བཅུ་གསུམ་པ། སླར་ཚ་བ་རོང་དང་ཁམས་སུ་བྱོན་ནས་མཐར་བསམ་ཡས་སུ་སྐུ་མྱ་ངན་ལས་འདས་པའི་སྐོར།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 19 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། » བཅུ་གསུམ་པ། སླར་ཚ་བ་རོང་དང་ཁམས་སུ་བྱོན་ནས་མཐར་བསམ་ཡས་སུ་སྐ
བཅུ་གསུམ་པ། སླར་ཚ་བ་རོང་དང་ཁམས་སུ་བྱོན་ནས་མཐར་བསམ་ཡས་སུ་སྐུ་མྱ་ངན་ལས་འདས་པའི་སྐོར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2019-02-01ལྟ་ཀློག (390)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བེེ་རོ་ཙ་ནའི་རྣམ་ཐར། 

 བཅུ་གསུམ་པ།  སླར་ཚ་བ་རོང་དང་ཁམས་སུ་བྱོན་ནས་མཐར་བསམ་ཡས་སུ་སྐུ་མྱ་ངན་ལས་འདས་པའི་སྐོར།

སླར་རྒྱལ་མོ་ཚ་བ་རོང་དུ་ལན་གཅིག་གཤེགས་ཏེ་ཚ་བ་རོང་གི་རྒྱལ་བློན་རྣམས་དང་ཆོས་མཇལ་ནས་ཆོས་ཀྱི་བགྲོ་བ་མཛད།
སྣོད་དང་ལྡན་པ་རྣམས་ལ་མན་ངག་གསུང་གྱིན་བཞུགས།      དེ་ཙ་ན་བཻ་རོ་ཙ་ན་ཚ་བ་རོང་ན་བཞུགས་པ་ཐོས་ནས་ཁམས་སུ་སྤྱན་དྲངས།    རྗེ་བི་མ་ལ་མི་ཏྲ་ལ་སོགས་པ་པཎྜི་ཏ་གསུམ་ཡང་སྤྱན་དྲངས།     ཁམས་ཀྱི་ཏུང་བྱམས་ཆེན་གྱི་ཡང་དབེན་ཏུ་བཻ་རོ་ཙ་ནས་ལོ་ཙྭ་མཛད་ནས་སྔགས་དོན་ལ་སོགས་པ་སྒྲུབ་སྡེའི་ཆོས་བསྒྱུར། བཻ་རོ་ཙ་ནས་སྤམ་སངས་རྒྱས་མགོན་པོ་དང་།   སྦས་རྡོ་རྗེ་རྒྱལ་མཚན་དང་གསུམ་དགོངས་པ་ལྷན་ཏུ་མཛད།     གཞན་འཁོར་ཐུན་མོང་མ་ཡིན་པ་རྣམས་ལ་ཨ་ཏི་སེམས་སྡེའི་སྐོར་ལ་སོགས་པ་རྒྱུད་དང་མན་ངག་མང་དུ་གསུངས།    མན་ངག་སེམས་བདེ་བཅོ་བརྒྱད་བརྡ་དང་ངོ་སྤྲོད་དང་བཅས་པ་ཡང་གསུངས།   རྒྱུད་པ་དང་པོ་ནི་བཻ་རོས།    ཁྲི་སྲུང་ལྡེའུ་བཙན་ལ་སྔ་འགྱུར་ལྔ་དང་།    མན་ངག་རྒྱ་མཚོའི་ཀློང་དང་། གཞན་ཡང་རྒྱུད་དང་མན་ངག་བཅས་པ་ལྐོག་གྱུར་དུ་གསུངས།   བརྒྱུད་པ་བར་མ་ནི་གཡུ་སྒྲ་སྙིང་པོས།      རྗེ་ཛྙཱ་ན་དང་།     རྨ་རིན་པོ་ཆེ་མཆོག་ལ་གསུངས།        ཐ་མ་ནི་གཡུ་སྒྲ་སྙིང་པོས།   སྤམ་སངས་རྒྱས་མགོན་པོ་དང་རྒྱ་བློ་གྲོས་གཞོན་ནུ་དང་། སྦས་རྡོ་རྗེ་རྒྱལ་མཚན་ལ་གསུངས་པ་རྣམས་ཡིན། ཕྱིས་ཁམས་ཏུང་བྱམས་ཆེན་གྱི་ཡང་དབེན་དུ་རྗེ་ཉིད་དང་མཇལ་ནས་དགོངས་པ་མཛད་ཀྱིན་གསུངས་པ་རྣམས་ཡིན། དེ་ནས་ཡང་ཡར་བསམ་ཡས་སུ་བྱོན་ནས་ཧས་པོ་རིའི་ཁ་ལ་བཞུགས་ཏེ།      འཁོར་ཐུན་མོང་པ་རྣམས་ལ་དྲང་དོན་གྱི་བསྟན་བཅོས་དང་།           རྒྱུ་འབྲས་ཀྱི་ཆོས་བག་རེ་དང་སྔར་གྱི་མཇུག་མ་ཚང་བ་འགའ་ཡང་གསུངས།       ཐུན་མོང་མ་ཡིན་པ་ཨ་ཏིའི་མན་ངག་ཁྱད་པར་ཅན་འགའ་ཡང་གསུངས་ཀྱིན་བཞུགས།   གཡུ་སྒྲ་དང་རྒྱལ་པོ་གཉིས་ཀྱིས་གཙོས་པའི་འཇའ་ལུས་གྲུབ་པའི་སློབ་མ་བདུན་གྱིས་རྗེ་བཙུན་ཆེན་པོའི་དྲུང་དུ།    ཟབ་མོ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར།      གཡུ་སྒྲས་གཙོས་པའི་སློབ་བུ་རྣམས་ཀྱིས།        སྟོན་པའི་ཞལ་སྐྱིན་རྒྱལ་བ་ཀུན་འདུས་སྐུ།   །གསུང་རབ་རྒྱུད་སྡེ་རྒྱ་མཚོ་འདུས་པའི་གསུང་།    །བདེ་གཤེགས་རྒྱལ་བའི་ཐུགས་ཀློང་ནམ་མཁའ་ཆེ།   །མུན་པ་གསལ་མཛད་རིན་ཆེན་འོད་པོ་ཆེ།    །བདག་སོགས་བོད་ཁམས་རྣམས་ལ་གཟིགས་ནས་ཀྱང་།   །མ་འོངས་རྗེས་འཇུག་ངེས་ཤེས་ཐོབ་བྱའི་ཕྱིར།  །རྗེ་ཡི་སྙན་བརྒྱུད་རྡོ་རྗེ་ཟབ་ལམ་འདི།    །ཉམས་སུ་ལེན་པའི་གྲུབ་ཐོབ་དུ་ཙམ་བྱོན།   །ཞེས་པས།     སློབ་དཔོན་དགྱེས་པའི་ཞལ་ནས་འདི་སྐད་དོ།         ལེགས་པར་གསོན་དང་རྗེ་འབངས་བུ་སློབ་ཚོ།   །ང་ཡི་ཐུགས་དགོངས་ནམ་མཁའ་གཡའ་དག་བཞིན།      །གང་འདོད་རེ་བ་སྐོང་ངོ་ད་ཉོན་དང་།   །ཛ་ཡི་མི་ཕམ་མགོན་པོ་འདི།  །མི་ལོ་ལྔ་བརྒྱ་འགྲོ་བའི་དོན་མཛད་ནས།   །ཕུང་བོ་ལྷག་མེད་ཆོས་ཀྱི་དབྱིངས་སུ་གཤེགས།   །ད་ལྟའི་མཁས་པ་གཡུ་སྒྲ་སྙིང་པོ་ཁྱོད།  །སུམ་བརྒྱ་བདུན་ཅུ་མི་ཡུལ་འགྲོ་དོན་སྐྱོང་།  །སླར་ཡང་ཞིང་ཁམས་ང་དང་ལྷན་ཅིག་འགྲོ   །བཟང་མོ་རིན་ཆེན་དབྱིངས་བྱ་བ།   །འབྱུང་སྟེ་ལོ་ཡང་ཉིས་བརྒྱ་བདུན་ཅུར་གནས།   །ཕུང་པོ་ལྷག་མེད་ཆོས་ཀྱི་དབྱིངས་སུ་གཤེགས།  །ཁུག་འགྱུར་གསང་བ་མཆོག་ཞེས་བྱ་བ་འབྱུང་། །ལོ་ཡང་བརྒྱ་དང་དགུ་བཅུར་གནས་ཏེ།   ཕུང་པོ་ལྷག་མ་མེད་པར་གཤེགས།།
