ཤེས་དགོས་པའི་བརྙན་ལམ་ལེ་ཚན་འགའ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »ཤེས་དགོས་པའི་བརྙན་ལམ་ལེ་ཚན་འགའ།
ཤེས་དགོས་པའི་བརྙན་ལམ་ལེ་ཚན་འགའ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-02-04ལྟ་ཀློག (5720)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཤེས་དགོས་པའི་བརྙན་ལམ་ལེ་ཚན་འགའ།

 

རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ།

ཁོ་བོ་ནི་ཤེས་རབ་ལ་མོས་ཀྱང་ལེ་ལོ་ལ་གོམས་པའི་སློབ་གཉེར་བ་ཞིག་ཡིན་ལ་སློབ་གཉེར་ལ་དགའ་ཡང་བརྩོན་འགྲུས་ཀྱིས་དབེན་པའི་རིག་སྙེགས་པ་ཞིག་ཀྱང་ཡིན། དེ་བས་ནམ་རྒྱུན་བམ་འཐུག་ཅིང་འབྲུ་མང་པའི་དཔེ་དེབ་རེ་ལག་ཏུ་བཟུང་ནས་གཏི་མུག་གི་ཀློང་དུ་ཉུལ་བའི་སྐབས་ཀྱང་གྲངས་ལས་འདས། ཡིན་ནའང་ང་ཚོས་ཤེས་འདོད་ཅིང་ཤེས་འོས་པའི་ཤེས་རབ་ཀྱི་སྨན་རིལ་དེ་དག་ངེས་པར་ཡིག་འབྲུའི་བར་ནས་བཙལ་དགོས་པའི་ངེས་པ་གཏན་ནས་མེད་ལ་ཡིག་འབྲུ་མང་པོ་ཞིག་མིག་ལམ་དུ་བཞག་མྱོང་པ་ཙམ་གྱིས་ང་ཚོས་ཤེས་དགོས་ཤེས་བྱ་དག་ཐོབ་ངེས་པའི་གཏན་ཚིག་ཀྱང་གང་དུ་མཆིས། དེ་བས་ཁོ་བོས་རྒྱུན་དུ་དྲྭ་བ་དང་གློག་བརྙན་འཕྲིན་ཁང་སོ་སོ་ལས་ང་ཚོར་མཁོ་བའི་ཆ་འཕྲིན་དག་རྩེད་འཇོས་ངང་རོལ་བར་སྤྲོ། དེ་ཡང་དཔེར་ན་མདོ་དབུས་ཁམས་གསུམ་གྱི་བརྙན་སྟེགས་སོ་སོ་ལས་གཏོང་བཞིན་པའི་འཆད་ཁྲིད་མིན་སེལ་སྒྲོན་མེ་དང་ཁ་བརྡ་ལེ་ཚན་སོགས་དང་རྒྱའི་བརྙན་སྟེགས་སོི་སོས་སྤེལ་བའི་ཁྲིད་སྟེགས་དང་གཏམ་གླིང་གི་ལེ་ཚན་སོ་སོ་ལྟ་བུ་རེད།

འདིར་ཁོ་བོས་རང་དང་འདྲ་བའི་ཤེས་འདོད་ཀྱི་འདོད་ཆེ་ཡང་ལེ་ལོ་དང་དུས་ཚོད་ཀྱིས་མནར་པའི་སྐྱེ་བོ་དག་ལ་དགོས་གལ་དུ་དམུགས་ནས་ཤེས་པ་འཆར་ངོས་ནས་སྦྱིན་པའི་ལེ་ཚན་དུ་མ་ཞིག་མཚམས་སྦྱོར་བར་འདོད་དོ། །

ལེན་ཚན་གྱི་མིང་།  གྱེར་འདོན་པ།  朗读者

ངོ་སྤྲོད།   ལེ་ཚན་འདི་ནི་ཀྲུང་དབྱངས་བརྙན་འཕྲིན་ཁང་གི་བརྙན་སྟེགས་དང་བོ་དང་གསུམ་པ་ལས་གཟའ་སྤེན་པ་དང་ཉིར་མར་གཏོང་གིན་ཡོད། CCTV-1CCTV-3ལེན་ཚན་འདིའི་མདོ་འཛིན་པ་མཛངས་མ་དོང་ཆིང་(董卿)ལགས་ནི་ཕྱི་ཚུལ་ལེགས་ཤིང་ཤེས་རབ་ཀྱིས་ཕྱུགས་པ་ཞིག་ཡིན་པས་སྔར་ནས་མཁའ་ཁྱབ་ཀྱི་གཟིགས་མོ་ཀུན་གྱིས་བསྟོད་བསྔགས་མི་དམེན་པ་ཐོབ་ཡོད།  ལེ་ཚན་འདིར་སྤྱི་ཚོགས་སུ་རྒྱག་ཆེ་བའི་མཁས་པ་དང་མིང་གྲགས་ཆེ་བའི་མི་སྣ་དག་གདན་དྲངས་ནས་མིང་དུ་གྲགས་པའི་བརྩམས་ཆོས་ལེགས་གྲས་དག་གྱེར་འདོན་བྱ་བཞིན་ཡོད། 

