་དང་ཡིག་རྙིང་སོགས་ལ་སྦྱངས།

ད་ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གཏན་ཚིགས་རིག་པའི་ཞིབ་འཇུག་ལ་རྒྱུགས་འཕྲོད།


      ཚེ་རིང་འབུམ། ཕ་ཡུལ་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་བརྡལ་ཙང་གུ་སྡེ་བ་ནས་སྐྱེས། ཆུང་དུས་ཕ་ཡུལ་གྱི་སློབ་ཆུང་འགྲིམ་ཞིང་། ༢༠༡༡ལོར་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་དེ་གར་ལོ་ལྔ་ཙམ་ལ་བོད་ཡིག་ཆེད་སྦྱོང་གཙོས་ཁྲིད་བྱ་རྣམས་ལ་སྦྱོང་བ་བྱས་ནས་༢༠༡༦ལོར་སློབ་མཐར་ཕྱིན། སྔ་རྗེས་སུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་དངོས་གཞི་མཐར་ཕྱིན་དང་། བོད་ལྗོངས་སྐད་ཡིག་ལམ་བཟང་སློབ་གྲྭ་སོགས་ནས་དབྱིན་ཡིག་སོགས་ལ་སློབ་གཉེར་བྱས། མཐར་ད་ལོ་སྟེ་༢༠༡༩ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མར་ཡིག་ཚད་ལོན།


       ངའི་མིང་ལ་འཕྲིན་ལས་འོད་གསལ་ཟེར། ༡༩༩༨ལོར་མཚོ་ནུབ་ཁུལ་གཏེར་ལམ་རྫོང་གི་རུ་ངར་འབྲོག་སྡེ་ནས་སྐྱེས། ཆུང་ངུའི་དུས་ནས་ཕ་མ་ཟུང་གི་བྱམས་བརྩེའི་མཐུ་འོག་ལས་ཕ་ཡུལ་གྱི་སློབ་ཆུང་མཐར་ཕྱིན་རྗེས་༢༠༡༠ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དམའ་རིམ་འཛིན་གྲྭར་ཞུགས་ནས་ལོ་ལྔ་ཙམ་ལ་སློབ་དཔོན་རྣམས་ཀྱིས་ཐུགས་རྗེས་བསྐྱངས་མཐར ༢༠༡༦ལོར་དེ་གར་མཐོ་འབྲིང་མཐར་ཕྱིན། དེ་ནས་བཟུང་སློབ་སྦྱོང་ཐན་ཐུན་རེའི་མུ་བསྐྱངས་ནས༢༠༡༩ལོར་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཆོས་ལུགས་རིག་པའི་ཆེད་སྦྱོང་གི་རབ་འབྱམས་པའི་བསླབ་གནས་ལ་རྒྱུགས་འཕྲོད།


     ངའི་མིང་ལ་མཆོག་གསུམ་སྐྱབས་ཟེར། ཕ་ཡུལ་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ཡིན་ལ། ཕ་ཡུལ་གྱི་སློབ་ཆུང་མཐར་ཕྱིན་ཁར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཞུགས། ༢༠༡༦ལ་སློབ་མཐར་ཕྱིན་ནས་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་ཆེད་སྦྱོང་དུ་ལོ་གསུམ་ལ་སློབ་གཉེར་བྱས། ད་ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ནང་བསྟན་ཆེད་སྦྱོང་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཡོད།


     ངའི་མིང་ལ་སངས་རྒྱས་རྒྱལ་ཟེར། ཕ་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་ཡིན། ཆུང་དུས་ཕ་ཡུལ་གྱི་སློབ་གྲྭ་ཆུང་འབྲིང་འགྲིམས་ཤིང་རིམ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཞུགས་ཤིང་། ཞོར་དུ་ལྷ་སའི་ལམ་བཟང་སྐད་ཡིག་སློབ་གླིང་ནས་དབྱིན་ཇིའི་སྐད་ཡིག་དང་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུའང་སློབ་གཉེར་ཕྲན་བུ་བྱས། ད་ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པས། སློབ་གཉེར་གྱི་ལམ་བུ་འདི་བསྙེགས་པ་ནས་ད་ལྟའི་བར་བདག་ལ་རྒྱབ་སྐྱོར་གནང་བའི་དྲིན་ཅན་གྱི་ཕ་མ་དང་དགེ་རྒན། ཡུལ་མི་ཉེ་འབྲེལ། སློབ་གྲོགས་དང་སྤུན་ཟླ་ཡོངས་ལ་ཐུགས་རྗེ་ཆེ་ཞུའོ། །


      བཀྲ་ཤིས་ཚེ་རིང་། སྤྱི་ལོ་༡༩༩༤ལོར་བསང་ཆུ་རྫོང་ཁོ་ཚེ་ཡུལ་ཚོའི་རུ་མང་སྡེ་བར་སྐྱེས། ༢༠༡༠ལོར་ཕ་ཡུལ་གྱི་སློབ་ཆུང་ནས་མཐར་ཕྱིན་རྗེས་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་སློབ་གཉེར་ཅུང་ཙམ་དུ་བྱས། ༢༠༡༣ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་༢༠༡༦ལོར་སློབ་མཐར་ཕྱིན། དེ་ནས་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱས་ཤིང་མཐར་༢༠༡༩ ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། ད་སྔ་བརྩམས་ཆོས་ལ་《ཁོ་ཚེ་ལྷ་སྡེར་འཁྲུངས་པའི་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས།》ཞེས་པ་རྩོམ་སྒྲིག་བྱས་ཡོད།


གསར་འགོད་པ། ཐེབ་རྒྱ་རྟ་མགྲིན།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5782036
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号