རིག་འཛིན་དེ་རྣམས་ཀྱི་གདམས་པའི་བརྒྱུད་འཛིན་པ།    ངན་ལམ་བྱང་ཆུབ་རྒྱལ་མཚན་ནི།     ལོ་བརྒྱ་དང་བདུན་ཅུ་དོན་བརྒྱད་གནས་ཏེ་ལྷག་མ་མེད་པར་གཤེགས།    དེའི་སྲས་བཟང་རིན་ཆེན་སྐྱིད་ལོ་བརྒྱ་དང་བཞི་ཅུ་ཞེ་བཞིར་གནས་ཏེ་ཕུང་པོ་ལྷག་མེད་དུ་གཤེགས།      ཁུག་འགྱུར་གསལ་བ་མཆོག་བྱ་བ།    ལོ་བརྒྱ་དང་བདུན་ཅུ་དོན་བདུན་གནས་ཏེ་ལྷག་མེད་དུ་གཤེགས།        ཉང་བྱང་ཆུབ་ལེགས་བྱ་བ་དཔོན་སློབ་གསུམ་ལོ་བརྒྱར་བཞུགས་ནས།    སླར་ཚོགས་ཀྱི་གྲལ་ནས་ལྷག་མེད་དུ་གཤེགས།    ཉང་ཤེས་རབ་འབྱུང་གནས་བྱ་བ་གཅིག་འབྱུང་སྟེ།   ལོ་བརྒྱ་དང་གསུམ་དུ་གནས་ཏེ།   དཔོན་སློབ་གཉིས་མཆིམས་ཕུའི་བྲག་ནས་ལྷག་མེད་དུ་གཤེགས།       ཉང་བྱང་ཆུབ་གྲགས་པ་བྱ་བ་འབྱུང་སྟེ།   ལོ་བརྒྱ་དང་བདུན་གནས་ཏེ།   བདེ་གཤེགས་གདུང་དུ་འགྱུར།     བྷ་ཡེ་ཤེས་བྱང་ཆུབ་བྱ་བ་འབྱུང་སྟེ།    ལོ་དགུ་བཅུ་གོ་བརྒྱད་གནས་ཏེ།     སྐུ་གདུང་མེད་པར་དཀར་ཧྲིལ་མེ་ནམ་མཁའ་ལ་གཤེགས།      གདམས་པ་ས་ཏ་བྱ་བ་གཅིག་འབྱུང་སྟེ་ལོ་བརྒྱ་དང་བཅུ་གསུམ་གནས་ཏེ།     ཕུང་བོ་ཁ་དོག་ལྔ་ལྡན་དུ་གྱུར། 
དེ་ནས་ངའི་སྙན་བརྒྱུད་འཛིན་པའི་བརྒྱུད།    །ཚེ་ལོ་མཐར་ཕྱིན་གྲུབ་ཐོབ་མང་དུ་འབྱུང་།     ངྷ་རྨ་སིང་ཧ་ལག་ན་རྡོ་རྗེ་དང་།   །ཛྙཱ་ན་ལ་སོགས་སྙན་བརྒྱུད་འཛིན་པའི་བུ།  །རྒྱ་བོད་གཉིས་དང་ཚ་བ་རོང་ལ་སོགས།    །ལྷག་མེད་གྲུབ་པ་བརྒྱ་དང་བདུན་ཅུ་འབྱུང་།  །ཚེ་ལོ་མཐར་ཕྱིན་དགོངས་པ་མངོན་གྱུར་པ།   །རྣལ་འབྱོར་ཆེན་པོ་གྲངས་མེད་བརྗོད་འདས་འབྱུང་།   ཞེས་གསུངས་ནས།             ཐིག་ལེ་སྔོན་པོའི་དཀྱིལ་དུ།       ཡི་གེ་ཨ་ཡིག་དཀར་པོར་གྱུར་ནས་མི་སྣང་བར་གཤེགས།         འཁོར་ཐམས་ཅད་ཀྱི་སྨྲེ་ངག་འདོན་ཅིང་གསོལ་བ་དྲག་ཏུ་བཏབ་པས།   ནམ་མཁའི་དབྱིངས་ནས།    ༀ་འགྱུར་མེད་ལྷུན་འགྲུབ་ཆོས་དབྱིངས་ཞིང་ཁམས་འདི།    མཐོ་དམན་བཟང་ངན་བླང་དོར་མེད་པའོ།  །ཆོས་དབྱིངས་ཡེ་ཤེས་འཆར་སྒོ་དེར་ཆེའོ།          ཞེས་གསུངས་ནས།       རྣམ་སྣང་ཆོས་དབྱིངས་བཀོད་པའི་ཞིང་ཁམས་བསྟན་ནས།   