ཧོལ་ཁའི་ཡུལ་གྱི་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ཧོལ་ཁའི་ཡུལ་གྱི་གསར་འགྱུར།
ཧོལ་ཁའི་ཡུལ་གྱི་གསར་འགྱུར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2019-02-04ལྟ་ཀློག (4310)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཧོལ་ཁའི་ཡུལ་གྱི་གསར་འགྱུར།

       ཕུགས་འདུན་མཉམ་གླེང་ཚང་གིས་ཕ་ཡུལ་གྱི་སློབ་གསོའི་གནས་བབས་དང་འབྱུང་འགྱུར་གྱི་འཕེལ་ཕྱོགས་ལ་བསམ་ནས་ལོ་རེར་ཆེད་དམིགས་ཀྱིས་སློབ་གསོ་བ་དང་ཁྲིམས་ལུགས་མཁས་ཅན། སློབ་དཔོན་ཆེན་མོ་སོགས་གདན་དྲངས་ནས་འཆད་ཁྲིད་དང་བགྲོ་གླེང་ཚོགས་འདུ་གཙོས་སྤྱི་ཕན་སློབ་གསོའི་བྱ་འགུལ་སྣ་ཚོགས་རྒྱུན་མར་སྤེལ་བ་ལྟར། ༢༠༡༩ལོའི་སྤྱི་ཟླ་༡དང་པོའི་ཚེས་22ཉིན་ནས་ཚེས་23ཉིན་ཏེ་ཉིན་གཉིས་ཀྱི་རིང་ལ་མི་རིགས་རིག་གནས་ཀྱི་རིན་ཐང་དང་བདེ་ཐང་སློབ་གསོའི་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ་བྲག་དཀར་རྫོང་དཔལ་ཁ་གྲོང་བརྡལ་ནས་ཚོགས་ཤིང་། ཕུགས་འདུན་མཉམ་གླེང་ཚང་གི་ཚོགས་གཙོ་ལགས་ཀྱིས་མདོ་འཛིན་སྒོས་ཉིན་དང་པོར་ཁྲིམས་དཔོན་བཀྲ་ཤིས་ཚེ་རིང་མཆོག་གིས་ཁྲིམས་ལུགས་ཤེས་བྱའི་འཆད་ཁྲིད་བྱས་ཤིང་། དེར་ས་གནས་ཀྱི་སློབ་གྲྭ་ཆེན་མོའི་སྡེ་དང་མང་ཚོགས། གཞུང་སྲིད་ཀྱི་ལས་བྱེད་མི་སྣ་དང་དགོན་པའི་གྲྭ་བཙུན་སོགས་ཞུགས་ཡོད་ལ། ཁོང་གིས་སྤྱིར་བཅའ་ཁྲིམས་ཀྱི་ངོ་བོའི་དབྱེ་བ་དང་ཁྲིམས་འཛིན་ལས་ཁུངས་ཀྱི་རིགས་དབྱེ། དེའི་ལས་འགན་དང་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་ཐབས་ཀྱི་རྣམ་པ་མི་འདྲ་བ་སོགས་འཆད་ཁྲིད་གནང་ཞིང་། སྒོས་སུ་“སེམས་ཆུང་སྡེ་བ་”ཞེས་པའི་དམངས་ཁྲིམས་ཀྱི་གྱོད་དོན་ཞིག་དངོས་མིང་སྦས་པའི་གཏམ་རྒྱུད་ཀྱི་རྣམ་པས་གསུངས་ནས།  དེར་ཁྲིམས་ཀྱི་གཞུང་ལུགས་ཤེས་བྱ་སྤྱད་ནས་གྱོད་དོན་དབྱེ་ཞིབ་བྱས་པ་དང་། དམིགས་བསལ་བོད་རང་གི་སྲོལ་རྒྱུན་དང་ཡིག་ཆ་གོང་སྒྲིགས་ཀྱིས་བོད་ཀྱི་གཟུ་བཤད་རིག་གནས་དང་དེའི་ཁྱད་ཆོས་སོགས་ཀྱི་ཁྲིད་གནང་སྟེ། དེ་ཉིད་ཡུལ་སྲོལ་ཁྲིམས་འབེབས་ཇི་ལྟར་བྱེད་སྟངས་སྐོར་གྱི་གསུངས་བཤད་གསེར་ལས་ལྷག་པ་བྱས།  ཉིན་གཉིས་པར་གངས་ཅན་གྱི་སློབ་གསོ་བ་ཆེན་མོ། ཁེ་ལས་དཔལ་འབྱོར་གྱི་ལམ་སྟོན་སློབ་དཔོན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་འཆད་ཁྲིད་གནང་ཞིང་། ཚོགས་ཞུགས་མི་སྣ་ལ་མཚོ་ལྷོའི་རྫོང་སོ་སོ་ནས་ཡོང་བའི་མཉམ་སྒྲུབ་ཚོང་སྡེའི་འགན་འཛིན་མི་སྣ་དང་ཁེ་ལས་དཔལ་འབྱོར་ལ་མོས་པ་ཡོད་མཁན་གྱི་ན་གཞོན་ཁེ་ལས་པ། གྲྭ་བཙུན་དང་སློབ་ཆེན་སློབ་མས་གཙོས་པའི་ཤེས་ཡོན་པ། མང་ཚོགས་སོགས་ཞུགས་ཡོད་ལ། ཁོང་གིས་ཐོག་མར་སྐུ་ཉིད་ཀྱི་ཕྱག་ལས་མཉམ་མྱོང་དང་སྦྱར་ནས་མཉམ་སྒྲུབ་ཚོང་སྡེའི་དཔལ་འབྱོར་སྒྲིག་གཞིའི་གྲུབ་སྟངས་དང་ཁྱད་ཆོས། དགོས་པ་དང་དེ་འབྲེལ་གྱི་ཁྲིམས་ལུགས་སོགས་གསུངས་ཤིང་། དེ་མིན་མི་རིགས་ཀྱི་ཞིང་ཕྱུག་ཐོན་ལས་རྒྱུ་ཆ་ལས་སྣོན་དང་ཐོན་རྫས་ཁྲོམ་ར་ཅན་དུ་བསྒྱུར་རྒྱུ་གཞིར་བཟུང་ནས་ཕྱོགས་བསྡུས་རང་བཞིན་གྱི་དཔལ་འབྱོར་སྒྲིག་གཞི་དང་ཆོས་ལུགས་ཡུལ་སྲོལ་དང་བསྟུན་པའི་དཔལ་འབྱོར་སྒྲིག་གཞི། སྤྱི་ཚོགས་ཚོང་རའི་དཔལ་འབྱོར་གྱི་དགོས་མཁོར་དམིགས་པའི་དཔལ་འབྱོར་སྒྲིག་གཞི་སོགས་ཁེ་ལས་གཉེར་སྟངས་དང་དམངས་ཕན་ཁེ་ལས་ཀྱི་ཁྱད་ཆོས། དཔལ་འབྱོར་སྒྲིག་གཞིའི་གྲུབ་སྟངས་སོགས་གསུངས་ཏེ་དམངས་ཕན་ཁེ་ལས་ལ་ཞུགས་པར་གདམས་ཤིང་སྐུལ་མ་གནང་། གཉིས་སུ་མི་ཚེ་ཕྲེང་རྒྱུད་ཀྱི་བོད་ཀྱི་སློབ་གསོའི་ཁྱད་ཆོས་ཀྱིས་གཙོས་གནའ་དེང་སློབ་གསོ་ཟུང་འབྲེལ་བྱེད་ཐབས་སྐོར་དང་། སྤྱི་ཚོགས་དང་ཁྱིམ་ཚང་སློབ་གསོ་སོགས་གསུངས་ཤིང་། དེ་མིན་བོད་རང་གི་རིག་གནས་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བཀའ་སློབ་ཀྱང་མང་དུ་གནང་། 
མཐར་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་སྐུ་དངོས་ཀྱིས་ལོ་ངོ་བཞིའི་རིང་ལ་ཕུགས་འདུན་མཉམ་གླེང་ཚོགས་པར་སྦྱིན་བདག་གནང་མཁན་ཨ་ཚོགས་སངས་རྒྱས་དང་ཨ་ཚོགས་དོན་གྲུབ་གཉིས་ལ་ཆེད་དུ་བཀའ་དྲིན་ཞུ་བའི་བྱ་དགའ་ཕུལ་ཅིང་། མ་འོངས་པར་ཡང་མི་རིགས་སློབ་གསོའི་ལས་དོན་གྱི་ཁུར་ཆེན་པོ་མཉམ་འཁུར་བྱེད་རྒྱུའི་སྐུལ་བ་དང་བཅས་ཡོངས་སུ་རྟེན་འབྲེལ་ལེགས་པའི་མཇུག་བསྡུས་པ་དགེའོ།། 
ཞལ་འདེབས་གནང་མཁན།
བོང་སྟག་ཆོས་བྷེ།5000 ནོའུ་བྷ།  2000
ཨ་ཚོགས་རབ་གསལ།2000 དབང་ལྡན།1000
སངས་རྒྱས་གྲགས་པ།1000 ཀུན་བྱམས་རྒྱལ།500
ཆོས་སྐྱབས་རྒྱལ།500  ཀླུ་བྷེ།500
གཟུང་ཁོ། 500  སྙིང་ལྕགས་རྒྱལ། 500
བདེ་སྐྱིད་ཡོན་ཏན།  200

ཕུགས་འདུན་མཉམ་གླེང་ཚན་ཆུང་གིས་སྤྱི་ལོ2019སྤྱི་ཟླ1་ཚེས་24ཉིན་སྤེལ། 


སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག


ཁྲིམས་དཔོན་བཀྲ་ཤིས་ཚེ་རིང་གིས་གསུང་བཤད་གནང་བཞིན་པ། 


ཚོགས་གཙོ་ཚུལ་ཁྲིམས་ཡེ་ཤེས་ཀྱིས་འགོ་འཛིན་བྱེད་བཞིན་པ། 


ཚོགས་འདུར་ཞུགས་པའི་སྦྱིན་བདག་དང་ཞལ་འདེབས་གནང་མཁན་གྱི་ལྷན་པར།


འཆད་ཁྲིད་པ་རྣམ་གཉིས་དང་ཚོགས་མིའི་ལྷན་པར།


སྦྱིན་བདག་དོན་གྲུབ་མཆོག


སྦྱིན་བདག་སངས་རྒྱས་ལགས། 

གསར་འགོད་པ།  དཀོན་མཆོག་ཆོས་རྒྱན། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533780
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།