སློབ་གླིང་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། » སློབ་གླིང་གསར་འགྱུར།
སློབ་གླིང་གསར་འགྱུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-05-05ལྟ་ཀློག (3431)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 སློབ་གླིང་གསར་འགྱུར།

       སྤྱི་ལོ་2019.5.3ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་རེ་རེའི་འཆར་གཞི་ལྟར་༼ གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་སྡུར་༽སྐབས་བཞི་བ་གཟབ་རྒྱས་ངང་འཚོགས་ཤིང་།   ཐེངས་འདིའི་བྱ་འགུལ་སྟེང་རང་སློབ་གྲྭའི་འཛིན་གྲྭ་སོ་སོའི་སློབ་མ་གཉིས་རེ་དང་། མཐར་ཕྱིན་གཉིས་ནས་དམིགས་བསལ་སློབ་མ་གསུམ་རེ་དང་།  གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་འཐུས་ཚབ་སློབ་མ་དྲུག་བཅས་ཞུགས་ཏེ་༼ བོད་ཀྱི་སྲོལ་རྒྱུན་བཟའ་བཏུང་སྐོར་གླེང་བ་༽ཞེས་པའི་གཅིག་གྱུར་གྱི་བརྗོད་གཞི་སྟེང་ནས་གཏམ་བཤད་བྱས།  གཏམ་བཤད་ཀྱི་བརྗོད་བྱའི་ཆ་ནས་དཔྱད་གཞིའི་ཡིག་ཆའི་ཁུངས་བཙུན་པ་དང་། གོ་རིམ་ལྡན་པ།  བརྗོད་བྱའི་ནང་དོན་རེ་རེ་ལ་དཔྱད་ཞིབ་ཀྱི་རིག་པ་ཕྲ་བ། ཟས་རིགས་རེ་རེ་ངོ་སྤྲོད་ལ་ཞིབ་ཚགས་ལྡན་པ་མ་ཟད། སྲོལ་རྒྱུན་བཟའ་བཏུང་རིགས་མི་འདྲ་བ་མང་པོ་འཆད་ཁྲིད་དང་།  གཏམ་བཤད།  འཁྲབ་སྟོན།  སྒྲོག་སྦྱོང་སོགས་རྣམ་པ་མི་འདྲ་བའི་བཤད་སྟངས་ཀྱིས་ཚང་མར་སྔོན་མེད་ཀྱི་བློ་བསྐྱེད་མང་བོ་ཐོབ།  ད་དུང་ངོ་མཚར་བའི་མིག་གི་ལོངས་སྤྱོད་དུ་གྱུར་བའི་བཟའ་བཏུང་འདྲ་མིན་གྱི་པར་རིས་སྣ་ཚོགས་ཀྱིས་འདས་སོན་ལོ་རྒྱུས་ཀྱི་མཚར་སྡུག་ལ་ཕྱིར་རྟོག་གི་དྲན་ཤིང་ཕུན་སུམ་ཚོགས་པར་བཞག   དེ་མིན་དགེ་རྒན་བླ་ནག་པ་སྐལ་ལྡན་རྒྱ་མཚོ་མཆོག་གིས་ཐེངས་འདིའི་འགྲན་སྡུར་དང་འབྲེལ་ཏེ་གཏམ་བཤད་ནོར་བུའི་ཕྲེང་བ་བཙུགས་པའི་དགེ་མཚན་དང་།  གལ་ཆེན་རང་བཞིན་གྱི་སྐོར་ནས་གསུང་བཤད་བླ་མེད་གནང་བ་མ་ཟད་མ་འོངས་པའི་གཏམ་བཤད་ཀྱི་ཁ་ཕྱོགས་དང་། དོ་སྣང་བྱེད་དགོས་པའི་ཐད་ནས་ལམ་སྟོན་དཔེ་མེད་གནང་། མཇུག་མཐར་བྱ་དགའ་ཐོབ་མཁན་གྱི་སློབ་གྲོགས་ལྔ་དང་ཕུལ་བྱུང་འཛིན་གྲྭ་གཅིག་བཅས་ལ་གཟེངས་རྟགས་གྱ་ནོམ་པ་གནང་ཞིང་།   ཐེངས་འདིའི་སྦྱིན་བདག་རྣམ་པར་དྲིན་གཟོའི་གཟི་བརྗིད་རྟགས་མ་གནང་སྟེ་མཇུག་བསྡུས།