རྗེ་ཉིད་རྣམ་པ་སྣང་མཛད་སྐུར་བཞེངས་ཏེ།  རིག་ལྔ་བདེ་གཤེགས་བསམ་གྱིས་མི་ཁྱབ་པའི་འཁོར་གྱིས་བསྐོར།     འདུས་པའི་བུ་སློབ་རྣམས་ཀྱི་ཁྲོད་ནས་ནམ་མཁའ་ལ་བྱ་བཞིན་འཕུར་ནུས་པའི་རྫུ་འཕྲུལ་བྱུང་།    དེ་ནས་གསོལ་བ་རྩེ་གཅིག་བཏབ་པས།    རྗེ་བཙུན་སྐུ་དྲང་པོ་ཟིལ་པ་ཁྲོམ་མེ་བ།     འཇའ་འོད་དུ་འཁྱིལ་ལེ་བྱས་ནས།     འཁོར་རྣམས་ཀྱི་མདུན་དུ་བྱོན།    མངའ་བདག་རྒྱལ་པོས་གཙོས་པའི་རྗེ་འབངས་རྣམས་ཀྱི།   །རིན་ཆེན་ལྷ་མོའི་ནོར་བུ་དཔག་ཏུ་མེད་པའི་ཕྲ་བཀོད་དེ།   རྗེ་ལ་ཕུལ་ནས་སངས་རྒྱས་ཀུན་འདུས་རྣམ་པར་སྣང་མཛད་དེ།  །འགྲོ་བའི་དོན་དུ་བཻ་རོ་ཉིད་དུ་བྱོན།  །མུན་པའི་སྨག་རུམ་དམ་པ་ཆོས་ཀྱིས་སེལ།  །འདས་དང་མ་འོངས་ད་ལྟ་ཐམས་ཅད་དུ།  །སྐུ་དྲིན་ཆེ་ཡང་བོད་ཁམས་སྙིང་མེད་པས།   །ཐུགས་རྗེ་ཆེན་པོས་དགོངས་པས་བཟོད་ཤེས་མཚལ།  །ཞེས་གསོལ།       ཡང་དུས་དེ་ཙམ་ན།       རྗེ་ཉིད་ཁྲི་གདན་གྱི་སྟེང་ན་སྐབས་རེར་སྐུ་འོད་དུ་འབར་བ།   དུས་རེར་སྐུ་རྣམ་སྣང་དུ་བཞུགས་པ་ལན་རེར་ཤཀ་ཐུབ་དུ་བཞུགས་པ།   ལན་རེར་ཀུན་དགའ་བོ་དང་།   ལན་རེར་གླེགས་བམ་རྡོ་རྗེ་དྲིལ་བུ་ནོར་བུ་པདྨ་ལ་སོགས་པ།      འབྱུང་བ་ལྔ་ལ་སོགས་པ་སྤྲུལ་བསྒྱུར་དཔག་ཏུ་མེད་པ་སྣང་བས།     གཡུ་སྒྲ་ལ་སོགས་པའི་བུ་སློབ་བདུན་གྱིས།  སྙིགས་མའི་འགྲོ་བ་རྣམས་ལ་བློའི་མུན་པ་སེལ་ཕྱིར་དང་།    བོད་ཁམས་འདིར་རྗེ་ཉིད་ཀྱི་སྤྲུལ་པ་ཇི་ཙམ་འབྱུང་།    དེ་རྣམས་ཀྱི་མཚན་བདག་ཅག་ལ་བསྟན་དུ་མཚལ།    ཞུས་པས།    རྗེ་བཙུན་ཡེ་ཤེས་ཀྱི་སྤྱན་ལྡན་གྱིས།  གསོན་དང་རྒྱལ་བློན་ཡོན་མཆེད་རྣམས།  །ང་ཡི་རིག་པའི་ཡེ་ཤེས་ཀྱིས།  །ཕྱོགས་ལྷུང་མེད་པར་གསལ་ལེ་མཁྱེན།   ང་ཡི་སྤྲུལ་བ་ཟ་ཧོར་ཡུལ་དག་ཏུ།   །བྱང་ཆུབ་སེམས་དཔའ་བོད་ཀྱི་བསྟན་པ་གསལ།   །ཨ་ཏི་ཤ་ཞེས་འགྲོ་བའི་སྐྱབས་མགོན་འབྱུང་།  །   ང་ཡི་གསུང་སྤྲུལ་སྡེ་སྣོད་རྒྱུད་སྡེ་འཛིན།   །པཎ་ཆེན་མིང་ལ་རིག་པའི་མཁྱེན་བརྩེ་རྒྱས།  །བོད་ཁམས་འདི་རུ་བསྟན་པའི་བདག་པོར་འགྱུར།   །ང་ཡི་ཕྱོགས་སྤྲུལ་གཙུག་ལག་འཛིན་པའི་བུ།  །གྲག་པ་མངོན་ཤེས་གཏེར་གྱི་དངོས་གྲུབ་རྙེད།  ། བདག་གི་སྤྲུལ་པ་པདྨའི་བསྟན་འཛིན་པ།  །རྡོ་རྗེ་གླིང་པ་གཏེར་གྱི་བསྟན་པ་སྐྱོང་།  །བདག་གི་སྤྲུལ་པ་རས་ཆུང་རྡོར་གྲགས་ཞེས།  །     རྒྱ་བོད་གཉིས་ལ་རླུང་ལྟར་འཕྱོ་བྱས་ནས།  །མཁའ་སྤྱོད་གནས་སུ་མཁའ་འགྲོའི་ཚོགས་དཔོན་བྱེད།  །བདག་གི་སྤྲུལ་པ་ཀུན་མཁྱེན་ཇོ་ནང་ཞེས།   །བོད་ཁམས་འདི་ན་མཁས་ཤིང་གྲུབ་མཉེས་པའི།   །བསྟན་པའི་སྲོག་འཛིན་མདོ་སྔགས་བདག་པོར་འགྱུར།  །ང་ཡི་སྤྲུལ་པ་བན་ངྷེ་གཡག་གི་མིང་།  །བོད་འདིར་མཁས་པའི་དབང་པོ་ཤེས་རབ་རྣམ་གཉིས་མཛེས།  །ང་ཡི་སྤྲུལ་པ་ཟངས་དཀར་ལོ་ཙྪ་ཞེས།  །ཆོས་འཁོར་ལྷ་སར་བསྟན་པའི་བྱ་བ་བྱེད།  །བདག་གི་སྨོན་ལམ་དབང་གི་སྐྱེས་བུ་ནི།  །གྲུབ་ཐོབ་མཁར་ནག་གདམས་ངག་བརྒྱུད་པ་སྤེལ།  །བཻ་རོའི་བྱིན་རླབས་ཨུ་རྒྱན་ཐུགས་ཀྱི་སྲས།  །ཀུན་སྐྱོང་མིང་ཅན་གཏེར་ཆོས་བསྟན་པ་སྐྱོང་།    །ཕྲིན་ལས་སྤྲུལ་པ་ཕག་མོ་གྲུ་ཞེས་པ།  །   དབུས་གཙང་ཁམས་གསུམ་མགོ་ནག་རྗེ་རུ་འགྱུར།  །ང་ཡི་སྤྲུལ་པ་སྨྱོས་སྒོམ་རས་པ་ཞེས།   །ཚ་བ་རོང་དང་མདོ་ཁམས་ཕྱོགས་སུ་ཡང་།   །འགྲོ་དོན་མཐར་ཕྱིན་མཁའ་སྤྱོད་གནས་སུ་བྱོན།  །གཞན་ཡང་སྤྲུལ་པ་དཔག་མེད་བརྗོད་ལས་འདས།   །མི་མཇེད་འཇིག་རྟེན་དྲུག་གི་ཞིང་རྣམས་སུ།   །མཁས་པ་བཻ་རོའི་སྤྲུལ་པ་གྲངས་ལས་འདས།   །གང་ལ་གང་འདུལ་འགྲོ་དོན་དེར་བྱེད་དོ།     །འོན་ཀྱང་བ་སྤུའི་བུ་ག་རེ་རེ་ནས་འོད་ཟེར་བྱེ་བ་འགྱེད།  །འོད་ཟེར་རེ་ལ་སྤྲུལ་པ་རེ་རེ་འགྱེད།   །པཎྜིཏ་དང་ལོ་ཙྪ་དགྲ་བཅོམ་དང་།  །གཏེར་སྟོན་གྲུབ་ཐོབ་རྣལ་འབྱོར་དགེ་སློང་དང་།  །རྒྱལ་པོ་བློན་འབངས་བཙུན་མོ་བུད་མེད་དང་།    །ཟས་དང་སྐོམ་དང་གོས་དང་ལོངས་སྤྱོད་དང་།   །མདོར་ན་འགྲོ་བ་ཡིད་ཀྱི་སྨོན་པ་ལ།  །གང་ལ་གང་འདོད་འགྲོ་དོན་རྫོགས་པར་བྱས།   །དེ་ལྟར་ཡིན་ནོ་བོད་འབངས་རྗེས་འཇུག་ཚོ།  །ད་ནི་བདག་ཀྱང་རིང་བོར་མི་གནས་པས།   །ལྗོན་ཤིང་སྟེང་ནས་བྱ་ཚོགས་འཕུར་བ་བཞིན།     །སྐད་ཅིག་མི་སྡོད་ཆོས་ཀྱི་དབྱིངས་སུ་འགྲོ།     །དགུང་སྔོན་དབྱིངས་ལ་ཉི་ཟླ་བཞུད་པ་བཞིན།   །སྐད་ཅིག་མི་སྡོད་འགྲོ་དོན་སྐྱོང་དུ་འགྲོ།   །ཞེས་གསུངས་ནས།      སྤྱན་ནམ་མཁའ་ལ་ཧར་གྱིས་གཟིགས།       