གཏོང་ཡུལ།  ཐིང་ཤོན།(腾讯视频)  ཨེ་ཆིས་ཡིས།(爱奇艺视频) ཀྲུང་དབྱངས་བརྙན་འཕྲིན་ཁང་དྲ་བ།(央视网)

ལེན་ཚན་གྱི་མིང་།    ཡི་གེ་མཐོང་པས་ཞལ་དངོས་མཇལ་དང་འདྲ།   见字如见面

ངོ་སྤྲོད།  ལེ་ཚན་ནི་རིག་པའི་ནུས་སྟོབས་དང་ཧིས་ལུང་ཅང་གློག་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་དུ་སྤེལ་པའི་ལེ་ཚན་ཞིག་ཡིན།  ལེ་ཚན་འདིར་གནའ་དེང་མཁས་པ་དག་གི་ཞལ་ཆེམས་དང་ཡིག་སྐུར་དག་མིང་དུ་གྲགས་པའི་མི་སྣ་དག་གིས་གྱེར་ཞིང་འབྲལ་ཡོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་གནས་བབས་སོགས་དབྱེ་ཞིབ་ཉུང་བསྡུས་བྱེད་པའི་ལེ་ཚན་ཞིག་ཡིན། 

གཏོང་ཡུལ།   ཐིང་ཤོན། (腾讯视频)

 

ལེན་ཚན་གྱི་མིང་། ཅོག་ཙེ་གོར་གོར་ཚང་། 圆桌派)

ངོ་སྤྲོད།  འདི་ནི་ཁ་བརྡ་ལེ་ཚན་ཞིག་ཡིན་ཞིང་མདོ་འཛིན་པ་ཏུའོས་ཝིན་ཐོའོ(窦文涛)ལགས་ཀྱིས་རྒྱའི་མིང་དུ་གྲགས་པའི་མཁས་པ་ཁྲིན་ཏན་ཆེང(陈丹青)དང་ལེའང་ཝིན་ཏོའོ(梁文道)སོགས་གདན་དྲངས་ཏེ་དེང་གི་སྤྱི་ཚོགས་ཀྱི་གནས་བབ་དང་རིག་འབྱོར་སྲིད་གསུམ་གྱི་འཕེལ་ཕྱོགས་སོགས་གླེང་སའི་ལེ་ཚན་ཞིག་ཡིན།

གཏོང་ཡུལ། གཡོའུས་ཁོས། (优酷视频)

 

ལེན་ཚན་གྱི་མིང་།  ཐིང་ཤོན་ནང་བསྟན་སློབ་ར།  腾讯佛学网

ངོ་སྤྲོད།  ལེ་ཚན་འདི་ནི་ཐིང་ཤོན་གཞུང་ཕྱོགས་ཀྱིས་སྤེལ་བའི་ནང་བསྟན་སྐོར་གྱི་ལེ་ཚན་ཞིག་ཡིན་ཞིང་ལེ་ཚན་འདིར་བོད་ཀྱི་ནང་བསྟན་མཁས་པ་ཨ་ལགས་དོར་ཞི་རིན་པོ་ཆེ་དང་ཨ་ལགས་བཞག་ན་རིན་པོ་ཆེ་སོགས་ལ་བཅར་འདྲི་བྱས་ཏེ་ནང་བསྟན་གྱི་སྐོར་ནས་གསུང་གླེང་གནང་ཡོད་པར་མ་ཟད་རྒྱའི་བླ་མ་གྲགས་ཅན་དག་ལའང་ནང་བསྟན་གྱི་སྐོར་ནས་བཅར་འདྲི་དང་གསུང་གླེང་གནང་ཡོད།

གཏོང་ཡུལ།  ཐིང་ཤོན། (腾讯视频)

 

ལེན་ཚན་གྱི་མིང་།   དཔེ་ཀློག(读书)