ཚོགས་རའི་ཡུལ་དངོས།

དཔྱད་འདེམ་པ།

རྩོམ་སྒྲིག་འཐུས་ཚབ་པ།

རིག་རྩལ་བ།

གཏམ་བཤད་པ།

བྱ་དགའ་ཐོབ་མཁན་དང་བུ་མོའི་སློབ་གྲྭའི་གཏམ་བཤད་འཐུས་ཚབ་པ།

མཛུབ་སྟོན་དགེ་རྒན་གྱིས་སྤྱི་སྡོམ་བྱས་པ།

བྱ་དགའ་ཐོབ་མཁན།

ཨང་དང་བོ། ལྕགས་ཐར་འབུམ། གཏམ་བཤད་ཁ་བྱང་། ༼གངས་ལྗོངས་སྤྲི་ཆུར།༽
ཨང་གཉིས་པ། ངག་དབང་། གཏམ་བཤད་ཁ་བྱང་། ༼ཤ་རྡོ་སྲེག༽
ཨང་གསུམ་པ། བྱང་ཆུབ་རྒྱལ་མཚན།  གཏམ་བཤད་ཁ་བྱང་། ༼སྐམ་ཤ།༽
རྟིང་སྐུལ། ཤེས་རབ་སེང་གེ  གཏམ་བཤད་ཁ་བྱང་། ༼འབྲོག་ཁུལ་ཡོངས་ལ་མ་ཁྱབ་པའི་འབྲོག་པའི་ཐོན་རྫས།༽
འཇིགས་མེད། གཏམ་བཤད་ཁ་བྱང་། ༼བོད་ཀྱི་ནས་ཆང་།༽         

ཕུལ་བྱུང་འཛིན་གྲྭ།  མཐོ་གཉིས་དང་བོ།

སྦྱིན་བདག

ཨ་རིག་འབྲུག་གྲགས་སྤྲུལ་སྐུ། མཁན་པོ་ཚུལ་ཁྲིམས་གཞན་ཕན།  མཁན་པོ་ངག་དབང་ཆོས་གྲགས།  བྲག་གྲགས་པ་མཐའ་ཡས།  མང་རྫོང་ཐོན་མིའི་སློབ་ཚོགས།

བློ་འདོན་དགེ་རྒན།

བླ་ནག་པ་སྐལ་ལྡན་རྒྱ་མཚོ།

དཔྱད་འདེམ་པ།

སློབ་གཙོ་གཅོད་པ་ཚེ་རིང་། དགེ་རྒན་དམེ་ཚང་ཨ་ལགས། དགེ་རྒན་ཀརྨ་ལམ་བཟང་། དགེ་རྒན་རྐང་ཚ་འཕྲིན་ལས། དགེ་རྒན་རྣམ་ཕྱུག་ཚེ་རིང་།

སྐར་གྲངས་སྤྱི་སྡོམ་མཁན།

དགེ་རྒན་དོན་གྲུབ་རྒྱལ། རྩིས་གཉེར་བ་ཀླུ་མཚོ་རྒྱལ།

རྩོམ་སྒྲིག་པ།

དཔལ་ལྡན་ཕུན་ཚོགས། བསོད་ནམས་ལྷུན་གྲུབ།  བློ་བཟང་རྒྱ་མཚོ། ལྷ་རྒྱལ་ཚེ་རིང་། གུར་མགོན་སྐྱབས། ཚེ་རིང་དོན་གྲུབ།

མདོ་འཛིན་པ།

བློ་བཟང་ཆོས་གྲགས། ལྕགས་ཐར་འབུམ།

རིག་རྩལ་བ།

སྒྱིས་ཚང་ཚེ་རིང་དོན་གྲུབ། ཚེ་རིང་བསམ་འགྲུབ།བན་དེ་ཚེ་རིང་།  ལས་དབང་ལྷ་མོ།

སྒྲ་གཏོང་བ།

བསོད་ནམས་དར་རྒྱས། དཀོན་མཆོག་བསམ་འཕེལ།

བརྙན་གཏོང་བ།

དཔལ་ལྡན་ཕུན་ཚོགས།

ར་ལེན་པ།

བྱང་ཆུབ་ལམ་བཟང་།

མ་འདེགས་པ།

སློབ་བུ་ཚོགས་པ། བདེ་སྲུང་ཁང་།  ཁོར་ཡུག་ཚན་ཆུང་།

གསར་འགོད།

སྐབས་བཞི་བའི་གཏམ་བཤད་ནོར་བུའི་ཕྲེང་བའི་རྩོམ་སྒྲིག་ཚན་ཆུང་།

གཙོ་སྐྱོང་ལས་ཁུངས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།

དུས་ཚོད།

2019.5.3ཉིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532153
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།