དེ་ནས་འཁོར་རྣམས་ཀྱིས་དགའ་སྟོན་གཏང་རག་གི་མཆོད་པ་དཔག་ཏུ་མེད་པ་ཕུལ། དུས་དེ་ཙ་ན་ལི་ཡུལ་ལྕང་ར་སྨུག་པོ་ན་བཙུན་མོ་ལི་ས་ཚུལ་ཁྲིམས་སྒྲོན་གྱིས་རྗེ་བཻ་རོ་བསམ་ཡས་སུ་བྱོན་པ་ཐོས་ནས་མཇལ་ཞིང་སྤྱན་འདྲེན་དུ་བྱོན།       སློབ་དཔོན་དང་མཇལ་ཏེ་དགོངས་པ་སྡུར་བས་དགོངས་པ་གཅིག་ཏུ་གྱུར་སྟབས་སློབ་དཔོན་ཤིན་ཏུ་མཉེས།   བཙུན་མོ་ལི་ས་ཚུལ་ཁྲིམས་སྒྲོལ་མ་ནི་ཕྱི་ནང་གསང་གསུམ་གྱི་མཚན་ཉིད་དང་ལྡན་པ།     བྱང་ཆུབ་སེམས་ཀྱི་བདེ་བ་ཟག་པ་མེད་པ་རྒྱས་པ་གནས་ལུགས་སྙིང་པོའི་དོན་ལ་དགོངས་པ་ཀློང་དུ་གྱུར།         དེ་ལ་རྗེ་བཻ་རོ་ཡུན་ཀྱི་དགོངས་པ་ལ་གཤེགས་པར་དགོངས་ནས་འཁོར་རྣམས་ལ་ཞལ་ཆེམས་སུ་གསུངས་ཏེ་དགོངས་པ་ལ་གཤེགས་པར་ཆས་པ་ལ།     གཡུ་སྒྲ་སྙིང་པོ་དང་།    སྤམ་སངས་རྒྱས་མགོན་པོ་དང་།    རྒྱ་བློ་གྲོས་གཞོན་ནུ་དང་།    སྦས་རྡོ་རྗེ་རྒྱལ་མཚན་དང་།   རྗེ་བློན་འབངས་འཁོར་རྣམས་ཀྱིས།     རྗེ་བཻ་རོ་ལ་བསྟན་པའི་སྙིང་བོ་འཚོལ་དུ་ཕྱིན་པ་ལ་བོད་དུ་བསྟན་པ་ཇི་ལྟར་བྱུང་ཚུལ་དང་།  བསྟན་པ་རྒྱ་གར་དུ་ཇི་ལྟར་རྒྱས་པ་དང་།    རྗེས་ཇི་ལྟར་རྙེད་ནས་བོད་དུ་བྱོན་ཚུལ་དང་།     བསམ་ཡས་སུ་ཇི་ལྟར་གསུངས་པ་དང་།    ཚ་བ་རོང་དུ་བསྟན་པ་ཇི་ལྟར་དར་བར་བྱས་པ་དང་།    ད་ལྟ་རྗེ་བཞུགས་ཡན་ཆད་ཀྱི་རྗེས་ལོ་རྒྱས་རྣམས་སྔར་བདག་ཅག་རྣམས་ལ་ཡང་རྗེས་གསུངས་པ་དང་།        སྐབས་ཀྱི་རྗེའི་མཛད་པ་དང་།   དཀར་ཆག་གི་དཔེ་ཡང་བདོག་པས་རྗེས་བདག་ཅག་རྣམས་ལ་ད་དུང་ལོ་རྒྱུས་དེ་རྣམས་དཀར་ཆག་དུ་གདབ་པར་ཞུས་འཚལ་ཞུས་པས།      རྗེས་ཞིབ་རྒྱས་གསུངས་སོ། །   དེར་སྔར་གྱི་སྤམ་ལ་སོགས་པ་དང་།   གཡུ་སྒྲ་དང་།   ཛྙཱ་ན་ལ་སོགས་པ་རྣམས་ཀྱིས་རྗེ་བཻ་རོས་གསུངས་པ་དང་།      