སློབ་གླིང་དབྱིན་སྐད་འགྲན་སྡུར།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། » སློབ་གླིང་དབྱིན་སྐད་འགྲན་སྡུར།
སློབ་གླིང་དབྱིན་སྐད་འགྲན་སྡུར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2019-04-10ལྟ་ཀློག (576)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 སློབ་གླིང་དབྱིན་སྐད་འགྲན་སྡུར།

2019/4/8

   སློབ་བུ་རྣམས་ཀྱི་དབྱིན་ཡིག་གི་ཆུ་ཚད་ཇེ་མཐོ་དང་སྦྱོང་འདུན་ཆེ་རུ་གཏོང་ཆེད། སྤྱི་ཟླ་༤བའི་ཚེ་༨ཉིན་ལོ་རེའི་འཆར་ཅན་ལྟར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དབྱིན་སྐད་ངག་རྩལ་འགྲན་སྡུར་སྐབས་དྲུག་པ་གླིང་སྨད་ཀྱི་ཚོགས་ཁང་ནས་གཟབ་རྒྱས་ངང་སྤེལ།

           བྱ་འགུལ་སྟེང་རང་སློབ་གྲྭའི་འབྲིང་རིམ་གཉིས་དང་། ཆེད་ལས་མཐོ་འབྲིང་རིམ་པའི་འཛིན་གྲྭ་སོ་སོ་ཞུགས་པ་མ་ཟད། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་དགུ་ཡང་འགྲན་སྡུར་ལ་ཞུགས།  འགྲན་སྡུར་གྱི་རྣམ་གྲངས་ལ། ༼༡༽དབྱིན་སྐད་གཏམ་བཤད། ༼༢༽གར་ཆུང་། ༼༣༽དབྱིན་གླུ་རྐྱང་ལེན། ༼༤༽དབྱིན་གླུ་མཉམ་ལེན་བཅས་ཡོད་ལ། འཛིན་གྲྭ་རེ་ལ་གཏམ་བཤད་པ་གཅིག་རེ་དང་རྐྱང་ལེན་གཅིག  གར་ཆུང་དང་མཉམ་ལེན་བཅས་ཀྱི་གོ་སྐབས་སྤྲད། 

           དེ་ཡང་ཁུལ་ལས་རིགས་ལག་རྩལ་སློབ་དབྱིན་ཡིག་དགེ་རྒན་འཇིགས་མེད་དཔལ་ལྡན་དང་། མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་དབྱིན་ཡིག་དགེ་རྒན་རྡོ་རྗེ་གྲོལ་མ། རྟ་བོ་བཅའ་སྡོད་སློབ་ཆུང་གཉིས་པའི་དབྱིན་ཡིག་དགེ་རྒན་གངས་དཔལ་རྣམ་རྒྱལ་བཅས་དཔྱད་འདེམས་པར་གདན་འདྲེན་ཞུས། 

           དཔྱད་འདེམས་དགེ་རྒན་རྣམ་པས་སྐར་གྲངས་གནང་བ་ལྟར་སྤྱི་སྡོམ་བྱས་མཐར། གཏམ་བཤད་འགྲན་སྡུར་ཁྲོད་མཐར་ཕྱིན་གཉིས་པའི་སློབ་གྲོགས་རིན་ཆེན་ནོར་བུ་ལ་ཨང་དང་བོའི་བྱ་དགའ་དང་། རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་དབྱངས་ཅན་སྒྲོལ་མ་ལ་ཨང་གཉིས་པའི་བྱ་དགའ་ཐོབ།  

          དེ་ནས་རྐྱང་གཞས་འགྲན་སྡུར་ཁྲོད་མཐོ་གཉིས་དང་བོའི་སློབ་གྲོགས་སྐལ་བཟང་སྐྱབས་ལ་ཨང་དང་བོའི་བྱ་དགའ་དང་། རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་ཚེ་རིང་སྒྲོལ་མར་ཨང་གཉིས་པའི་བྱ་དགའ་ཐོབ།

          གར་ཆུང་འགྲན་སྡུར་ཁྲོད་མཐོ་གཅིག་དང་བོའི་སློབ་མ་མགོན་པོ་རྡོ་རྗེ་སོགས་ལ་ཨང་དང་བོའི་བྱ་དགའ་དང་། མཐར་ཕྱིན་གཉིས་པའི་གདུགས་དཀར་སྐྱབས་སོགས་ལ་ཨང་གཉིས་པའི་བྱ་དགའ་ཐོབ།

           དབྱིན་གླུ་མཉམ་ལེན་འགྲན་སྡུར་ཁྲོད་མཐོ་གཅིག་དང་བོའི་སློབ་གྲོགས་བཀྲ་ཤིས་ཉི་མ་སོགས་ལ་ཨང་དང་བོའི་བྱ་དགའ་དང་། མཐར་ཕྱིན་དང་བོའི་སློབ་གྲོགས་བཀྲ་ཤིས་དོན་གྲུབ་སོགས་ལ་ཨང་གཉིས་པའི་བྱ་དགའ་ཐོབ་།

           དེ་ནས་བྱ་འགུལ་སྤྱིའི་ཆ་སྙོམས་སྐར་གྲངས་སྤྱི་སྡོམ་ཁྲོད་མཐོ་གཉིས་དང་བོའི་འགྲན་ཞུགས་པར་ཨང་དང་བོའི་བྱ་དགའ་ཐོབ་པ་བཅས་རྒྱལ་ཁ་ཐོབ་བུ་སློབ་བུ་རྣམས་ལ་བྱ་དགའི་བདག་རྐྱེན་མི་དམན་པ་གནང་། 

            མཇུག་ཏུ་ཐེངས་འདིའི་བྱ་འགུལ་ལ་རྒྱབ་སྐྱོར་གནང་མཁན་གྱི་དགེ་རྒན་བསམ་འཕེལ་རྡོ་རྗེ་སོགས་དང་དཔྱད་འདེམས་དགེ་རྒན་རྣམས་ལ་བཀའ་དྲིན་མཚོན་བྱེད་རེ་ཕུལ་ཏེ་བྱ་འགུལ་བདེ་ལེགས་ངང་མཇུག་བསྡུས་སོ།།







གསར་འགོད་པ། ཨ་མཆོག་མགོན་པོ་སྐྱབས།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5865476
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号