བསྙེན་བཀུར་བླ་མེད།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 22 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »བསྙེན་བཀུར་བླ་མེད།
བསྙེན་བཀུར་བླ་མེད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-04-04ལྟ་ཀློག (390)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བསྙེན་བཀུར་བླ་མེད།

པིའུ་ཧྲོའུ་མིན་གྱིས་བརྩམས།

རྭ་རྒྱ་བཀྲ་ཤིས་ཀྱིས་སྒྱུར།


孝心无价
作: 毕淑敏
  译:拉加扎西

         རྩོམ་པ་བོའི་ངོ་སྤྲོད་རགས་བསྡུས། པིའུ་ཧྲོའུ་མིན། ཕྱི་ལོ་༡༩༥༢་ལོའི་ཟླ་༡༠་བར་ཡུ་གུར་ཡེའུ་ཉིན་ནས་འཁྲུངས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་མི་དང་། རྒྱལ་ཁབ་ཀྱི་མཐོ་རིམ་རྩོམ་པ་བོ། པེ་ཅིང་རྩོམ་པ་བོའི་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ། པེ་ཅིང་དགེ་འོས་སློབ་ཆེན་གྱི་རྩོམ་རིགས་རམ་འབྱམ་པ།ཀྲུང་གོའི་རྩོམ་པ་བོའི་མཐུན་ཚོགས་སྐབས་དགུ་བའི་ཚོགས་མི་བཅས་ཡིན་ལ། ཀྲུང་གོའི་སེམས་ཁམས་སྨན་པ་ཞེས་པའི་མཚན་སྙན་ཡང་ཡོད། བརྩམས་ཆོས་གཙོ་བོ་《སྨན་ཐོ་དམར་བོ་དང་། 《སེམས་ཀྱི་གསང་གྲངས《རང་ཉིད་ལ་དགའ་དགོས་སོགས་ཁྱོན་༤༠་ལྷག་ཡོད།


     ང་རང་བྱིས་པ་ལས་ངན་ཞིག་གི་ཐོས་པ་འཚོལ་བའི་གཏམ་རྒྱུད་ལ་མི་དགའ། ཨ་ཕ་སྔ་མོ་ནས་གཤེགས་ཤིང་མིང་སྲིང་ཚོ་ལྟོགས་སྐོམ་གྱིས་མནར་ཏེ་ཁྱིམ་ཚང་དཀའ་ངལ་ཐུག་རུང་། མཐར་ཕྱིན་རྗེས་ཞིབ་འཇུག་འདོན་རྒྱུ་རྒྱུན་འཁྱོངས་བྱེད་པས། ཨ་མས་རང་གི་ཁྲག་བཙོང་སྟེ་སློབ་ཡོན་བཙལ་རྒྱུ་མ་གཏོགས་ཐབས་མེད། ངས་བལྟས་ན་དེ་ནི་སློབ་མ་སྒེར་སེམས་ཅན་ཞིག་རེད། ཐོས་པ་འཚོལ་བའི་ལམ་ནི་ཤིན་ཏུ་རིང་ཞིང་། ཚེ་གཅིག་ལུས་གཅིག་གི་བྱ་བ་ཞིག་ཡིན་པས། ལོ་འགའི་དལ་འགོར་ལ་དེ་འདྲའི་དོ་སྣང་ཞིག་ཅི་ལ་བྱེད། མ་ཟད། དུས་ཡུན་དེའི་སྐར་ཆ་རེ་རེ་སྐྱ་ཆད་སྔོ་སྡུག་ཡིན་པས་ཨ་མའི་ཟུངས་ཁྲག་གིས་སྐྱེད་སྲིང་བྱེད་དགོས། རང་གི་ཨ་མར་ཡང་བརྩེ་བ་མེད་པའི་མི་ཞིག་གིས་གཞན་ལ་བརྩེ་བ་འཆང་བར་སུས་རེ་བ་རྒྱག སྒེར་གྱི་ཁེ་ཕན་ཆེས་མཐོ་སར་འཇོག་པའི་མི་ཞིག་མིའི་རིགས་ལ་ནུས་ཤུགས་འདོན་མཁན་དུ་ཇི་ལྟར་འགྱུར། ང་རང་ད་དུང་ཕ་མ་ན་སྟེ་ཉལ་སར་ལྷུང་རུང་སྔར་བཞིན་བྲལ་ཏེ་འགྲོ་བའི་ཡུལ་གྱར་བར་མི་དགའ།ཐ་ན་ཁྱོད་ལ་གནས་ལུགས་ཅི་ཙམ་ཡོད་ཀྱང་། སའི་གོ་ལ་ཁྱོད་མེད་རུང་སྔར་བཞིན་འཁོར་བས། རང་གི་ནུས་པར་འུད་བརྗོད་ཚད་ལས་བརྒལ་བ་བྱེད་དགོས་དོན་མེད། བགྲེས་པོ་ཞིག་གིས་ཕྱི་མའི་ལམ་སྣེ་ཟིན་པའི་སྐབས་སུ། ཁོས་མི་ཡུལ་ལ་བཅིང་བའི་ཆེས་མཐའ་མཇུག་གི་རེ་འདུན་སྟོང་ཟད་དུ་བཏང་སྟེ། སྐྱོ་བ་དང་ཁེར་རྐྱང་གི་སེམས་པས་རྒྱང་དུ་བཞུད་པ་ནི་ཚེ་སྲོག་ལ་བརྙས་བཅོས་ཆེན་པོ་རེད།