སྔར་གྱི་དཀར་ཆག་དྲིལ་ནས་ཡི་གེ་བྲིས་སུ་བཏབ།      དེར་རྗེ་བཻ་རོའི་ཞལ་ནས།     དཀར་ཆག་གི་ལོ་རྒྱུས་འདི་ནི་རྒྱལ་བ་རྣམས་ཀྱི་དགོངས་པའི་བཅུད་དང་བླ་མ་རྣམས་ཀྱི་ཉམས་དང་།     དགོངས་པ་མངོན་དུ་ཕྱུང་ནས་བསྟན་པས་དགོངས་པའི་སྤྱི་མཛོད་ཡིན།    སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་བྱུང་ཞིང་ཇི་ལྟར་བརྒྱུད་པའི་ལོ་རྒྱུས་གསལ་བར་སྟོན་པས་ལོ་རྒྱུས་དོན་གྱི་བཤད་ཐབས་ཡིན།        ལོ་རྒྱུས་འདི་དང་ཕྲད་པ་རྣམས་རྒྱལ་བ་སྐུ་ལྔ་དང་།     བཀའ་བརྒྱུད་ཀྱི་རིག་འཛིན་རྣམས་དང་།   རྗེ་བཻ་རོ་དང་དངོས་སུ་མཇལ་བ་དང་འདྲ་བས་འདྲ་འབག་ཆེན་མོ་ཞེས་ཀྱང་བྱ་བ་ཡིན་ནོ།   །    སངས་རྒྱས་ཀྱི་བསྟན་པ་བྱུང་ཚུལ་གྱི་སྒོ་ནས་ལོ་རྒྱུས་དོན་གྱི་བཤད་ཐབས་རྩོལ་མེད་བསྟན་པའི་དཀར་ཆག་ཡིན།    །དེ་ནས་ཡང་བཻ་རོ་ལ་ཕྱག་འཚལ་ཞབས་སྤྱི་བོར་བླངས་ནས།   བདག་ཅག་རྣམས་ལ་ཐུགས་རྗེས་གཟིགས་པར་འཚལ།    གདམས་ངག་རྣམས་ཇི་ལྟར་བྱས་ལ་ཉམས་སུ་བླང་ཞེས་ཞུས་པས།    རྗེ་བཻ་རོའི་ཞལ་ནས་ནམ་མཁའི་ཁམས་དང་ཉི་ཟླ་གཟའ་སྐར་འདུ་འབྲལ་མེད་པ་ལྟར་ང་དང་ཁྱེད་རྣམས་ལ་སོགས་པ་ང་ལ་མོས་གུས་བྱེད་པ་རྣམས་དགོངས་པ་ཆོས་ཀྱི་དབྱིངས་ལས་འདུ་འབྲལ་མེད་པས་ནམ་ཡང་མི་འབྲལ་བར་ཐུགས་རྗེས་བཟུང་གིས་གསོལ་བ་ཐོབས་ཤིག    ཁྱེད་རྣམས་འཇིག་རྟེན་འཁོར་བའི་ཆོས་ལ་སྒྲུབ་བྱ་མ་བྱེད།    སྙིང་རྗེ་ཆེན་པོས་གདུལ་བྱ་ཡལ་བར་མ་འདོར།   མོས་གུས་ཆེན་པོས་བླ་མ་དང་སྐད་ཅིག་ཀྱང་འབྲལ་བར་མ་བྱེད།    ཤེས་རབ་ཆེན་པོས་དུས་ནམ་ཡང་རང་ལས་གཞན་དུ་མ་ལྟ་ཞིག་གསུངས་ནས།     སློབ་དཔོན་ཆེན་པོ་དེ་ཉིད་བསམ་ཡས་ཧས་པོ་རིའི་རྩེར།   གཡུ་སྒྲས་གཙོས་པའི་བུ་སློབ་བདུན་དང་།    རྗེ་མངའ་བདག་གཙོས་པའི་རྗེ་འབངས་ཉེར་ལྔ།    བཙུན་མོ་ལི་ས་ཚུལ་ཁྲིམས་སྒྲོལ་མ་ནམ་མཁའ་ལ་གློག་འཁྱུག་པ་བཞིན་བྱུང་སྟེ། དེ་དུས་རྗེ་བཙུན་ཉིད་སྤྱན་ནམ་མཁའ་ལ་གཟིགས་ཅིང་ཕྱག་ཞབས་གར་སྟབས་དཔག་མེད་བསྒྱུར།     ནམ་མཁའི་ཕྱོགས་བཞི་མཚམས་བརྒྱད་ནས།    རིགས་ལྔ་བདེ་གཤེགས་དཔའ་བོ་མཁའ་འགྲོ་དང་།    བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས།   ནམ་མཁའ་ཁམས་སུ་ཆར་སྤྲིན་ཇི་བཞིན་འདུས།    འཇའ་འོད་ལྔ་ཡི་རྗེ་བཙུན་ཉིད་ལ་འཁོར་བདུན་བསྐོར་བར་འདུག  དེ་དུས་རྗེ་འབངས་བུ་སློབ་རྣམས་ཀྱིས།    ཚོགས་ཀྱི་འཁོར་ལོ་རྒྱ་ཆེ་དཔངས་མཐོ་བ།   ཕྱི་ནང་གསང་བའི་མཆོད་པ་དཔག་མེད་བཤམས།    རྗེ་བཙུན་གཡུ་སྒྲ་ཉིད་ཀྱིས་གཙོས་པའི་བུ་སློབ་རྗེ་འབངས་ཐམས་ཅད་ཀྱིས།   མགྲིན་དབྱངས་གཅིག་གིས་རྗེ་བཙུན་ཉིད་ལ་རྗེ་ཡིས་ཐུགས་རྗེས་གཟིགས་ནས་བདག་ཅག་མ་བསྐྱུར་མཛོད་ཅེས་གསོལ་བ་བཏབ།    འོ་དོད་དང་སྨྲེ་ངག་མང་པོ་ཕྱུང་སྟེ།    ཕྱག་དང་བསྐོར་བ་གྲངས་མེད་པ་བྱས།   རྗེ་འབངས་ཐམས་ཅད་རྗེ་བཙུན་གྱི་སྤྱན་སྔར་འདུས་ཏེ།   སློབ་དཔོན་ཆེན་པོ་བཻ་རོས།     ཁྱེད་རྣམས་མྱ་ངན་འདོན་མི་འཚལ།  །བཻ་རོ་ང་ལ་འགྲོ་སྡོད་གཉིས་སུ་མེད།  །ཞེས་པ་སོགས་གསུངས་ནས།   ཕྱག་གཡས་སེང་ལྡེང་གི་ཌ་མ་རུ་བཀྲོལ་ཏེ།    སྐད་ཅིག་ལ་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་བཏེགས་ཏེ།    མདུན་གྱི་ནམ་མཁར།     འཇའ་འོད་སྤུངས་དུ་བྱས་ནས་འཁྱེལ་ལེ་བཞུགས་ཏེ།     རྗེས་འཇུག་རྣམས་ལ།   ཚིག་ལ་མཁས་པས་མཁས་པ་མིན།། ཚིག་དོན་འགྲེལ་ན་ཡར་ལ་ཤོག   །ཞེས་སོགས་ཀྱང་གསུངས་ནས།    ཌ་མ་རུའི་སྒྲ་དང་ཆོས་གོས་ཀྱི་གཡང་གཡུག་བརྒྱབ་པས།  གཡུ་སྒྲ་དང་ལི་ས་ཚིལ་ཁྲིམས་སྒྲོལ་མས་གཙོས་པའི་བུ་སློབ་བདུན་ནམ་མཁའ་ལ་གློག་རྒྱུག་པ་བཞིན་མི་གསལ་བར་མཁའ་ལ་གཤེགས།     མངའ་བདག་རྒྱལ་བློན་ཐམས་ཅད་ཀྱི་འོ་དོད་སྨྲེ་ངག་འདོན་ཞིང་ཕྱག་མང་དུ་འཚལ།    རྗེ་བཙུན་ཉིད་འཁོར་དཔག་ཏུ་མེད་པས་བསྐོར།    མངོན་སུམ་དུ་མཇལ་ནས་བརྡ་ཆོས་མང་པོ་གནང་།     དེ་ལྟར་བོད་ཀྱི་གདུལ་བྱ་རྫོགས་ནས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའོ།།།།       
གསར་འགོད་པ། དཀོན་མཆོག་འབངས། 

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5861438
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号