ཟི་ལིང་བོད་མིའི་ཁྲོམ་གྱི་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ཟི་ལིང་བོད་མིའི་ཁྲོམ་གྱི་གསར་འགྱུར།
ཟི་ལིང་བོད་མིའི་ཁྲོམ་གྱི་གསར་འགྱུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-02-24ལྟ་ཀློག (9700)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཟི་ལིང་བོད་མིའི་ཁྲོམ་གྱི་སྤྲོ་དགའི་ལྷན་འཛོམས་དང་འབྲེལ་བའི་ཕན་བདེའི་གཏམ་གླེང་སྐབས་གསུམ་པ་གནའ་མཁར་ཟི་ལིང་དུ་བསྡུས།

    2019སྤྱི་ཟླ2པའི་ཚེས24ཉིན་ཟི་ལིང་བོད་མིའི་ཁྲོམ་གྱི་སྤྱིའི་འགན་འཛིན་པ་ཚེ་རིང་དོན་འགྲུབ་སོགས་ཀྱིས་གཙོ་སྒྲུབ་བྱས་པའི་བོད་མིའི་ཁྲོམ་གྱི་སྤྲོ་དགའི་ལྷན་འཛོམས་དང་ཕན་བདེའི་གཏམ་གླེང་སྐབས་གསུམ་པ་དེ་ཟི་ལིང་ནོར་བཟང་ཕོ་བྲང་དུ་བསྡུས་ཏེ་སྤྱི་ཚོགས་ཁྲོད་ཀྱི་མི་སྣ་ལྷག་བསམ་ཅན་དང་མཚོ་སྔོན་ཞིང་ཆེན་གྱི༢༠༡༨ལོའི་མཐོ་རྒྱུགས་ཁྲོད་སྦྱངས་འབྲས་རྩེར་སོན་གྱི་སློབ་མ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཕུལ་བྱུང་སློབ་མ། ཟི་ལིང་བོད་མིའི་ཁྲོམ་གྱི་ཕུལ་བྱུང་མི་སྣ་བཅས་ལ་བྱ་དགའ་སྤྲད་དེ་སྐུལ་འདེད་བྱས།

     འདུ་ཚོགས་འདི་ནི་ཟི་ལིང་བོད་མིའི་ཁྲོམ་གྱི་འགན་འཛིན་པ་ཚེ་རིང་དོན་འགྲུབ།  དཔའ་ལུང་དཔའ་ཐར།  བཀྲ་ཤིས།  བླ་བྲང་བསྟན་པ། མང་རྫོང་དཔལ་ཆེན་རྒྱལ་སོགས་ཀྱིས་གཙོ་སྒྲུབ་བྱས་པའི་དང་བླངས་པ་ལྔ་ཡིས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཁྲོད་དུ་སྤྱི་ཚོགས་དང་མི་རིགས་ལ་ཞབས་འདེགས། སྣེ་ཁྲིད་བཅས་བྱེད་བཞིན་པའི་མི་སྣ་རླབས་ཆེན་དག་ལ་རྗེས་སུ་ཡི་རང་དང་བཀའ་དྲིན་མཚོན་བྱེད་ཀྱི་གཟེངས་རྟགས་འབུལ་བར་ཆེད་དམིགས་ཀྱིས་བསྒྲུབས་པ་ཞིག་ཡིན་ལ།  ཞོར་དུ་ཟི་ལིང་བོད་མིའི་ཁྲོམ་གྱི་ཚོང་གཉེར་བ་དག་གིས་འདི་ལྟའི་སྐྱེས་ཆེན་དག་ལ་མིག་ལྟོས་དང་སྒོས་སྤྱི་ཚོགས་དང་མི་རིགས་ལ་ཞབས་འདེགས་ཞུ་བར་རེ་སྐུལ་བྱེད་པར་དམིགས་པ་ཞིག་ཀྱང་རེད།