      བློ་དཀར་གཞུང་བཟང་གི་བུ་ཕྲུག་རེ་རེས་སེམས་སུ་ཕ་མར་བསྙེན་བཀུར་བྱ་བའི་འདུན་མ་བཏབ་ཡོད་པར་ང་རང་ཡིད་ཆེས་ཡོད། ཉི་མ་རིང་བོ་དཔྱིད་ལ་ཡོད་ཅིང་། རྩིབ་མ་རིང་བོ་རྐྱང་ལ་ཡོད་པས། རང་གི་བྱ་བཞག་གྲུབ་སྟེ་ཡུལ་ལ་ཐོན་པའི་ཉིན་མོར་ཕ་མར་དལ་གྱིས་བསྙེན་བཀུར་བྱ་ཆོག་འདོད་ཀྱིན་ཡོད།

      ཡིད་ཕངས་པ་ཞིག་ལ་མི་རྣམས་ཀྱིས་དུས་ཚོད་ཀྱི་གདུག་རྩུབ་བརྗེད་འདུག  ཚེ་མི་རྟག་པ་བརྗེད་འདུག འཇིག་རྟེན་ན་ནམ་ཡང་གཞལ་མི་ནུས་པའི་དྲིན་ལན་ཡོད་པ་བརྗེད་འདུག ཚེ་སྲོག་ནི་མ་གཞི་ནས་ཉམ་ཆུང་གི་རང་བཞིན་དུ་གྲུབ་པ་བརྗེད་འདུག

      ཕ་མས་ང་ཚོར་འཁྲེངས་སེམས་ཟབ་མོ་ཞིག་བཅིངས་ཏེ་བཞུད་སོང་། ཕ་མས་ང་ཚོར་དྲིན་ལན་འཇལ་དཀའ་བའི་སེམས་ཚོར་ཞིག་བཞག་སྟེ་བཞུད་སོང་། ད་ནི་ཁྱོད་ལ་ནམ་ཡང་བསྙེན་བཀུར་གླེང་དབང་མེད།

      དོན་དག་རེ་ཟུང་ནི་ལོ་ན་གཞོན་དུས་སེམས་སུ་ལོན་དཀའ་ཞིང་། སེམས་སུ་ལོན་དུས་སྐབས་ཐོག་བརྒལ་འདུག  འཇིག་རྟེན་འདིར་དོན་དག་རེ་འགར་ཁ་གསབ་བྱ་ཆོག་ལ། རེ་འགར་གཏན་ནས་ཁ་གསབ་བྱ་རྒྱུ་མེད།

      བསྙེན་བཀུར་ནི་ལྷོད་ཙམ་གྱིས་ཤོར་འགྲོ་བའི་ཞེན་ཆགས་ཡིན། བསྙེན་བཀུར་ནི་མཐོང་ཆེན་མི་བྱེད་པའི་བདེ་སྐྱིད་ཡིན། བསྙེན་བཀུར་ནི་ཚེ་སྲོག་དང་ཚེ་སྲོག་གི་མཐུད་མཚམས་ཀྱི་སྦྲེལ་ཐག་ཡིན། གལ་སྲིད་ཆད་ཚེ་ནམ་ཡང་མཐུད་ཐབས་བྲལ།

     རང་གི་ཕ་མར་མྱུར་དུ་བསྙེན་བཀུར་བྱ་རོགས། ཁང་བ་གཟབ་སྤྲོས་ཤིག་གམ། སྡོད་ཁང་ཕལ་བ་ཞིག་གམ། རྒྱ་མཚོའི་ཕར་ལོག་ནས་སྤྲིངས་པའི་ཡིག་འཕྲིན་ཞིག་གམ།  ཁ་རྣ་གཤིབས་ཏེ་བཤད་པའི་ངག་འཕྲིན་ཞིག་གམ། འབུམ་རམས་པའི་ཞྭ་མོ་ཞིག་གམ། འབྲི་དེབ་སྟེང་གི་འགྲིག་སྟགས་ཤིག་གམ། ཟ་མ་མདུན་ཅོག་གང་ངམ། མེ་ཏོག་རྐང་གཅིག་དང་སིལ་ཏོག་ལྡོག་གཅིག་གམ། གཟབ་གོས་ཆ་ཚང་ཞིག་གམ། ལྷམ་ཆ་རྙིང་བ་ཞིག་གམ། ཡང་ན། བརྩིས་མི་ཚར་བའི་རྒྱུ་ནོར་རམ། ཤ་དྲོད་མ་ཡལ་བའི་དངུལ་སྒོར་ཞིག་གམ། གང་ལྟར། དེ་དག་གི་རིན་ཐང་བསྙེན་བཀུར་གྱི་རྒྱ་མའི་སྟེང་ནས་འདྲ་མཚུངས་ཡིན།

     གཙོ་བོ་གནམ་འོག་གི་བུ་ཕྲུག་ཚང་མས་ཕ་མ་བདེ་བར་བཞུགས་དུས་མྱུར་དུ་བསྙེན་བཀུར་བྱ་རོགས།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5945823
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号