ངོ་སྤྲོད།  ཀྲུང་དབྱངས་བརྙན་འཕྲིན་ཁང་གི་བརྙན་རྟགས་བཅུ་པའི་སྟེང་CCTV-10སྟོན་གྱིན་པའི་དཔེ་ཀློག་གི་ལེ་ཚན་ཞིག་ཡིན་ལ། ཀྲུང་གོའི་ཆེས་དགའ་བསུ་ཐོབ་པའི་དཔེ་ཀློག་ལེ་ཚན་དང་ནང་ལོག་གི་དཔེ་ཀློག་ལེ་ཚན་གྱི་མིག་དཔེ་སོགས་ཀྱི་མཚན་སྙན་ཐོབ་ཡོད།

གཏོང་ཡུལ། ཀྲུང་དབྱངས་བརྙན་འཕྲིན་ཁང་གི་བརྙན་རྟགས་བཅུ་པ།CCTV-10ཨེ་ཆིས་ཡིས།(爱奇艺视频)

 

ལེན་ཚན་གྱི་མིང་།  མི་མང་ཁྲིད་སྟེགས། (百家讲坛)

ངོ་སྤྲོད།   ཀྲུང་དབྱངས་བརྙན་འཕྲིན་ཁང་གི་བརྙན་རྟགས་བཅུ་པའི་སྟེང་CCTV-10སྟོན་གྱིན་པའི་ལེ་ཚན་ཞིག་ཡིན་ལ་མིང་དུ་གྲགས་པའི་དགེ་རྒན་ཆེན་མོ་དང་མཁས་པ་རྣམ་གདན་དྲངས་ནས་གཞུང་སོ་སོའི་དཀའ་གནད་སྣ་ཚོགས་ཞིབ་ཁྲིད་གནང་སའི་ལེ་ཚན་ཞིག་ཡིན།

གཏོང་ཡུལ། ཀྲུང་དབྱངས་བརྙན་འཕྲིན་ཁང་གི་བརྙན་རྟགས་བཅུ་པ།CCTV-10 ཨེ་ཆིས་ཡིས།(爱奇艺视频)

ལེན་ཚན་གྱི་མིང་།  དགོད་བྲོའི་དཔེ་ཀློག་གམ་ཤེས་པ་ལེགས་རྫོགས། (搞笑读书、知了)

ངོ་སྤྲོད། པེ་ཅན་གྱི་རིག་གནས་ཁྱབ་སྒྲག་གི་མཐུན་གཉེར་ཁང་ཞིག་གིས་སྤེལ་བའི་སློབ་ཁྲིད་ཀྱི་ལེ་ཚན་ཞིག་ཡིན་ལ་ལེ་ཚན་འདིའི་སློབ་ཁྲིད་མཐའ་དག་དགོས་བྲོ་ལ་ཉན་སྤྲོ་བ་ཤ་སྟག་ཡིན།  བར་སྐབས་ཤིག་ཏུ་རྒྱལ་བ་མཚངས་དབྱངས་རྒྱ་མཚོའི་སྐོར་ནས་དཔེ་ཁྲིད་གནང་སྐབས་དངོས་དོན་དང་མི་འཕྲོད་པའི་བཤད་སྒྲོས་དགོད་བྲོ་བ་རེ་འགའ་བདེ་དུ་བཟུང་ནས་འཆད་འདུག་ཀྱང་སྤྱིའི་ཆ་ནས་ཧ་ཅང་ལེགས་སོ། །

གཏོང་ཡུལ། གཡོའུས་ཁོས། (优酷视频)

 

ལེན་ཚན་གྱི་མིང་།  ཁྲིད་དོ། ། (开讲啦)

ངོ་སྤྲོད། ཀྲུང་དབྱངས་བརྙན་འཕྲིན་ཁང་གི་བརྙན་རྟགས་དང་བོའི་སྟེང་CCTV-1སྟོན་གྱིན་པའི་ལེ་ཚན་ཞིག་ཡིན་ལ་ལེ་ཚན་འདིར་ཀྲུང་གོའི་མི་སྣ་གྲགས་ཅན་དག་གིས་བྱ་བའི་ཉམས་མྱོང་དང་བསམ་བློའི་རྟོགས་པ་སོགས་བུམ་པ་གང་བྱོ་ཡི་ཚུལ་དུ་ཡོངས་སུ་འཆད་པའི་ལེ་ཚན་ཞིག་ཡིན།

གཏོང་ཡུལ། ཐིང་ཤོན། (腾讯视频)ཀྲུང་དབྱངས་བརྙན་འཕྲིན་ཁང་གི་བརྙན་རྟགས་དང་བོ།CCTV-1

གསར་འགོད་པ། ཉི་མ་རྒྱལ་མཚན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmfs བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23521947
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།