    ཐེངས་འདིའི་ཚོགས་ཐོག་ཏུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་དང་སྤྲུལ་སྐུ་རྒྱ་མཚོ། སྤྲུལ་སྐུ་པདྨ་བཀྲ་ཤིས། བྱ་ཁྱུང་དགོན་གྱི་དགེ་བཤེས་སངས་རྒྱས། ཁེ་ལས་པ་བརྩོན་འགྲུས། དགེ་རྒན་ཆེན་མོ་ཤ་བོ་སྐྱིད་སོགས་ཆེད་ཞུས་སྐུ་མགྲོན་དག་ལས་གཞན་ཟི་ལིང་བོད་མིའི་ཁྲོམ་གྱི་ཚོང་གཉེར་བ་སོགས་མི་སྣ་བརྒྱ་ལྷག་མཉམ་ཞུགས་བྱས་པར་མ་ཟད་གཏམ་གླེང་བྱས།

     མཐར་ཐེངས་འདིའི་བྱ་དགའ་ཐོབ་མཁན་མི་སྣ་དག་ལ་རྟེན་འབྲེལ་གྱི་ཤིས་ཚིག་དང་སྨོན་འདུན་ཕུལ་ཞིང་གསོལ་ཇ་དྲངས་རྗེས་མཇུག་ལེགས་པར་བསྡུས་སོ།།

ཆེད་ཞུས་སྐུ་མགྲོན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་གསུང་བཤད་གནང་བཞིན་པ།

ཚོགས་རའི་ཡུལ་དངོས།

ཕུལ་བྱུང་མི་སྣར་བྱ་དགའ་གནང་བཞིན་པ།

བྱ་བའི་དབང་གིས་ཐེངས་འདིར་ཆེད་ཕེབས་གནང་མ་ཐུབ་པའི་བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ་དངུལ་གྱི་གཟེངས་རྟགས་གནང་བ།

   བོད་ཆོལ་ཁ་གསུམ་གྱི་འདས་མ་ད་གསུམ་གྱི་གནའ་དེང་ཆོས་རིག་འབྱོར་གསུམ་གནས་པ་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་མི་ཚེ་ཡི་ཕྲེང་ཐག་དཀར་པོ་ལྷད་མེད་ཁ་བ་བཞིན་ཕྱོགས་ཀུན་ཏུ་ཕུལ་དང་འབུལ་བཞིན་པའི་གནའ་དེང་བོད་ཀྱི་སློབ་གསོ་བ་དང་མཁས་དབང་ཆེན་མོ་༧རྒན་འཇིགས་མེད་རྒྱལ་མཚན་མཆོག་ལ་ངེད་ཟི་ལིང་བོད་མིའི་ཚོང་ཁྲོམ་གྱིས་ཁོང་གི་བཀའ་དྲིན་ཆ་ཤས་ཙམ་འཇལ་བྱེད་དུ་དངུལ་གྱི་གཟེངས་རྟགས་འདི་ཕུལ་བ་ལགས།

ཟི་ལིང་བོད་མིའི་ཚོང་ཁྲོམ་ནས།


སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལ་དངུལ་གྱི་གཟེངས་རྟགས་ཕུལ་བ།


     བོད་ཆོལ་ཁ་གསུམ་གྱི་འདས་མ་ད་གསུམ་གྱི་གནའ་དེང་ཆོས་རིག་འབྱོར་གསུམ་གནས་པ་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་མི་ཚེ་ཡི་ཕྲེང་ཐག་དཀར་པོ་ལྷད་མེད་ཁ་བ་བཞིན་ཕྱོགས་ཀུན་ཏུ་ཕུལ་དང་འབུལ་བཞིན་པའི་གནའ་དེང་བོད་ཀྱི་སློབ་གསོ་བ་དང་མཁས་དབང་ཆེན་མོ་༧རྒན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ལ་ངེད་ཟི་ལིང་བོད་མིའི་ཚོང་ཁྲོམ་གྱིས་ཁོང་གི་བཀའ་དྲིན་ཆ་ཤས་ཙམ་འཇལ་བྱེད་དུ་དངུལ་གྱི་གཟེངས་རྟགས་འདི་ཕུལ་བ་ལགས།

ཟི་ལིང་བོད་མིའི་ཚོང་ཁྲོམ་ནས།

གསར་འགོད་པ། སྨྲ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23535410
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།